མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་སེལ་དགོས་ན་ཐོག་མ་རང་ཉིད་ནས་མགོ་བརྩམ་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཝེ་ལྗི་ཁི་རན་ཊེ་ལགས་ཀྱིས་༧གོང་ས་དགུང་གྲངས་ ༨ ནས་ ༨༠ བར་གྱི་མཛད་རྣམ་བྱིས་པའི་ཀློག་དེབ་ཀྱི་རི་མོའི་ལམ་ནས་བྲིས་ཡོད་པ་བོད་བསྒྱུར་གནང་སྟེ་དཔར་འགྲེམ་ཞུས་སོང་།

DSC_9477དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༠༠ སྟེང་ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་བོད་དོན་རྒྱབ་སྐོར་བ་སྐུ་ཞབས་ཝེ་ལྗི་ཁི་རན་ཊེ་ (Vijay Kranti) ལགས་ཀྱིས་ ༢༠༡༣ དཔར་འགྲེམ་གནང་བའི་བོད་དོན་སྐོར་གྱི་ཁོང་གི་རྩོམ་དེབ་(Dalai Lama-the soldier of peace) ཞེས་པ་བོད་བསྒྱུར་བྱས་ཏེ་མིང་ལ་༼ཏཱ་ལའི་བླ་མ། ཞི་བདེའི་ཕོ་ཉ།༽ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

དཔེ་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། རྩོམ་པ་པོ་ཝེ་ལྗི་ཁི་རན་ཊེ་ལགས་དང་ཁོང་གི་བཟའ་ཟླ་ཁཱ་ཝི་ཏ་ (Kavita)། དྷ་རམ་ས་ལ་ཁུལ་གྱི་རྩོམ་པ་པོ་དང་བོད་དོན་འཐབ་རྩོད་པ་སྐོར་ཞིག་བཅས་འཛོམས་སོང་།

དཔེ་དེབ་དེ་ནི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་ལོ་ ༨ ནས་ ༨༠ བར་གྱི་མཛད་རྣམ་ཁག་དེང་རབས་བྱིས་པའི་ཀློག་དེབ་ཀྱི་རི་མོའི་རྣམ་པའི་ཐོག་ནས་འགྲེལ་བཤད་བྱས་ཡོད་པ་ཞིག་ཡིན་པ་དང་། དེབ་འདིའི་མ་རྩ་འཕུད་པའི་ཁེ་བཟང་ཡོད་ཚད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབུལ་རྒྱུ་ཡིན་འདུག

ཐོག་མར་རྩོམ་པ་པོ་ཝི་ལྗའི་ཁེ་རན་ཏི་ཡིས་དཔེ་དེབ་ངོ་སྤྲོད་དང་འབྲེལ་བརྗོད་རྒྱུར། ང་རང་ལོ་ན་གཞོན་སྐབས་གསར་འགོད་པའི་ལས་ཀ་བྱས་སྐབས་༧གོང་ས་མཆོག་དང་བོད་ཀྱི་གནད་དོན་སྐོར་ལ་དོ་སྣང་ཞེ་དྲགས་ཡོད། བོད་དོན་དེ་སུ་ཞིག་གིས་སེལ་དགོས་པ་རེད་ཅེས་སོ་སོར་དྲི་བ་ཞིག་བཏང་པ་ཡིན་ན། བོད་མི་ཚོ་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སུ་ཞིག་ཡིན་ནའང་ཐོག་རང་ཉིད་ནས་མགོ་བརྩམ་དགོས་པ་ཞིག་རེད་སྙམ་པའི་བསམ་བློ་འཁོར་ཡོང་གི་འདུག དེར་བརྟེན། ང་རང་གིས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་མགོ་བཙུགས་ཏེ་ད་བར་ལོ་ངོ་ ༤ ༠ ལྷག་འགྲོ་བཞིན་འདུག ངའི་ཕ་མ་གཉིས་ཀྱང་སྐྱབས་བཅོལ་བ་ཡིན་སྟབས་ངས་སྐྱབས་བཅོལ་བའི་དཀའ་ངལ་གསལ་བོར་ཤེས་ཀྱི་ཡོད། ཅེས་སོགས་བརྗོད་སོང་།

གཞན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནོ་བོད་དོན་འཐབ་རྩོད་ཐད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གལ་ཆེན་ཞིག་ཆགས་ཡོད་སྟབས། ཐེངས་འདིའི་དཔེ་དེབ་ཀྱི་མ་རྩ་འཕུད་པའི་ཁེ་བཟང་ག་རེ་ཡོད་པ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབུལ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

DSC_9503སྐུ་མགྲོན་གཙོ་བོ་ཆོས་རིགས་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གསུང་བཤད་ནང་དོན། སྤྱིར་བཏང་ང་འདིར་ཡོང་ན་འགྲིག་གི་ཡོད་མེད་ཧ་གོ་ཡི་མི་འདུག འོས་བསྡུ་འགན་འཛིན་གྱིས་བཀའ་གྲོས་ཞེ་བོ་ཞིག་གནང་ཡོད་པ་རེད། རྩོམ་པ་པོ་ཁོ་རང་གིས་ལོ་ ༤༠ ལྷག་ལ་དཔེ་དེབ་ཐོག་དཀའ་ངལ་མང་པོ་བརྒྱབ་སྟེ་བྲིས་པ་རེད། ང་ཚོའི་བོད་པའི་ནང་ལ་འདི་འདྲ་འབྲི་མཁན་བྱུང་ཡོད་པ་མ་རེད། ཁོ་རང་གིས་དེ་འདྲའི་གལ་ཆེན་པོ་ཞིག་ལ་རྩིས་པ་དེར་ང་ཚོའི་ཕྱོགས་ནས་ཀྱང་གལ་ཆེན་པོ་བརྩི་དགོས་པ་དང་། དེ་བཞིན་ཁོས་ང་ལ་རེ་བ་ཞིག་བརྒྱབ་ནས་ཡོང་དུས་ང་ཡོང་དགོས་པ་དེའང་ལས་འགན་ལྟ་བུ་ཞིག་ཆགས་འདུག་བསམས་ནས་ཡོང་པ་ཡིན། དེ་རིང་གསར་འགོད་པ་ཞེ་དྲགས་ཡོང་ཡོད་ས་རེད། ཁྱེད་རང་ཚོ་བོད་པའི་སྤྱི་ཚོགས་ནང་གལ་ཆེན་པོ་རེད། ང་ཚོར་ལྟ་བའི་མིག་དང་ཉན་པའི་རྣ་ཟེར་བའི་དཔེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེར་བརྟེན་ང་ཚོ་ཚང་མས་ལྟ་ས་དེ་ཧི་མ་ལའི་རྒྱབ་ལོགས་དེར་རྒྱ་ནག་གིས་ག་རེ་བྱེད་ཀྱི་འདུག ང་ཚོའི་གནས་སྟངས་ག་རེ་ཆགས་ཀྱི་ཡོད་པ་དེ་དག་ཐུགས་ལ་བཞག་ནས་དགོངས་པ་བཞེས་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་བསམ་གྱི་ཡོད། ཅེས་གསུངས་སོང་།

རྩོམ་པ་པོ་ཝི་ལྗའི་ཁེ་རན་ཏི་ནི་གསར་འགོད་པ་དང་པར་པ་རྩོམ་པ་པོ་སོགས་ཡིན་པ་མ་ཟད། ཕྱི་ལོ་ ༡༩༧༢ ལོ་ནས་བཟུང་བོད་དོན་སྐོར་ལ་དཔྱད་བརྗོད་དང་དབྱེ་ཞིབ་རྩོམ་ཡིག་མང་པོ་བྲིས་ཏེ། བོད་དོན་རྒྱབ་སྐྱོར་བའི་ཁྲོད་སྙན་གྲགས་ཡོད་མཁན་ཞིག་ཡིན་འདུག དམིགས་བསལ་ཁོང་གིས་ལོ་ངོ་ ༤༠ ལྷག་གི་རིང་བོད་དོན་སྐོར་ལ་པར་བརྒྱབ་པ་ཁག་ཕྱོགས་བསྒྲིགས་གནང་ཡོད་པའི་བརྙན་དེབ་དེར་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། ཁོང་གིས་རྒྱ་གར་དང་རྒྱལ་སྤྱིའི་ས་གནས་ཁག་ཏུ་བོད་དང་འབྲེལ་པའི་པར་རིས་འགྲེམས་སྟོན་ཐེངས་མང་གནང་ཞིང་། ད་སྔ་ཁོང་གིས་རྩོམ་པ་པོ་དང་རྩོམ་སྒྲིག་པ་སོགས་ཀྱི་མིང་ཐོག་ནས་དེབ་ ༡༡ ཙམ་པར་བསྐྲུན་གནང་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༣ སྔོན་ལ།
སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག ༡༡།༥།༢༠༢༦
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

ཆུ་ཚོད་ ༡༩ སྔོན་ལ།
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese