མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་མཚན་ནོར་བུ་བཀྲ་ཤིས་ལྷུན་པོའི་གཙོ་འཛིན་དུ་བསྐོས་པ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཁྲི་འདོན་བྱས་ཏེ་ལོ་ ༢༠ འཁོར་བའི་མཛད་སྒོའི་སྟེང་། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོ་ཡིས་རྒྱལ་མཚན་ནོར་བུ་དངོས་སུ་གཙང་བཀྲ་ཤེས་ལྷུན་པོའི་དོ་དམ་ཨུ་ལྷན་གཙོ་འཛིན་དུ་བསྐོས་པའི་དཔང་ཡིག་སྤྲད་ཡོད་འདུག

 

134897518_14496224973691nརོའུ་ཊར་གསང་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཁྲི་འདོན་བྱས་ཏེ་ལོ་ ༢༠ འཁོར་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོ་དེའི་སྟེང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོ་ཡིས། པཎ་ཆེན་རྒྱལ་མཚན་ནོར་བུ་དགོན་པའི་དོ་དམ་ཨུ་ལྷན་གྱི་གཙོ་འཛིན་ལ་དངོས་སུ་བསྐོ་བཞག་བྱས་པའི་དཔང་ཡིག་ཅིག་སྤྲད་ཡོད་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་བླ་མའི་ཡང་སྲིད་ངོ་མ་མིན་པར། རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་པཎ་ཆེན་བླ་མ་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོ་མ་ཡིན་པ་དང་། ཁོའི་རེ་བར་པཎ་ཆེན་རྒྱལ་མཚན་ནོར་བུས་མེས་རྒྱལ་གོང་བུ་ཆིག་གྱུར་གྱི་འགན་སྲུང་ལ་དམར་ཤོག་ཚོགས་པ་དང་མཉམ་དུ་མདུན་སྐྱོད་བྱེད་པའི་ཡིད་ཆེས་ཡོད། ཅེས་སོགས་བརྗོད་ཡོད་འདུག

 

ཡང་ཁོས་སྐྱབས་བཅོལ་དུ་ཡོད་པའི་ཏཱ་ལའི་བླ་མ་དང་ཁ་བྲལ་རིགས་ལུགས་པར་དོགས་ཟོན་དགོས་སྐོར་དང་། ནང་བསྟན་ཆོས་ལུགས་ནི་ལོ་རྒྱུས་རང་བཞིན་ལྡན་པའི་དར་འཕེལ་བྱུང་བ་ཞིག་ཡིན་སྟབས། ནང་པ་བ་ཚང་མས་ཆོས་ལུགས་ཀྱི་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་ལུགས་སོགས་བརྗོད་འདུག

 

རོའུ་ཊར་གསར་ཁང་གིས་འདིའི་སྐོར་གྱི་གནས་ཚུལ་སྤེལ་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སང་གེ་མཆོག་གིས་གསར་འགོད་པར། རྒྱ་ནག་གི་དབང་འཛིན་པ་ཚོས་གནད་དོན་འདིའི་ཐད་ལ་ཁྲིམས་མཐུན་ལུགས་མཐུན་དང་ཡིད་རྟོན་འཕེར་བའི་ལས་ཀ་ཞིག་བྱས་མེད་སྐོར་བརྗོད་ཡོད་འདུག

 

གནས་ཚུལ་འདིའི་ནང་མུ་མཐུད་དུ། རྒྱ་ནག་གི་བཙན་དབང་འོག་༧གོང་ས་ཏཱ་ལའི་བླ་མས་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་བར་གར་ཁྲིད་གང་ཡོད་ཤེས་རྟོགས་མེད་པ་ཆགས་པའི་གནད་དོན་འདི་བོད་རྒྱ་གཉིས་བར་གྱི་རྩོད་གཞི་གཙོ་བོ་ཞིག་དང་། གཞིས་བྱེས་བོད་མིའི་སེམས་ཁུར་ཆེས་ཤོས་ཤིག་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ནི་བོད་རྒྱ་གོང་བུ་གཅིག་གྱུར་ཡོང་ཐབས་ཀྱི་ལྡེ་མིག་ལྟ་བུ་ཞིག་ཏུ་ངོས་འཛིན་དང་རེ་སྒུག་བྱེད་ཀྱི་ཡོད་སྐོར་སོགས་འཁོད་འདུག

 

གསར་འགོད་པ། པདྨ་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese