མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་མི་ཆོག

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཆོས་ལུགས་དད་མོས་དང་སྤྱི་ཚོགས་བདེ་འཇགས་སོགས་རྒྱུ་མཚན་གཉིས་ཀྱི་ཐོག་ནས་སོ་ལ་ལེ་ཡཱ་རྒྱལ་ཁབ་ཀྱི་ཁ་ཆེ་བའི་སྤྱི་ཚོགས་ནང་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་བྱེད་མི་ཆོག་ཟེར།

brunei_christmas_300རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ནས་སོ་མ་ལེ་ཡ་ (Somalia) སྤྱི་མཐུན་སྲིད་གཞུང་གིས་ཁ་ཆེ་བའི་སྤྱི་ཚོགས་ནང་ཡེ་ཤུའི་འཁྲུངས་སྐོར་སྲུང་གཙི་བཀག་སྡོམ་བྱེད་ཀྱི་ཡོད་འདུག

སོ་མ་ལེ་ཡའི་ཆོས་རིགས་ལྷན་ཁང་གི་འགན་འཛིན་མཱོ་ཧ་མི་ཌི་ཁེ་རའོ་ (Sheikh Mohamed Kheyrow) ཟེར་བ་ཞིག་གིས། འདི་ནི་ཡེ་ཤུ་བ་ཁོ་ནའི་དུས་ཆེན་ཡིན་དུས། ཁ་ཆེ་བས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་མི་ཆོག འདི་ཆོས་ལུགས་གྲུབ་མཐའ་ཁག་གི་དད་མོས་ལ་ཐུག་པའི་གནད་དོན་ཞིག་ཡིན། ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་གུང་གསེང་དང་དཀྲོལ་རྡུང་གླུ་གཞས་སོགས་ང་ཚོ་ཁ་ཆེ་བར་འབྲེལ་བ་མེད། ང་ཚོ་ཆོས་རིགས་ལྷན་ཁང་གི་ངོས་ནས་སོ་མ་ལེ་ཡའི་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་དང་ཉེན་རྟོག་ཁང་། དེ་བཞིན། སྲིད་གཞུང་གི་དཔོན་རིགས་ཚོར་ཡེ་ཤུའི་འཁྲུངས་སྐར་སྲུང་གཙི་བཀག་སྡོམ་དགོས་པའི་བཀའ་ཁྱབ་བཏང་ཡོད། ཅེས་བརྗོད་འདུག

སོ་མ་ལེ་ཡ་སྤྱི་མཐུན་སྲིད་གཞུང་གི་མགྲིན་ཚབ་པ་ཧལ་ལིན་ (Abdifatah Halane) ཟེར་བ་ཞིག་གིས། རྒྱུ་མཚན་གཉིས་ཀྱི་ཐོག་ནས་སོ་མ་ལེ་ཡ་རྒྱལ་ནང་དུ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་མི་ཆོག གཅིག་སོ་མ་ལེ་ཡའི་ཡུལ་མི་ཚང་མ་ཁ་ཆེ་བ་ཡིན་པ་དང་འདི་གར་ཡེ་ཤུ་བའི་སྤྱི་མང་གཅིག་ཀྱང་མེད། གཉིས་སོ་མ་ལེ་ཡའི་སྤྱི་མང་བདེ་འཇགས་ཀྱི་སླད་དུ་ཡིན། ཞེས་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། ཁ་ཆེ་སྤྱི་ཚོགས་ནང་ཡེ་ཤུའི་འཁྲུངས་སྐོར་དུས་ཆེན་སྲུང་གཙི་མི་ཆོག་པའི་བསྒྲགས་གཏམ་འདི་ནི་ཕྱི་ལོ་ ༢༠༡༡ ལོར་སོ་མ་ལེ་ཡའི་ཨལ་ཤཱ་བྷབ་བྷི་ (Al Shabaab) ཞེས་པའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་གིས་ཁྱབ་བསྒྲགས་དང་ལག་བསྟར་བྱེད་བཞིན་ཡོད་པ་ཞིག་ཡིན་ཞིང་། སོ་མ་ལེ་ཡ་སྤྱི་མཐུན་སྲིད་གཞུང་ནི་ཁ་ཆེ་མི་རིགས་འདུས་སྡོད་རྒྱལ་ཁབ་ཅིག་ཡིན་ཡང་། ཉེ་ལམ་ནས་སོ་མ་ལེ་ཡ་སྤྱི་མཐུན་སྲིད་གཞུང་གིས་ཨ་ཧྥི་རེ་ཁའི་ཡེ་ཤུ་བའི་རྒྱལ་ཁབ་བྷུ་རུན་ཌེ་ (Burundi) དང་ཡུ་གྷན་ཌ། (Uganda) ཁིན་ཡ། (Kenya) དེ་བཞིན་ཨ་ཧྥི་རེ་ཁ་སྤྱི་མཐུན་མཉམ་འབྲེལ་ (AU) གྱི་ཞི་བདེ་སྲུང་དམག་སོགས་ཡེ་ཤུ་བའི་མི་རིགས་སྟོང་ཕྲག་མང་པོ་སོ་མ་ལེ་ཡའི་ནང་དུ་འཚོ་སྡོད་བྱེད་དུ་བཅུག་ཡོད་པ་དང་། འདས་པའི་ལོ་ངོ་ཉི་ཤུ་ལྷག་རིང་སོ་མ་ལེ་ཡ་སྤྱི་མཐུན་སྲིད་གཞུང་གིས་ཕྱོགས་གཅིག་ནས་རྒྱལ་ནང་དུ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་བྱ་བར་འགོག་རྒོལ་བྱེད་བཞིན་ཡོད་ཀྱང་། ཡུ་རོབ་དང་བྱང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚོ་སྡོད་བྱེད་མཁན་དང་ཕྱིར་སོ་མ་ལེ་ཡའི་རྒྱལ་ནང་དུ་ལོག་ཡོང་མཁན་ཁ་ཆེ་བ་ཚོར་ཡེ་ཤུ་བའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་བཅས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་བཞིན་ཡོད་འདུག

གཞན། ལྷོ་ཤར་ཨེ་ཤ་ཡའི་གླིང་ཕྲན་རྒྱལ་ཁབ་བྷ་རུ་ནའེ་ (Brunei) ཡི་ནང་དུའང་ཁ་ཆེ་བའི་ཁྲིམས་ཐོག་ནས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་བཀག་སྡོམ་བྱས་ཡོད་པ་དང་། གླིང་ཕྲན་རྒྱལ་ཁབ་དེའི་ཆོས་ལུགས་དབུ་ཁྲིད་ཚོས། ཁ་ཆེ་མི་རིགས་ལམ་ལོག་ཏུ་མི་ཤོར་བའི་སླད་དུ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་མི་ཆོག་པའི་ཉན་བརྡ་བཏང་འདུག་ལ། ཡུལ་ལུང་དེའི་ས་གནས་གསར་ཤོག་སྟེང་། ཡེ་ཤུའི་འཁྲུངས་སྐར་དུས་ཆེན་མཚོན་བྱེད་རྒྱ་གྲམ་དང་གློག་ཆས། ཡེ་ཤུ་མ་ཤི་ཀའི་ཤིང་སྡོང་། ཡེ་ཤུ་ཆོས་ལུགས་ཀྱི་གཞས་དང་རོལ་དབྱངས། ཡེ་ཤུའི་འཁྲུངས་སྐར་དུས་ཆན་གྱི་ལག་རྟགས་སོགས་སྤྲོད་ལེན་བྱས་པ་ཡིན་ན་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཆད་གཅོད་རྒྱུ་ཡིན་སྐོར་སོགས་འཁོད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༢༢ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese