མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ནང་དམར་གསོད་དོན་རྐྱེན་བྱུང་།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་སན་བྷི་ནར་ཌི་ནོ་ཡི་ན་གཞོན་དབང་པོ་སྐྱོན་ཅན་སྨན་བཅོས་བདག་སྐྱོང་ཁང་ཞིག་ཏུ་མེ་མདས་བརྒྱབ་སྟེ་མི་ ༡༤ དམར་གསོད་བཏང་ཡོད་འདུག

 

23344ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ས་གནས་ཀྱི་ཆུ་ཚོད་ ༡༡ ཐོག ཨ་རིའི་ཁ་ལི་ཧྥོར་ནི་ཡའི་(California)ལྷོ་ཕྱོགས་གྲོང་ཁྱེར་སན་བྷིར་ནར་ཌི་ནོ་(San Bernardino)རུ་ཡོད་པའི་ན་གཞོན་དབང་པོ་སྐྱོན་ཅན་སྨན་བཅོས་བདག་སྐྱོང་ཁང་ཞིག་ཏུ། གློ་བུར་དུ་མེ་མདས་བརྒྱབ་སྟེ་མི་གྲངས་ ༡༤ དམར་གསོད་དང་ཉུང་མཐར་མི་ ༡༧ ལ་རྨས་སྐྱོན་བཟོས་ཡོད་འདུག

 

སན་བྷིར་ནར་ཌི་ནོ་གྲོང་ཁྱེར་ཉེན་རྟོག་ཁང་གིས། ཉུང་མཐར་དོགས་ཡོད་མེ་མདའ་རྒྱག་མཁན་གསུམ་ཡུལ་དངོས་ནས་བྲོས་ཕྱིན་ཡོད་པ་དང་། ཁོ་ཚོས་དྲག་ཆས་རིགས་མང་པོ་འཁུར་ཡོད་པ་མ་ཟད། མདའ་འགོག་སྲུང་ཆས་ཀྱང་གྱོན་ཡོད་སྲིད་ལ། ཉེན་རྟོག་ཕྱོགས་ནས་ཉེས་ཅན་རྩད་གཅོད་བྱེད་སྐབས། དོན་རྐྱེན་བྱུང་ཡུལ་ནས་བྲོས་ཕྱིན་པའི་དོགས་ཡོད་རླངས་འཁོར་ཞིག་ལ་རྗེས་འདེད་བཏང་སྟེ་བཀོག་འགོག་བྱེད་སྐབས། ཉེན་རྟོག་པ་དང་དོགས་ཡོད་ཉེས་ཅན་བར་མེ་མདས་རྒྱག་རེས་བྱས་ཏེ། དོགས་ཡོད་ཉེས་ཅན་ ༢ ཡུལ་དངོས་སུ་བསད་པ་དང་། མི་གཅིག་འཛིན་བཟུང་བྱས་ཡོད་ལ། རླངས་འཁོར་ནང་གི་དོགས་ཡོད་དངོས་རྫས་ལ་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་སྐོར་བརྗོད་འདུག

 

ཨ་རིའི་མཉམ་འབྲེལ་ཞིབ་བཤེར་ཁང་གི་འགན་འཛིན་ལས་རོགས་ཌཱ་ཝེ་ཌི་བྷོ་ཌི་ཆི་(David Bowdich)ལགས་ཀྱིས་དམར་གསོད་དོན་རྐྱེན་དེ་འཇིགས་སྐུལ་རིང་ལུགས་པས་སྤེལ་བ་ཞིག་ཡིན་སྲིད་ཀྱང་། ད་ལྟའི་ཆར་ངེས་གཏན་མེད་སྐོར་བརྗོད་འདུག་ལ། མིང་མ་བརྗོད་པའི་ཁྲིམས་འཛིན་མི་སྣ་ཞིག་གིས་མེ་མདའ་རྒྱག་མཁན་གཅིག་སྨན་བཅོས་བདག་སྐྱོང་ཁང་དེའི་ལས་བྱེད་ཅིག་ཡིན་ཞིང་། ལས་བྱེད་རྣམས་བང་སྒྲིག་སྐབས་ལས་རོགས་ཤིག་དང་རྩོད་པ་ཤོར་ནས་ཕྱིར་ཐོན་སོང་བ་དང་། ཕྱིས་སུ་མི་གཅིག་གཉིས་ཤིག་ཁྲིད་ཡོང་སྟེ་གང་བྱུང་མེ་མདའ་བརྒྱབ་ཡོད་སྐོར་བརྗོད་འདུག

 

དམར་གསོད་དོན་རྐྱེན་བྱུང་རྗེས། སྲིད་འཛིན་ཨོ་བྷ་མས་ཨ་རིའི་ནང་གི་མེ་མདའི་དམར་གསོད་དོན་རྐྱེན་དེ་འཛམ་གླིང་གི་ཡུལ་ལུང་གང་དུའང་བྱུང་གི་མེད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་སྟབས། ངེས་པར་དུ་ཨ་རིའི་ནང་བདེ་འཇགས་ཡོང་ཐབས་བྱེད་དགོས་སྐོར་བརྗོད་འདུག

 

སྤྱིར་བཏང་སན་བྷིར་ནར་ཌི་ནོ་གྲོང་ཁྱེར་ནང་མི་གྲངས་ཁྲི་ ༢༡ ལྷག་ལས་མེད་ཀྱང་། འདས་པའི་ལོ་བཅུ་གྲངས་ནང་གྲོང་ཁྱེར་དེའི་ནང་ལཱ་ཏེན་ཨ་མེ་རུ་ཁ་དང་ཨེ་ཤ་ཡ། དཀྱིལ་ཤར་ཡུལ་གྲུ་ཁག་ནས་སྐྱབས་བཅོལ་བ་ཧ་ཅང་མང་པོ་འབྱོར་ཡོད་སྟབས། ད་ལྟའི་ཆར་མི་གྲངས་འབུམ་ ༣༨ ལྷག་ཡོད་པའི་ཨ་རིའི་མི་འབོར་ཆེ་ཤོས་ཀྱི་གྲོང་ཁྱེར་ལོ་སི་ཨན་ཇེ་ལི་སིའི་(Los Angeles)མི་འབོར་དང་འདྲ་པོ་ཆགས་ཀྱི་ཡོད་འདུག

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

སྐར་མ ༡༢ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese