མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལ་རེ་བ་བཅོལ་རྒྱུ་ཞེ་དྲཊ་ཡོད་པ་མ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཇཱ་ཎཱ་ཊ་ཌལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཨ་རུན་ཀུ་མར་མཆོག་གིས་ང་ཚོའི་ཚོགས་པ་འདི་རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་ཁོངས་སུ་ཐེངས་ཁ་ཤས་བསླེབས་ཡོད་ཀྱང་། བློ་ཕམ་པ་ཞིག་ལ་ང་ཚོས་བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་བྱེད་ཐུབ་ཡོད་པ་མ་རེད་ཅེས་བརྗོད་སོང་།

DSC_9093དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༠༠ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཚོགས་དྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཇཱ་ཎཱ་ཊ་ཌལ་མཉམ་སྦྲེལ་ཚོགས་ (Janata Dal United) པའི་སྤྱི་ཁྱབ་དྲུང་ཆེ་ཨ་རུན་ཀུ་མར་ (Shri. Arun Kumar Shrivastava) མཆོག་དང་། ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་ཨཱ་མཱ་ཌ་ཁཱན་ (Afque Ahmad Khan) མཆོག་རྣམ་གཉིས་ཀྱིས་བོད་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

 

བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ད་བར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཇཱ་ཎཱ་ཊ་ཌལ་མཉམ་སྦྲེལ་ཚོགས་པ་དང་ཚོགས་པའི་དྲུང་ཆེ་རྣམ་གཉིས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གང་འདྲ་གནང་ཡོད་མེད་དང་། ཐེངས་འདིའི་གསར་འགོད་ལྷན་ཚོགས་སྐོང་དགོས་དོན་བཅས་ཀྱི་ཐོག་ངོ་སྤྲོད་གཏམ་བཤད་གནང་བ་དང་འབྲེལ་ཁོང་རྣམ་གཉིས་ལ་འབོད་སྐུལ་གནང་དོན། སྔོན་མ་ཇཱ་ཎཱ་ཊ་ཌལ་མཉམ་སྦྲེལ་ཚོགས་པས་བོད་དོན་ཐོག་གྲོས་ཆོད་གཅིག་བཞག་ཡོད་པ་མ་ཟད། ལོ་རྗེས་མའི་ནང་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་འཚོགས་རྒྱུ་ཡིན་སྟབས། སྐབས་དེར་ཚོགས་པའི་ངོས་ནས་སྔར་བཞིན་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་འཇོག་གནང་ཡོང་བ་དང་། ཕྱིས་འབྱུང་ཚོགས་པའི་གྲོས་ཚོགས་འཐུས་མི་གང་མང་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་ཞུགས་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་པ་མ་ཟད། བོད་མིའི་འཚོ་རྟེན་གཙོ་བོ་ནི་དགུན་དུས་བལ་གོས་བཙོངས་ནས་འཚོ་བ་སྐྱེལ་བཞིན་ཡོད་སྟབས། རྒྱ་གར་བྷི་ཧར་མངའ་སྡེའི་རྒྱལ་ས་གཙོས་ས་ཁུལ་ཁག་ཏུ་བོད་མི་བལ་གོས་འཚོང་མཁན་དང་། གནས་ཆེན་ཁག་ཏུ་ཡོད་པའི་བོད་དགོན་ཁག་ལ་སྔར་བཞིན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་བརྗོད་སོང་།

 

རྒྱ་གར་ཇཱ་ཎཱ་ཊ་ཌལ་མཉམ་སྦྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཨ་རུན་ཀུ་མར་མཆོག་གིས་རྒྱལ་སྤྱིའི་སྟེང་བོད་རིགས་གཞོན་སྐྱེས་ཚོས་སྔར་བས་བོད་དོན་འཐབ་རྩོད་བྱེད་དགོས་སྐོར་གཏམ་བཤད་གནང་དོན། ཕྲན་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་སྟབས། ཕྱིས་སུ་ཆབ་སྲིད་ཚོགས་པའི་ནང་འཛུལ་ཏེ། སྤྱི་ཚོགས་རིང་ལུགས་པ་ཇའེ་ཡཱ་པར་ཀཱ་ཤཱི་ནཱ་རན་ཡན་(Jayaprakash Narayan)། རམ་མ་ནོ་ཧར་ལོ་ཧི་ཡ་(Ram ManoharLohia) མཆོག ཨ་ཅྰ་རྱ་ཎ་རེན་དྷ་དེབ་མཆོག ཇོར་ཇི་ཕར་ནན་ཌི་སི་མཆོག་བཅས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཞུས་ཡོད་པ་རེད། རྒྱ་ནག་གིས་ཁོ་ཚོ་དམར་པོའི་གཞུང་ཡིན་ལབ་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་སྟེ། བོད་མི་དག་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་ཆགས་ནས་བོད་མི་ཚོས་བཟོད་ཐབས་བྲལ་ནས་བཙན་བྱོལ་ནང་སླེབ་དགོས་བྱུང་ཡོད་སྟབས། གལ་སྲིད་མ་འོངས་པའི་ལོ་བཅུའི་ནང་ཚུད་དུ་བོད་དོན་བདེན་མཐའ་སེལ་མ་ཐུབ་པ་ཡིན་ན། རྒྱ་མི་ཕོན་ཆེ་བོད་ནང་གནས་སྤོས་ཏེ་བོད་མི་ཚོར་རང་བཞིན་གྱིས་དཀའ་ངལ་འཕྲད་རྒྱུ་རེད། ༧གོང་ས་མཆོག་ལ་རྒྱལ་སྤྱིའི་ཐོག་མཚན་སྙན་གྲགས་དང་དད་གུས་ཞུ་མཁན་ཧ་ཅང་མང་པོ་ཡོད་སྟབས། བོད་མི་ཚོས་ཁེ་ཕན་དེ་ལོངས་སྤྱོད་ཐུབ་དགོས་པ་མ་ཟད། བོད་རིགས་གཞོན་སྐྱེས་ཚོས་བོད་དོན་བདེན་མཐའ་སེལ་ཆེད་རྒྱལ་སྤྱིའི་ཐོག་མུ་མཐུད་ལས་འགུལ་སྤེལ་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་ཡོད། ང་ཚོའི་ཚོགས་པ་འདི་རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་ཁོངས་ཐེངས་ཁ་ཤས་བསླེབས་ཡོད་ཀྱང་། བློ་ཕམ་པ་ཞིག་ལ་ང་ཚོས་བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་བྱེད་ཐུབ་ཡོད་པ་མ་རེད། ཅེས་སོགས་བརྗོད་སོང་།

 

ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་ཨཱ་མཱ་ཌ་ཁཱན་མཆོག་གིས། ང་སློབ་ཕྲུག་ཡིན་སྐབས་ཚོགས་པའི་ངོས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཐག་གཅོད་གནང་ཡོད་སྟབས། ཕྲན་བྷི་ཧར་ནས་ལྡི་ལིར་ཡོང་བ་ཡིན། སྐབས་དེར་རྒྱ་ནག་གི་སྲིད་བློན་ལི་ཧྥང་རྒྱ་གར་ལ་རྒྱལ་དོན་སྐོར་སྐྱོད་བྱེད་པར་འབྱོར་ཡོད་སྟབས། ང་དང་རོགས་པ་ཞིག་གླ་འཁོར་ནང་བསྡད་ནས་ལི་ཧྥང་གི་འདྲ་གཟུགས་ཤིག་འཁྱེར་ཏེ། བོད་མི་ཚོས་ངོ་རྒོལ་རྒྱག་ཡུལ་གྱི་རྒྱ་ནག་གི་གཞུང་ཚབ་ཁང་ཕྱོགས་སུ་ཡོང་སྐབས། ཉེན་རྟོག་པས་འཇུ་བཟུང་བཙོན་འཇུག་བྱས་སོང་། དེ་ནི་ངའི་མི་ཚེའི་ནང་གི་ལས་འགུལ་ཐོག་མ་ཡིན་པ་མ་ཟད། དེ་ཡང་བོད་དོན་དང་འབྲེལ་ནས་བཙོན་འཇུག་བྱས་པ་ཞིག་ཀྱང་ཆགས་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

 

མཇུག་ཏུ་གསར་འགོད་པས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཨ་རུན་ཀུ་མར་མཆོག་ལ་སྐུ་ཉིད་ཀྱི་ཚོགས་པའི་ངོས་ནས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དབུ་མའི་ལམ་ཆགས་ཡོད་སྟབས། དེའི་ཐད་དགོངས་ཚུལ་གང་ཡོད་དྲིས་པར་ཁོང་གིས། ང་རང་སྒེར་ངོས་ནས་དབུ་མའི་ལམ་ལ་ཡིད་ཆེས་གང་ཡང་མེད་ཀྱང་། བོད་རང་བཙན་རྩོད་ལེན་བྱ་རྒྱུར་དབུ་མའི་ལམ་བཟང་བ་ཡོད་ན། དེའི་ཐོག་བསྐྱོད་དགོས་པ་ཞིག་རེད། ཅེས་བརྗོད་སོང་།

 

གསར་འགོད་པ་གཞན་ཞིག་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་བས་བོད་དོན་ཐོག་འགན་ཁུར་བླངས་ནས་རྒྱབ་སྐྱོར་གནང་ཡོད་ཀྱང་། ད་བར་ངེས་པ་བརྙེད་པའི་དོན་འབྲས་མ་ཐོན་པའི་རྒྱུ་རྐྱེན་གང་ཡིན་དྲིས་པར་ཁོང་གིས། རྒྱ་གར་གྱི་དམངས་གཙོ་ནི་ཕྱི་ཚུལ་གྱི་རྣམ་པ་སྟོན་རྒྱུ་ཙམ་ཞིག་ཡིན་པ་ལས་ཡང་དག་ཅིག་མིན་སྟབས། རྒྱ་གར་ལ་རེ་བ་བཅོལ་རྒྱུ་ཞེ་དྲགས་ཡོད་པ་མ་རེད། ཅེས་བརྗོད་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese