མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་ཀཱང་ལ་ལོ་ ༡༢ གྱི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་རྒྱལ་ཡོངས་དཔལ་འབྱོར་ལྷན་ཁང་གི་གཙོ་འཛིན་ཟུར་བ་ཡང་ཀཱང་གིས་རྒྱ་སྒོར་ས་ཡ་ ༡༣།༧༩ ལྐོག་རྔན་བླངས་ཡོད་པའི་ཉེས་མིང་འོག་ལོ་ ༡༢ གྱི་ཁྲིམས་ཐག་བཅད་ཡོད་འདུག

 

e3dd8866-e032-4656-8766-ba8b4f1ba866 དེ་རིང་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཁང་ (Press TV) གིས་གནས་ཚུལ་བསྒྲགས་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༠ ཉིན་པེ་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་གསུམ་པས་རྒྱ་ནག་རྒྱལ་ཡོངས་དཔལ་འབྱོར་ལྷན་ཁང་གི་གཙོ་འཛིན་ཟུར་བ་ཡང་ཀཱང་ (Yang Gang) ཟེར་བས་སྔ་རྗེས་སུ་རྒྱ་སྒོར་ཡ་ས་ ༡༣།༧༩ ལྷག་གི་ལྐོག་རྔན་བླངས་ཡོད་པའི་ནག་ཉེས་ཐོག་ལོ་ ༡༢ གྱི་ཁྲིམས་ཐག་བཅད་ཡོད་འདུག

 

རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་ཟུར་བ་ཡང་ཀཱང་གིས་ཕྱི་ལོ་ ༡༩༩༩ ལོ་ནས་ ༢༠༠༦ བར་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ། དེ་བཞིན། རྒྱ་ནག་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་དཔྱོད་དང་ནད་ཡམས་ཞིབ་བཤེར་ཚན་པའི་མགོ་འཛིན་ཟུར་བ་བཅས་ཀྱི་གོ་གནས་ཁུར་ཡུན་རིང་། ཁོས་མི་གཞན་པར་ཐོན་རྫས་བརྒྱུད་འཚོང་དང་ཐོན་ལས་གསར་འཛུགས། གོ་གནས་དང་ལས་གནས་བརྗེ་སྤོར་སོགས་ཀྱི་གོ་སྐབས་ལ་བརྟེན་ནས། ཕྱི་ལོ་ ༡༩༩༩ ལོ་ནས་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༨ པའི་བར་ཡང་ཀཱང་གིས་ཐད་ཀར་བླངས་པའམ་ཡང་ན་ཁོའི་ཆུང་མ་དང་བུ་ཆུང་བརྒྱུད་དེ་ཁྱོན་རྒྱ་སྒོར་ས་ཡ་ ༡༣།༧༩ ལྷག་གི་དངུལ་དངོས་ཀྱི་ལྐོག་རྔན་བླངས་ཡོད་འདུག

 

ཁ་སང་པེ་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་གསུམ་པས་ཁྲིམས་བཤེར་བྱས་པ་བརྒྱུད། ཡང་ཀཱང་གིས་རང་གི་ཉེས་སྤྱོད་མང་པོ་ངོས་ལེན་བྱས་ཡོད་པ་མ་ཟད། དེ་སྔོན་གཡོ་ལེན་བྱས་པའི་རྒྱུ་ནོར་ཡོངས་རྫོགས་ཕྱིར་རྩིས་སྤྲོད་གཞུང་བཞེས་བཏང་སྟེ། རྒྱ་ནག་གི་ལྐོག་ཟ་རུལ་སུངས་ཀྱི་བཅའ་ཁྲིམས་གཞིར་བཟུང་གིས་ ༡༢ གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

 

གནས་ཚུལ་འདིའི་ནང་ ༢༠༡༣ ལོ་ནས་ད་ལྟའི་བར་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགོ་གཙོ་ཀྲུའུ་ཡཱོང་ཁང་དང་ཁོང་དང་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གཙོས་པའི་རྒྱ་ནག་གཞུང་འབྲེལ་ཤུལ་དངོས་ལྟ་ཞིབ་ཚན་པའི་མགོ་གཙོ་ཅཱང་ཅེ་མེན་ (Jiang Jiemin) དང་། རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུ་ཅིན་ཐོའི་ལས་རོགས་ལེན་ཅེ་ཧྭ་ (Ling Jihua)། རྒྱ་ནག་རྒྱལ་ཡོངས་དཔལ་འབྱོར་ལྷན་ཁང་གི་མཐོ་རིམ་དཔོན་རིགས་ལུ་ཐེ་ནན་ (Liu Tienan)། དེ་བཞིན། ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཟུར་བ་པོ་ཞེ་ལེ་ (Bo Xilai) སོགས་ཀྱིས་རྒྱལ་དམངས་ཀྱི་རྒྱུ་ནོར་ལྐོག་ཟ་བྱས་པའི་ཉེས་མིང་ཐོག་ཁྲིམས་ཐག་བཅད་ཡོད་སྐོར་འཁོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཨོ་གླིང་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
འབའ་རྫོང་དུ་འཚོགས་མུས་ཡིན་པའི་ཐུན་ཏེ་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།
Mobile App

བོད་ནང་འདུ་འཛོམས་དམ་དྲག་བྱེད་ཀྱི་ཡོད་པ་དང་བསྟུན་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
རྔ་བ་རྫོང་ཨ་འདུས་དགོན་པ། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

༧སྐུའི་གོ་སྟོན་གྱི་ཚབ་མཚོན་དབུ་ཞྭ་ཁྱབ་བསྒྲགས་བྱས་རྐྱེན་དགེ་འདུན་པ་ཞིག་འཛིན་བཟུང་བྱས།

༢༠༢༥/༠༧/༢༩
On 27 July 2025, His Holiness the 14th Dalai Lama met Czech President Petr Pavel at Shewatsel Phodrang in Leh, Ladakh. Photo Credit: Office of the Dalai Lama
༸གོང་ས་མཆོག གསར་འགྱུར།

ཅེཀ་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པར་སྐྱོན་བརྗོད་བྱས་འདུག

༢༠༢༥/༠༧/༢༩
དྲ་ལམ་གྱི་པར།
Mobile App

ཧྲའོ་ལིན་དགོན་པའི་མཁན་པོ་ཁྲིམས་ལ་སྦྱར།

༢༠༢༥/༠༧/༢༩
Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese