མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་རྒྱ་གར་དམངས་གཙོའི་དུས་དྲན་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་ཆུ་ཚོད་ ༩།༠༠ པའི་སྟེང་། བཙན་བྱོལ་བོད་མིའི་བསྟི་གནས་གངས་སྐྱིད་བཀའ་ཤག་མདུན་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་པའི་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་ལྷན་འཛོམས་གནང་སྟེ། རྒྱལ་གར་གྱི་རྒྱལ་གླུ་གྱེར་འདོན་དང་སྦྲགས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ། རྒྱ་གར་གྱི་དམངས་གཙོའི་དུས་དྲན་ཐེངས་ ༦༧ པ་དེ་སྲུང་གཙི་གནང་སོང་།

dayསྐབས་དེར་སྲིད་སྐྱོང་མཆོག་གིས་གསར་འགོད་པ་ཚོར། “དེ་རིང་རྒྱ་གར་བའི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༧ འཁོར་བའི་ཉིན་མོ་སྲུང་གཙི་བྱས་པ་འདི་ལ། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ནས་རྒྱ་གར་གཞུང་མང་གཉིས་ལ་འཚམ་འདྲི་ཞུ་བཞིན་ཡོད། ད་ལྟའི་བར་དུ་རྒྱ་གར་གཞུང་ལས་ལྷག་ཅིག་ང་ཚོར་བཀའ་དྲིན་ཆེ་བ་ཡོད་པ་མ་རེད། རྒྱ་གར་མི་མང་ལས་ལྷག་ཅིག་བཙན་བྱོལ་བོད་མི་ཚོར་བཀའ་དྲིན་ཆེ་བ་མེད། གོ་སྐབས་འདི་བཟུང་ནས་ངས་རྒྱ་གར་གཞུང་དམངས་གཉིས་ལ་བསྐྱར་དུ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

དེ་བཞིན། ད་ལོའི་རྒྱ་གར་གྱི་དམངས་གཙོའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་ཧྥ་རན་སིའི་སྲིད་འཛིན་ཧྥན་སཱོ་ཧོ་ལན་ཌི་ (François Hollande) མཆོག་ཆིབས་བསྒྱུར་བསྐྱངས་གནང་འདུག ཁོང་ལའང་ང་ཚོ་རྒྱ་གར་ནང་ཡོད་པའི་བོད་མི་ཚོའི་ཚབ་བྱས་ནས་འཚམ་འདྲི་དང་དགའ་བསུ་ཡོད་ཞུ་རྒྱུ་ཡིན”ཞེས་གསུང་སོང་།

དེའི་རྗེས་གསར་འགོད་པས་རྒྱ་གར་བའི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༧ འཁོར་བའི་རིང་ལ་བོད་མི་ཚོས་བསླབ་བྱ་གཙོ་ག་རེ་ལེན་དགོས་མིན་དྲིས་པར་ཁོང་གིས། གཙོ་བོ་རྒྱ་གར་གྱི་རྩ་དོན་དེ་འཚེ་མེད་ཞི་བའི་ཐོག་ནས་བཟོས་ཏེ་གྲུབ་འབྲས་ཆེན་པོ་སྨིན་ཡོད་སྟབས། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རྩ་དོན་བརྩོན་ལེན་གནང་གི་ཡོད་པ་དེ་ལ་ལམ་ལྷུང་ཏན་ཏན་ཡོང་གི་རེད། གང་ཡིན་ཟེར་ན་རྒྱ་གར་གཙོས་པའི་རྒྱལ་ཁབ་ཁག་མང་པོ་ཞིག་ལ་ལམ་འགྲོ་ཡོང་གི་ཡོད་སྟབས། ང་ཚོས་ཀྱང་ལམ་འགྲོ་ཡོང་གི་རེད། ང་ཚོར་ཐོབ་པའི་སློབ་གསོ་གཙོ་བོ་དེ་རྒྱ་གར་གྱི་ཡང་དག་པའི་དམངས་གཙོ་དེ་དམངས་གཙོ་ཆེ་ཤོས་སུ་བརྩི་ཡི་ཡོད་པ་རེད། ང་ཚོ་བཙན་བྱོལ་དུའང་ད་ལྟའི་ཆར་ལ་༧གོང་ས་མཆོག་གིས་གསོལ་རས་སུ་བསྩལ་གནང་བའི་དམངས་གཙོའི་ལམ་ལུགས་ལག་བསྟར་གནང་གི་ཡོད་པ་རེད་ལ་ལམ་ལྷུང་ཡང་ཆེན་པོ་འགྲོ་བཞིན་ཡོད་པ་རེད། དེ་བཞིན་མི་མང་ཚོས་ཀྱང་བརྩི་བཀུར་དང་འགན་ལེན་ལག་བསྟར་གནང་གི་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese