མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་སྒོར་ས་ཡ་ ༦ གི་རོགས་དངུལ་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

ཨ་རིའི་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐུབ་ཆེད་ཨ་སྒོར་ས་ཡ་དྲུག་གི་རོགས་དངུལ་གནང་རྒྱུ་གཏན་འབེབས་གནང་འདུག

 

ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་ལོ་ ༢༠༡༦ ལོའི་རྒྱ་གར་དང་བལ་ཡུལ་ནང་དུ་གནས་སྡོད་བྱེད་བཞིན་པའི་སྐྱབས་བཅོལ་བོད་མི་རྣམས་ཀྱི་འཚོ་ཐབས་ལ་རྒྱབ་སྐྱོར་དང་། བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་ཨ་སྒོར་ས་ཡ་ ༦ གི་རོགས་སྐྱོར་གནང་རྒྱུ་ཐག་གཅོད་བྱས་འདུག

 

ཨ་རིའི་གྲོས་ཚོགས་ཀྱི་དམིགས་བཀར་སྔོན་རྩིས་ཀྱི་ཁྲིམས་འཆར་ནང་འཁོད་དོན། “གྲོས་ཚོགས་ཀྱིས་༼དཔལ་འབྱོར་རོགས་དངུལ༽ཞེས་པའི་ཁྲིམས་འཆར་འོག བོད་མིའི་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་ཡོང་ཐབས་གཙོས། རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བྱེད་བཞིན་ཡོད་པའི་བོད་མིའི་འཚོ་ཐབས་དང་གཞོན་སྐྱེས་ཀྱི་ཤེས་ཡོན་ཐོག་རྒྱབ་སྐྱོར་དང་། བོད་མིའི་མི་རབས་གསར་བའི་མགོ་ཁྲིད་སྐྱེད་སྲིང་སོགས་ཀྱི་ཆེད་ཨ་སྒོར་ས་ཡ་དྲུག་ལས་མི་ཉུང་བའི་རོགས་དངུལ་སྤྲོད་རྒྱུ་ཡིན།”ཞེས་བཀོད་འདུག

 

ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་འཚོ་ཐབས་དང་ཤེས་ཡོན་ཡར་རྒྱས་གཏོང་ཆེད་ཨ་སྒོར་ས་ཡ་ ༣ ཡི་རོགས་དངུལ་སྤྲད་ཡོད་པ་དང་། ད་ཐེངས་ཨ་རིའི་གྲོས་ཚོགས་ཀྱིས་དེ་སྔོན་ཨ་རིའི་གཞུང་གིས་རོགས་དངུལ་གནང་བ་དེའི་ཐོག་བརྒྱ་ཆ་ལྔ་བཅུ་སྤར་ཆ་གནང་སྟེ། ཨ་སྒོར་ས་ཡ་དྲུག་གནང་རྒྱུ་ཐག་གཅོད་གནང་ཡོད་པ་རེད།

 

ཐེངས་འདིའི་རོགས་དངུལ་དེ་ནི། ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་ཁོངས་སུ། དམག་དོན་དང་དྲ་རྒྱའི་བདེ་འཇགས། རྡོ་སྣུམ་ཕྱིར་ཚོང་དང་དཔྱ་ཁྲལ་ཆག་ཡང་། རྒྱལ་སྤྱིའི་དངུལ་རྩའི་ཐེབས་རྩར་བཅོས་བསྒྱུར་དང་ཐོངས་མཆན་ལག་ཁྱེར་དམ་བསྒྲགས། སྤྱི་ཚོགས་བདེ་ཐབས་ལ་ཕན་པའི་ལས་འགུལ་སོགས་ཀྱི་ཆེད་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༡།༨ ཡི་སྔོན་རྩིས་གཏན་འབེབས་བྱས་པའི་ཁོངས་ནས་དཔལ་འབྱོར་གྱི་རོགས་དངུལ་ (economic support fund) ཞེས་པའི་ཁྲིམས་འཆར་འོག་གནང་བ་ཞིག་ཡིན་འདུག

 

དེའི་ཐད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། “ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ནས་ཐེངས་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་རྒྱུན་གནས་ཐུབ་ཐབས་ཆེད་མཐུན་འགྱུར་རོགས་རམ་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་དྲིན་སྙིང་ལ་བཅང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།”ཞེས་གསུངས་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. པ་སངས་རྒྱ་མཚོ་ says:
    ལོ་ 10 སྔོན།

    དོན་དངོས་ལ་ངོས་ལེན་བྱེད་ན་ཡག་པོ་རེད་འཇོན་ཐང་ཡིན་མདོག་བྱེད་པ་མ་རེད་ཁོང་གི་འཇོན་ཐང་རེད།

    Reply
  2. འདམ་སྐྱེས། says:
    ལོ་ 10 སྔོན།

    འདི་བཞིན་རོགས་རམ་གནང་མཁན་དང་ད་ལྟའི་སྲིད་སྐྱོང་ལས་ཐོག་པ་བཅས་ལ་ལེགས་བརྗོད་དང་། འདི་བཞིན་ཆོས་དངརིག་གཞུང་ཆེད་གནང་བ་ཐེང་དང་པོ་ཡིན་པ་མ་ཟད་དགོས་ངེས་ཐོག་རོགས་ཕན་གནང་འདུག་པས་རྗེས་སུ་ཡིད་རངས་ཡོད།

    Reply
  3. རྨ་དུག་ལྕེ། says:
    ལོ་ 11 སྔོན།

    ཡང་བློ་སེང་གིས་ཁོས་འཇོན་ཐང་ཡིན་མདོག་བཤད་ཀྱི་རེད། ཚང་མས་དོ་སྣང་བྱོས་ཨ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese