མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅིའི་ཕྱིར་གྲང་དམག་སྐབས་ཀྱི་བོད་ཀྱི་རང་དབང་འཐབ་རྩོད་པའི་ཤུལ་བཞག་ད་དུང་གནད་འགག་ཆགས་པ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ནོར་ལེན-ཕེ་ཁྲི་སིན་གྱིས་བརྩམས། གངས་རྡོ་དབང་གིས་བསྒྱུར།

 

Lhatsang
( ལྷ་བཟང་ཚེ་རིང་ལོ་ ༦༨ ། ཆུ་བཞི་སྒང་དྲུག་གི་དམག་ཟུར་ཞིག་སྟེ་ ༡༩༧༠ ལོར་བལ་ཡུལ་གློ་སྨོན་ཐང་ནས་ཞབས་ཞུ་བསྒྲུབས་མྱོང་། )

བསོད་ནམས་རྡོ་རྗེ་སྔོན་ཆད་རྒྱལ་ས་ལྷ་སའི་འབྲས་སྤུངས་དགོན་དུ་གྲྭ་བ་བྱས་དུས་རིང་ཁོང་གིས་འབུ་སྲིན་ཞིག་ཀྱང་མི་གསོད་མོད། གཅིག་བྱས་ན་ཁྱེད་ཀྱི་རྣ་སྒོར་འཛེར་སྐད་ཀྱིས་སུན་པར་བྱེད་པའི་འབུ་དེ་རང་གི་སྙིང་ཉེ་བའི་ནང་མི་ཞིག་གི་རྣམ་ཤེས་ཡིན་ཀྱང་སྲིད། འོན་ཀྱང་། ༡༩༥༩ ལོར་ཧི་མ་ལ་ཡའི་འགག་འཕྲང་བཤགས་ནས་”བསོད་རྡོར”དང་མཉམ་དུ་སྐྱབས་བཅོལ་དུ་བཞུད་མཁན་བོད་མི་ཚོའི་སྒང་ལ་རྒྱ་དམག་གིས་མེ་མདའ་སྐོར་དུས། དགུང་ལོ་ཉེར་ལྔར་སོན་པའི་གྲྭ་བ་འདིས་ལག་ཏུ་མེ་མདའ་ཐོགས་ནས་ཕྱིར་རྒྱ་དམག་དང་འཐབ་བྱུང་། “དེ་ནི་ང་རང་མི་གཞན་ཞིག་ལ་འགྱུར་བ་ཐེབས་པའི་འགྲུལ་བཞུད་ཅིག་ཡིན།” དྷ་རམ་ཤ་ལའི་རི་གསེབ་ཀྱི་མེག་ལོ་གྷན་ཇི་ནས་ད་ལོར་ལོ་ན་གྱ་གཅིག་ལ་སོན་པའི་བསོད་རྡོར་བཅར་འདྲི་བྱས་དུས་ཁོང་གིས་གསུངས་སོང་།          ཁོས་ད་དུང་བཤད་རྒྱུར། “ངས་རྦད་དེ་བསམ་བློ་འཁྱེར་སོ་གཞན་ཞིག་སྐྱེད་བསྲིང་བྱེད་དགོས་བྱུང་སོང་། ངའི་རྒྱལ་ཁབ་ཤོར་སོང་། བལྟས་བལྟས་རིག་རིག་ལ་རྒྱ་མིས་ངའི་མིག་མདུན་ནས་བོད་མི་མང་པོ་དམར་གསོད་བྱས་སོང་། གལ་སྲིད་ཁྱེད་རང་གནས་སྟངས་དེ་འདྲ་དང་འཕྲད་ན། དེས་ཁྱེད་ཀྱི་བློ་སེམས་བསྒྱུར་བར་གདོང་གྲོགས་མཛད་ངེས། ངས་རང་གི་རྒྱལ་ཁབ་ཆེད་དུ་དོན་དག་ཅིག་སྒྲུབ་དགོས་ངེས། ང་ལ་འདམ་གསེས་གཞན་ཡོད་པ་མ་རེད།”

 

༡༩༥༩ ལོར་རྒྱ་དམག་གིས་ལྷ་ས་དབང་བསྒྱུར་རྗེས་ཆུ་བཞི་སྒང་དྲུག་འཇབ་རྒོལ་དམག་གི་འགེབ་སྲུང་འོག་བསོད་རྡོར་སོགས་གྲྭ་བའི་དཔུང་སྡེ་ཞིག་དང་གཞན་སྐྱབས་བཅོལ་བ་མང་པོ་ཞིག་ཧི་མ་ལ་ཡའི་ལྟོ་བ་བཤགས་ནས་བྲོས་བྱོལ་དུ་ཕེབས་པ་རེད། བསོད་རྡོར་སོགས་ཀྱི་བྲོས་བྱོལ་བའི་དཔུང་སྡེ་དེར་རྒྱ་དམག་གི་བཙན་རྒོལ་ཐེབས་དུས། བོད་མི་འཇབ་རྒོལ་པའི་འཐབ་འཛིང་སྙིང་སྟོབས་ཀྱིས་གྲྭ་བ་ན་གཞོན་འདིར་སེམས་ཤུགས་བླ་ལྷག་ཏུ་སྤར། “ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་མིན་ཚེ། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་གཞན་གང་རུང་ཞིག་བོད་ནས་བྲོས་བྱོལ་དུ་ཕེབས་མི་ཐུབ།” ཁོང་གིས་འདི་ལྟར་གསུངས་སོང་། ད་དུང “ཁོང་ཚོས་བོད་བསྐྱབས་སོང་། ངས་ཁོང་ཚོས་ཅི་བྱས་ཚང་མ་མཐོང་སོང་། ངས་འདི་འདྲ་ཞིག་དྲན་མྱོང་སྟེ། ངས་ཀྱང་གོ་མཚོན་ཐོགས་ནས་རང་གི་རྒྱལ་ཁབ་སླད་དུ་འཐབ་འཛིང་བྱེད་ཐུབ་སྙམ།”

 

IMG_4422-1024x682
( བསོད་ནམས་རྡོ་རྗེ་ལོ་ ༨༡ ། རྒྱ་གར་གྱི་དམག་སྡེ་ཨང་ཉེར་གཉིས་པའི་དམག་ཟུར་དང་གོང་ས་མཆོག་གི་སྐུ་སྲུང་བ་ཟུར་པ། )

ལོ་དྲུག་གི་རྗེས་ནས། རང་ལོ་སོ་གཅིག་ཡིན་པའི་བསོད་རྡོར་གྱིས་དམ་པའི་ན་བཟའ་ལེགས་པའི་ཆེད་དུ་བསྐྱུར་ནས་༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་བྱུང་རྗེས་རྒྱ་གར་གྱི་དམག་ཁང་ལ་གསང་བའི་བཙུགས་པའི་བོད་དམག་རྩ་འཛུགས་ ‘དམག་སྡེ་ཨང་ཉེར་གཉིས’ ནང་འཛུལ་ཞུགས་བྱས་པ་རེད། གྲྭ་ཟུར་ཁོ་ལ་མཚོན་ན། དམག་མི་བྱེད་པ་ནི་རང་གི་གཞི་རྩའི་ལྟ་གྲུབ་དང་དད་འདུན་དོར་བ་ཡིན་སྟབས། དེའི་ནང་དུ་ ‘སྲོག་གཅོད་སྤོང་བ’ ་ཡང་འདུས་བ་ཡིན། “གྲྭ་ལོག་བྱེད་པ་ནི་ངོ་མ་དཀའ་མོ་ཞིག་རེད།”        ཁོས་བཤད་རྒྱུར། “དེ་ནི་རྦད་དེ་མི་ཚེའི་འཚོ་བ་གཞན་ཞིག་རེད། གྲྭ་བ་ཞིག་ལ་མཚོན་ན། ང་ཚོས་ཆོས་སྒྲུབ་པ་དང་གསོལ་སྨོན་བྱེད་པ་ཡིན་མོད། དམག་མི་ཞིག་ལ་མཚོན་ན། ང་ཚོར་མི་གསོད་ཆེད་སྦྱོང་བརྡར་སྤྲད་པ་རེད།

 

བསོད་རྡོས་དྲན་སོས་པ་ལྟར་ན། (CTA )བོད་མིའི་སྒྲིག་འཛུགས་ཀྱི་བཀོད་བྱུས་པ་ཚོས་གྲོས་མོལ་གནང་སྟེ། དང་ཐོག་དམག་སྡེ་ཨང་ཉེར་གཉིས་པ་ལ་སྦྱོང་བརྡར་དང་གོ་མཚོན་མཁོ་སྤྲོད་བྱས་པ་རེད་ལ། ཁོང་ཚོའི་རྒྱབ་སྐྱོར་གྱིས་བོད་མིའི་རྒོལ་འཛིང་ལས་འགུལ་ལ་བསམ་བློའི་རོགས་ཤུགས་ཐེབས། ” ཨ་རིས་ང་ཚོར་དམག་སྦྱོང་སྤྲད་སྟབས། ང་རང་ཨ་རིར་མོས་གུས་ཡོད།” ཅེས་བརྗོད་སོང་། བསོད་རྡོ་ལོ་བཅུར་དམག་སྡེ་ཨང་ཉེར་གཉིས་པའི་ནང་བཞུགས་མཐར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་སྲུང་དམག་ཏུ་འདེམས་ནས་ལོ་བཅུ་གཅིག་ལ་དེ་གར་བྱ་བ་བསྒྲུབས། དམག་སྡེ་ཨང་ཉེར་གཉིས་བས་རྒྱ་དམག་དང་མཉམ་དུ་གཡུལ་འགྱེད་བྱེད་དགོས་བྱུང་མེད། འོན་ཀྱང་། ༡༩༧༡ ལོའི་རྒྱ་གར་དང་པཱ་ཁུ་སུ་ཐན་དམག་འཁྲུག་ཁྲོད་དཔུང་སྡེ་འདིའང་ཞུགས་ཡོད་པ་རེད། དམག་སྡེ་ཨང་ཉེར་གཉིས་པ་ནི་ད་དུང་ལས་ཐོག་ན་ཡོད་ལ། ཁོང་ཚོས་རྒྱ་གར་དང་བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་བ་དག་དམག་ཁུངས་སུ་བསྡུ་རུབ་བྱེད་ཀྱིན་ཡོད། ལས་གཡོལ་རྒས་ཕོགས་སྐོར་གྱི་རྩོད་རྙོག་ཅིག་གིས་དམག་སྡེ་འདིར་དྷ་རམ་ས་ལའི་རྒྱབ་སྐྱོར་བྱེད་པར་ཁོང་ཁྲོ་བསླངས་སྐད། ཡིིན་ནའང་། ཐ་ན་དེ་རིང་ཡང་རྒྱ་ནག་དང་མཉམ་དུ་དམག་འཁྲུག་འབྱུང་སྲིད་པ་དེས་བོད་མི་དམག་ཞུགས་པ་རྣམས་ལ་ངར་སློང་གི་ཡོད་པ་རེད། “ང་དམག་མིའི་ནང་ཞུགས་དུས། ངས་རྒྱ་མི་གསོད་ན་འདོད།” བསོད་རྡོས་བརྗོད་སོང་། “ང་ནི་ཁོང་ཁྲོའི་མེ་ལྕེ་འབར་བཞིན་ཡོད་སྟབས། ངས་བྱེད་འདོད་ཤོས་དེ་ནི་རྒྱ་མི་ཞིག་གསོད་རྒྱུ་དེ་ཡིན།” “ཡིན་ནའང་དོན་དག་དེ་འགྲུབ་མ་སོང་།” ཁོས་མུ་མཐུད་དུ་བཤད་རྒྱུར། ” ངས་རྒྱ་མི་གཅིག་ཀྱང་གསོད་མ་ཐུབ་པ་དེར་བློ་འགྱོད་སྐྱེས་མོད། ” ” ད་ལྟ་ང་རྒྱ་མིར་སྡང་སེམས་མི་སྐྱེ་མོད། ངས་འཐབ་འཛིང་བྱས་བར་འགྱོད་པ་མེད། ངས་གང་ནུས་ཅི་ལྕོགས་ཀྱིས་བྱས་ཡིན། ད་ང་ལ་ཁོང་ཁྲོ་ལྷག་མེད། ”

 

དཀྱིལ་ལ་འཇུག་པར་བྱའོ།

 

སྤྱི་ཁྱབ་ཀྱི་བོད་མིའི་རྒོལ་འཛིང་གི་བཤད་རྒྱུན་ནི་འདི་ལྟ་སྟེ། ཏཱ་ལའི་བླ་མས་འཚེ་མེད་ཞི་བ་དང་དབུ་མའི་ལམ་ལ་འབོད་སྐུལ་གནང་བ་ཞིག་སྟེ། དབུ་མའི་ལམ་ནི་ ༡༩༧༠ ལོའི་རྗེས་སུ་བྱུང་བའི་སྲིད་ཇུས་ཤིག་རེད། དེས་རང་བཙན་གཙང་མ་ལས་”ཆེས་མཐོའི་རང་སྲིད་རང་སྐྱོང་”རྩོད་ལེན་གནང་སྟེ། དེའི་ཁྱབ་ཁོངས་ནི་ནང་སྲིད་བོད་མིས་སྐྱོང་རྒྱུ་དང་། རང་གི་རིག་གཞུང་དང་ནང་ཆོས་སོགས་ཉར་ཚགས་བྱེད་རྒྱུ། ཕྱི་འབྲེལ་དང་རྒྱལ་སྲུང་པེ་ཅིན་ལ་བདག་དབང་ཡོད་པ་ཞིག་ཡིན། དེ་ལྟ་ནའང་ཏཱ་ལའི་བླ་མ་ནི་བོད་མིའི་རྒོལ་འཛིང་གི་གཏམ་རྒྱུད་ནང་གི་ཆ་ཤས་གཅིག་ཁོ་ན་ཡིན། ༡༩༥༠ ལོ་ནས་༡༩༧༠ ལོའི་དཀྱིལ་བར་དུ་བལ་ཡུལ་དུ་གཞིས་ཆགས་པའི་(CIA) ཨ་རིའི་གསང་བའི་ལས་ཁུངས་ཀྱི་རྒྱབ་སྐྱོར་ཡོད་པའི་བོད་མི་རང་དབང་འཐབ་རྩོད་པ་སྟེ། ཆུ་བཞི་སྒང་དྲུག་མདོ་ཁམས་བསྟན་སྲུང་དང་བླངས་དམག་གིས་རྒྱ་ནག་དང་མཉམ་དུ་ཁྲག་དམར་འཕྱོ་བའི་འཇབ་རྒོལ་དམག་འཁྲུག་ཞིག་བོད་ནང་ལོགས་ནས་བསླངས་ཡོད་པ་རེད་ཨང་། ད་དུང་ ༡༩༦༢ ལོར་རྒྱ་དཀར་ནག་གི་དམག་འཁྲུག་བྱུང་རྗེས། བོད་མི་སྟོང་ཕྲག་མང་པོས་རྒྱ་ནག་ལ་དམག་འཐབ་པའི་གོ་སྐབས་ཆེད་དམག་སྡེ་ཨང་ཉེར་གཉིས་པའི་ནང་འཛུལ་ཞུགས་བྱས་པ་རེད།

 

ཆུ་བཞི་སྒང་དྲུག་དང་དམག་སྡེ་ཨང་ཉེར་གཉིས་པ་གཉིས་ཀྱི་མཉམ་སྡེབ་དམག་འཐབ་ཀྱི་ལོ་རྒྱུས་འདིས་བོད་མིའི་ཞི་རྒོལ་བཤད་རྒྱུན་ལ་ཁ་གཏད་གཅོག་གི་ཡོད། ད་དུང་བོད་མིའི་རང་དབང་འཐབ་རྩོད་པའི་ཤུལ་བཞག་མཛད་རྗེས་འདི་དག་གིས་མུ་མཐུད་ནས་བཙན་བྱོལ་བོད་མིའི་རྗེས་རབས་པ་རྣམས་ལ་རང་དབང་འཐབ་རྩོད་ཆེད་རེ་བ་དང་རྒྱ་དམར་གྱི་དྲག་གནོན་ལ་ངོ་རྒོལ་བྱེད་པའི་བློ་སྤོབས་གནང་གི་ཡོད་པ་རེད། གནས་སྐབས་འདིར་བཙན་བྱོལ་བོད་མི་མང་ཤོས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་མོད། ཉེ་ཆར་གྱི་རྒྱ་ནག་གི་འགྱུར་ལྡོག་རང་བཞིན་གྱི་དཔལ་འབྱོར་གནས་སྟངས་ཀྱི་བརྡ་རྟགས་དེས་བཙན་བྱོལ་སྤྱི་ཚོགས་སུ་གལ་ཏེ་རྒྱ་ནག་དམར་ཤོག་གཞུང་ཐོར་ཞིག་ཕྱིན་ན་བོད་པ་ཚོའི་ངོས་ནས་དེ་ལ་ཡ་ལན་ག་འདྲ་ཞིག་སྤྲོད་དགོས་མིན་ཐོག་བགྲོ་གླེང་གི་མེ་སྟེག་མཆེད་ཀྱིན་འདུག “ཆུ་བཞི་སྒང་དྲུག་གི་ཤུལ་བཞག་མཛད་རྗེས་དེས་མི་རབས་གཞོན་པ་རྣམས་ལ་སེམས་ཤུགས་སྦྱིན་ཡོད། ” བཙན་བྱོལ་བོད་གཞུང་གི་”ནང་”སྟེ་དྷ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་བརྗོད་སོང་། ” བོད་རང་བཙན་གྱི་མངོན་འདོད་དེ་ད་དུང་གཏན་ནས་ཡལ་ཡོད་པ་མ་རེད། ང་ཚོས་རང་ཉིད་ཀྱི་མི་ཚེ་འདིའི་ནང་འགྱུར་ལྡོག་ཆེན་པོ་ཞིག་མཐོང་ངེས་རེད།

 

བཙན་བྱོལ་བོད་གཞུང་འདི་ད་དུང་མུ་མཐུད་ནས་༧ཏཱ་ལའི་བླ་མས་རྒྱབ་རྩ་བྱས་ནས་༼རང་སྲིད་རང་སྐྱོང་།༽་རྩོད་ལེན་བྱེད་དམ། ཡང་ན་བོད་མི་རང་དབང་རྩོད་ལེན་པ་ཚོས་གྲང་དམག་སྐབས་སུ་བརྩད་པའི་རང་བཙན་གཙང་མའི་ལམ་ལ་བསྐྱོད་རྒྱུ་ནི་ད་དུང་མུ་ནས་མུ་མཐུད་དེ་འགྲོ་བཞིན་པའི་བགྲོ་གླེང་ཞིག་ཡིན། ད་ལོར་༧ཏཱ་ལའི་བླ་མ་མཆོག་དགུང་གྲངས་བརྒྱད་བཅུའི་འཁྲུངས་སྐར་ལ་སོན་པ་དང་བསྟུན། བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུའང་༧གོང་ས་མཆོག་འདས་རྗེས་དབུ་མའི་ལམ་གྱི་རྒྱབ་སྐྱོར་གྱི་རྒྱུན་ག་ཚོད་ཅིག་བསྲིང་ཐུབ་སྐོར་ལ་བགྲོ་གླེང་ཅུང་བྱུང་གི་འདུག ” ང་ཚོས་ཧ་གོ་ཡི་ཡོད། དྲག་མཚོན་སྤྲས་ནས་འཛིང་རྒོལ་བྱེད་པ་ནི་མི་སྲིད་པ་ཞིག་རེད། (CCP )རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངེས་པར་དུ་ཐོར་ཞིག་ཏུ་འགྲོ་དགོས། ཡང་ན་སྒྲིག་འཛུགས་ལམ་ལུགས་ལ་འགྱུར་བ་ཐེབས་དགོས།” ཞེས་ཉིན་བྱེད་ཀྱིས་བརྗོད་སོང་། “འདི་ནི་གྲང་དམག་མ་རེད། སུ་གཅིག་གིས་ཀྱང་བོད་མི་ཚོར་གོ་མཚོན་མཁོ་སྤྲོད་དང་དམག་སྦྱོང་སྤྲོད་མི་སྲིད། འོན་ཀྱང་བོད་མི་རྣམས་ནི་ནམ་ཞིག་རྒྱ་ནག་འཐོར་ཚེ་གྲ་སྒྲིག་ཨང་གསར་གྱིས་རང་བཙན་བསྒྲགས་གཏམ་སྤེལ་རྒྱུར་སྒུག་ནས་ཡོད། ང་ཚོས་རྒྱ་གར་དུ་ཆབ་སྲིད་དམངས་གཙོ་ཅན་གྱི་སྒྲིག་འཛུགས་ཤིག་བཙུགས་ཡོད།” ཁོས་ད་དུང་བཤད་རྒྱུར། “རང་བཙན་རྩོད་ན་མེ་མདའ་ཐོགས་དགོས་པའི་ངེས་པ་མེད། ” འོན་ཏེ་དུས་སྐབས་དེ་འདྲ་ཞིག་བྱུང་ན། བོད་མི་ན་གཞོན་ཚོས་ཅི་ཞིག་བློས་གཏོང་དགོས་ན་གཏོང་གི་རེད། ཡིན་ནའང་བོད་མི་སྐྱབས་བཅོལ་བ་མང་པོས་ད་དུང་ཡིན་ནའང་”རང་བཙན་གཙང་མ”་ལས་”དབུ་མའི་ལམ་གྱི་སྲིད་ཇུས”དེ་འདེམས་ཀྱི་ཡོད་པ་རེད།

 

ཁོང་ཚོས་༧གོང་ས་མཆོག་ལ་དད་གུས་དང་བརྟག་དཔྱད་ལྟ་བ་གཉིས་ཕྱོགས་བསྡོམས་ཀྱི་སྟེང་ནས་ལམ་དབུ་མར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། “སྒོལ་པཱ་ཆོད་(Gorbachev)དང་མཉམ་དུ། USSR ཨུ་རུ་སུ་མིག་ལྡེབ་དབང་ཙམ་གྱིས་འཐོར་ཞིག་ཏུ་སོང་བ་རེད།” རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལ་དྭགས་ཀྱི་ལྟེ་གནས་གྲོང་ཁྱེར་”སླེས(Leh)”ན་གནས་པའི་ཚོང་གཉེར་བ་དགུང་ལོ་ ༦༡ ཅན་གྱི་ནོར་བུ་རྡོ་རྗེས་འདི་ལྟར་བརྗོད་སོང་། ” རྒྱ་ནག་གི་དཀའ་ངལ་ནི་ང་ཚོར་བཟང་དུ་མཆིས་ལ། ང་ཚོས་རེ་བར་རྒྱ་ནག་དམངས་གཙོ་རུ་འགྱུར་ནས་དམར་ཤོག་གཞུང་འཇིག་ནས་ང་ཚོ་བོད་ལ་ཕྱིར་ལོག་རྒྱུ་དེ་ཡིན། ” རྡོ་རྗེས་ཡང་བསྐྱར་བཤད་རྒྱུར། “འོན་ཀྱང་ང་ཚོས་ད་དུང་ནང་ལོགས་ཀྱི་རང་སྲིད་རང་སྐྱོང་ཙམ་ལས་རང་བཙན་གཙང་མ་རྩོད་ཀྱི་མེད། ང་ཚོས་ངེས་པར་དུ་༧གོང་ས་མཆོག་གིས་ང་ཚོར་བདམས་གནང་བའི་ལམ་ཁ་དེར་ཤར་བསྐྱོད་བྱེད་རྒྱུའི་དད་པ་དམ་ཚིག་དེ་མུ་མཐུད་དུ་ཉར་དགོས།

 

” ལམ་དབུ་མས་བདེན་མཐའ་སེལ་བར་ང་ལ་ཡིད་ཆེས་ཡོད། ” ཅེས་བལ་ཡུལ་པོག་རྭར་སྐྱབས་བཅོལ་དུ་འཚོ་བའི་བོད་མི་དགུང་ལོ་ཞེ་གཅིག་ཅན་གྱི་ཐུབ་བསྟན་རྒྱ་མཚོས་བརྗོད་སོང་། ” དོན་དངོས་སུ་ང་ཚོར་རང་བཙན་རག་པར་རྒྱ་ནག་ནི་སྟོབས་ཆེ་དྲགས་འདུག་ལ། གལ་སྲིད་ང་ཚོར་རང་བཙན་རག་ནའང་ང་ཚོས་མུ་མཐུད་ནས་དོན་དག་མང་པོ་ཞིག་གི་སླད་དུ་རྒྱ་ནག་ལ་བསྟུན་དགོས།” “དབུ་མའི་ལམ་གྱི་དོ་ཟླ་བ་ཚོས་ལོ་ན་བཞི་བཅུར་སོན་པའི་སྲིད་ཇུས་རྙིང་པ་འདིས་བཙན་བྱོལ་བོད་མི་ཚོར་གྲུབ་འབྲས་ཆུང་ངུ་ཙམ་ལས་སོན་མེད་པ་ཟད། དུས་སྐབས་འདིའི་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་དུ་སོང་ཡོད་པར་གྲགས། ” ཇི་སྲིད་བར་དུ་བོད་མི་ཚོས་རང་སྲིད་རང་སྐྱོང་ཁོ་ན་རྩོད་པར་བརྩོན་ཚེ། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་འགྱུར་མི་ཐུབ། ” ཞེས་དགུང་ལོ་ ༦༨ ལ་སོན་པའི་ལྷ་བཟང་ཚེ་རིང་གིས་བརྗོད་སོང་། ཁོང་ནི་ཆུ་བཞི་སྒང་དྲུག་གི་དམག་ཟུར་ཞིག་ཡིན་ཞིང་། ༡༩༧༠ ལོར་བལ་ཡུལ་གློ་སྨོན་ཐང་གི་བོད་མི་འཇབ་རྒོལ་དམག་དཔུང་ནང་དུ་ཞུགས་མྱོང་ཡོད། ད་ལྟ་དྷ་རམ་ས་ལར་བཞུགས་ཏེ་ “དཔེ་ཆ་བ་གླེན་པ”ཞེས་པའི་དཔེ་འཚོང་ཁང་ཞིག་གཉེར་འདུག “ཇི་སྲིད་ཏཱ་ལའི་བླ་མས་ཞི་བདེ་དང་དྲང་བདེན་གྱི་ཆེད་དུ་”རང་བཙན་”འདི་བོད་མིའི་མཐར་ཐུག་གི་དམིགས་འབེན་དུ་མ་བཟོས་ཚེ། རྒྱལ་ཁབ་གཞན་གྱིས་ང་ཚོར་རོགས་པ་བྱེད་ཀྱི་མ་རེད།” ལྷ་བཟང་གིས་བརྗོད་སོང་། “རྒྱ་ནག་འཐོར་ཞིག་ཏུ་གྱུར་བའི་དུས་སྐབས་དེར་གཅིག་བྱས་ན་བོད་ལ་ཡོད་ཚད་ཕྱི་དྲགས་སྲིད།”

 

ཉེ་ཆར་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་འོས་འདེམས་དེ་ནི་གནད་དོན་ཁ་ཤས་ཐོག་ནས་རང་བཙན་བསྐྱར་གསོའི་ལས་འགུལ་ལ་དབུ་འཁྲིད་གཅིག་ཡར་བསླངས་བའོ། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདིའི་ནང་དུ་སྲིད་སྐྱོང་འོས་མི་ཞིག་ལ་རྩོད་གླེང་ཆེན་པོས་སྤྱི་ཚོགས་དྲ་ལམ་མང་ཆེ་ཤོས་ཀྱིས་དོ་སྣང་སླེབས་པ་ནི་ཀླུ་མཁར་བྱམས་ལགས་ཡིན། ཀླུ་ལགས་ཀྱིས་མངོན་གསལ་དོད་པོས་༧ཏཱ་ལའི་བླ་མའི་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཁ་གཏད་ཀྱིས་རང་བཙན་གཙང་མ་རྩོད་གླེང་བྱས་ནས་རྩོད་རྙོག་དེ་དཀྲུག་དཀྲུག་བྱས། “དབུ་མའི་ལམ་ཀྱི་སྐོར་གླེང་བ་ནི་དར་རྒྱ་ཆེ་མོད། ཡིན་ནའང་དེས་ལས་ལ་འཇུག་པའི་སེམས་ཚོར་དྲག་པོ་དེ་རྨེག་མེད་དུ་གཏོང་ངེས། ” ཀླུ་ལགས་ཀྱིས་བརྗོད་སོང་། འབྲེལ་ཡོད་ཚགས་པར་ལྟར་ན། “ངས་ཆོས་ཕྱོགས་དང་སྲིད་ཕྱོགས་ཀྱི་ཏཱ་ལའི་བླ་མ་གཉིས་ཁ་ཁར་དབྱེ་ཡོད། ཁོང་གི་ཆབ་སྲིད་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། ” ཀླུ་བྱམས་ལགས་ཀྱིས་འདི་ལྟར་འགྲེལ་བརྗོད་བྱས་འདུག “ཁོང་གི་མཚན་སྙན་གྲགས་ཀྱིས་དབུ་མའི་ལམ་ལ་ཐེ་ཚོམ་ཞིག་བསླངས་ཡོད།” བསྟན་འཛིན་ཉིན་བྱེད་ཀྱིས་བརྗོད་སོང་། ཀླུ་བྱམས་ལགས་ཀྱིས་བརྗོད་པ་ལྟར་ན། ” འདི་ན་འབྱུང་བཞིན་པའི་གནས་ཚུལ་ཞིག་གིས་གསལ་སྟོན་བྱས་པ་ནི་བོད་མི་ཚོའི་དགོངས་ཚུལ་ལ་གས་ཆག་ཤོར་གྱིན་འདུག་སྟེ། དབུ་མའི་ལམ་ལ་རྒྱབ་སྐྱོར་བ་ཚོ་ནི་དྲག་ཤུགས་ཀྱིས་རང་གི་ལངས་ཕྱོགས་སྲིད་ཇུས་དེ་སྲུང་སྐྱོབ་བྱེད་དུ་བཅུག་པའོ།།

 

(Tipping point.)གནད་འགག་མདོ།

 

སྟོང་ལོ་དགུ་ནས་མགོ་བརྩམས་པའི་རང་བསྲེགས་རླབས་རྒྱུན་དང་སྟོང་ལོ་བརྒྱད་ཀྱི་ཞི་རྒོལ་སྟེ་བོད་ནང་དུ་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་ལས་འགུལ་རྒྱ་ཆེར་སྤེལ་བ་དག་ནི་དབུ་མའི་ལམ་བགྲོ་གླེང་ལ་དཔུང་གཤིབ་བྱེད་ནས་ཡོད། འོན་ཏེ་རྒྱ་ནག་གིས་སྟོང་ལོ་ཉེར་གཉིས་ཀྱི་དགུན་ཁར་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་(Olympics)གཙོ་སྐྱོང་བྱེད་པ་དེས་ཚོད་རྩིས་ཅུང་ཙམ་ཐེབས་པ་ནི། སྟོང་ལོ་བརྒྱད་ཀྱི་དབྱར་ཁའི་ཨོ་རྩེད་ཆེན་མོའི་སྔོན་ཏག་ཏག་ལ་བྱུང་བའི་བོད་ས་གང་སར་ཁྱབ་པའི་ཞི་རྒོལ་ཆེན་མོ་དེ་འདྲ་ཞིག་བསྐྱར་ལངས་བྱེད་སྲིད་པ་དེའོ།

 

༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ། བོད་མི་ཚོས་རྒྱ་མིར་བདག་པའི་ཚོང་ཟོག་སོགས་བཅོམ་ཆག་སྐྱ་ཉིལ་དུ་བཏང་ཞིང་སྲང་ལམ་གྱི་ཧན་རྒྱ་མི་དག་ལ་རྒོལ་འཛིང་བྱས་པ་དེས། རྒྱ་ནག་གི་བོད་རང་སྐྱོང་ལྗོངས་ནང་གི་མི་རིགས་འགལ་ཟླའི་སེམས་ཚོར་དེ་ལྷོག་ལྷོག་ཏུ་འཁོལ་བར་བྱས། ” ཉིས་སྟོང་བརྒྱད་ལོར་བོད་ས་གང་སར་གཞི་རྒྱ་ཆེ་བའི་མི་དམངས་འོས་ལངས་ཤིག་བྱུང་བ་རེད་ཨང་། ” དྷ་རམ་ས་ལར་ཡོད་པའི་རིག་མཛོད་ཅིག་སྟེ། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཤེས་རབ་འོད་ཟེར་གྱིས་འདི་ལྟར་བརྗོད་སོང་། “མི་སུ་ཞིག་གིས་ཀྱང་དེ་འདྲ་ཞིག་ལ་རེ་བཞག་བྱས་ཡོད་པ་མ་རེད། འོན་ཀྱང་བོད་ནང་དུ་བོད་མི་ན་གཞོན་ཚོས་མགོ་འཁྲིད་དེ་རང་གི་དར་ཆ་ཡར་བསྒྲེངས་ནུས་ཤིང་། སློབ་གྲྭར་འཁྲིད་གཞིའི་དཔེ་དེབ་བོད་ཡིག་ནང་ཡོད་པར་འདོད་པ་དང་། ༧གོང་ས་མཆོག་ལ་ཆེ་བསྟོད་བྱེད། བོད་ནང་གི་གཞོན་ནུ་ཚོས་ཁོང་ཚོར་རང་དབང་དགོས་ཞེས་མངོན་བསྒྲགས་བྱེད།”

 

༢༠༠༨ ལོའི་ཞི་རྒོལ་རྗེས་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་དྲག་གནོན་བྱས་ཤིང་། དོགས་ཟོན་ཞིབ་བཤེར་ཤུགས་ཆེན་བྱས། ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་མནར་གཅོད་བྱས་པའི་གསར་འགྱུར་མང་དུ་སྤེལ། ༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་ནི་ནག་ཉེས་སུ་བསྒྲགས། ས་གནས་ནང་ཁུལ་དུའང་འགྲོ་འདུག་རང་དབང་ལ་བཀག་རྒྱ་གསར་བ་བཟོས་ཤིང་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ཁག་ཀྱང་བཀག་སྡོམ་ནན་མོ་བྱས་པ་རེད་ལ། བོད་ནས་སྐྱབས་བཅོལ་དུ་འགྲོ་བའི་རྒྱུན་དེའང་མངོན་གསལ་དོད་པོས་གཙང་བཅད་བྱས་པ་རེད། ཉིས་སྟོང་དགུ་ནས་བཟུང་བོད་ནང་དུ་བོད་མི་བརྒྱ་དང་ཞེ་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གི་དྲག་གནོན་ལ་ཡ་ལན་སྤྲད་ཡོད་པ་རེད། བོད་མི་རང་སྲེག་པ་ཚོའི་ནང་དུ་ལོ་ཚོད་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཡོད་ཚད་འདུས་ཤིང་། རང་སྲེག་པ་ཚོའི་ཆ་སྙོམས་ལོ་ཚད་ནི་ ༢༤ ཡིན་པ་དེས་བོད་ནང་དུ་བོད་མི་གཞོན་སྐྱེས་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་གྱེན་ལོག་བྱེད་པའི་གྲངས་ཀ་འཕེལ་བཞིན་པ་འདི་གསལ་བོ་བསྟན་ཡོད། “རང་སྲེག་ནི་ཏག་ཏག་ཆུ་བཞི་སྒང་དྲུག་གི་རྒྱ་རྒོལ་གྱི་རྒྱུན་ཞིག་ཡིན།” ཉིན་བྱེད་ཀྱིས་བརྗོད་སོང་། “དྲག་གནོན་དང་བཙན་བཟུང་ནི་རྟག་ཏུ་ཡོད་སྟབས་འགྱུར་བ་གཅིག་ཀྱང་ཐེབས་མེད། ངོ་རྒོལ་གྱི་འབྱུང་རྐྱེན་ནི་ད་དུང་འགྱུར་བ་ཕྱིན་མེད་ལ་སྔར་བཞིན་ཡོད་ནའང་། ངོ་རྒོལ་གྱི་རྣམ་པ་དེ་འགྱུར་ཡོད། ཁ་ཤས་ཀྱི་ཚོད་དཔག་ལྟར་ན། བོད་རང་བཙན་བསྐྱར་གསོའི་ལས་འགུལ་འདིས་རྒྱ་ནག་གི་ནང་སོག་དང་ཤིན་ཅང་རང་སྐྱོང་ལྗོངས་ས་ཁུལ་དུའང་ཁ་བྲལ་ལས་འགུལ་གྱི་སྟོབས་ཤུགས་རླབས་རྒྱུན་ལ་མེ་ཁ་སྦར་ཐུབ་ངེས། ” བོད་ནི་ཊུའུ་ནེ་ཤི་ཡ་(Tunisia)་བྱེད་ཆོག་སྟེ། རྒྱ་ནག་གཏོར་བའི་བོའུ་སྐམ་མམ་སློང་རྐྱེན་དེ་བྱེད་ཐུབ།” ཅེས་ཨ་རབ་དཔྱིད་ཀའི་གསར་བརྗེ་སློང་རྐྱེན་སྣ་འདྲེན་ཏེ་ ༢༠༡༠ ཟླ་ ༡༢ པའི་ནང་ཊུའུ་ནེ་ཤི་ཡའི་སྲང་ལམ་གྱི་ཚལ་བཙོང་མཁན་ཞིག་གིས་རང་བསྲེགས་བྱས་པ་དེར་དཔྱད་ཞིབ་ཀྱིས་བསྟན་འཛིན་ཉིན་བྱེད་ཀྱིས་བརྗོད་སོང་།

 

ཤུལ་བཞག (Legacy)

 

བོད་ཀྱི་འཇབ་རྒོལ་འཐབ་འཛིང་མཁན་ཚོས་རང་ཉིད་ལ་འཇིག་ཉེན་ག་ཚོད་ཆེ་ནའང་འཇིགས་ཞུམ་བྲལ་བའི་ངང་ནས་འཐབ་འཛིང་དྲག་པོ་བྱས་ཤིང་། ལག་ཏུ་རལ་གྲི་དང་འཛམ་གླིང་དམག་ཆེན་དང་པོའི་མེ་མདའ་ཐོགས་པའི་བོད་དམག་འཇབ་རྒོལ་པ་དག་གིས་གདོང་གཏོད་ས་ནི་རྒྱ་མིའི་མེ་སྒྱོགས་གོ་མཚོན་དང་ཁྲབ་ལྡན་སྒྱོགས་ཆེན་འཐབ་འཁོར། རྟ་ཐོག་ནས་གཡུགས་པའི་ལག་འབོམ་མམ་འབར་མདེལ་སོགས་ཡིན་སྟབས་ཤི་རྨས་ཚབས་ཆེན་ཐེབས་པ་རེད། “ཁོང་ཚོ་ནི་ཧ་ཅང་རྒྱལ་ཞེན་ཆེ་ཞིང་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་འཛིང་བྱེད་འདོད་མཁན་རྐྱང་རྐྱང་ཡིན་ལ། ཁོང་ཚོར་འཐབ་འཁྲུག་ཇི་ལྟར་རྒྱག་མིན་སྐོར་ལ་ཤེས་བྱ་གང་ཡང་མེད།” ཅེས་ལྡི་ལི་གསར་པར་གཞིས་ཆགས་པའི་ཆུ་བཞི་སྒང་དྲུག་གི་དམག་ཟུར་དང་ཁོ་ཚོའི་ནང་མི་ཚོར་བདག་སྐྱོང་བྱེད་མཁན་གྱི་རྩ་འཛུགས་ཤིག་སྟེ་མདོ་ཁམས་ཆུ་བཞི་སྒང་དྲུག་སྤྱི་ཚོགས་བདེ་སྡུག་ལྟེ་གནས་ཁང་གི་སྤྱི་དྲུང་། ལོ་ན་ ༣༧ ཅན་གྱི་བསྟན་པ་དར་རྒྱས་ཀྱིས་དེ་ལྟར་བརྗོད་སོང་། བསྟན་དར་གྱི་སྤོ་བོ་ནི་ཆུ་བཞི་སྒང་དྲུག་གི་འཐབ་འཛིང་མཁན་ཞིག་སྟེ་རྒྱ་མིར་འཐབ་ནས་ལྔ་ལམ་དུ་ཕྱིན་པ་རེད་འདུག ཁོས་བཤད་རྒྱུར་”ཁོང་ཚོའི་སྙིང་སྟོབས་ནི་ཁོང་ཚོའི་ཁོང་ཁྲོ་ལས་བྱུང་བ་རེད།”

 

IMG_3777-1024x682
( བསྟན་པ་དར་རྒྱས་ལོ་ ༣༧ ། མདོ་ཁམས་ཆུ་བཞི་སྒང་དྲུག་སྤྱི་ཚོགས་བདེ་སྡུག་ལྟེ་གནས་ཁང་གི་སྤྱི་ཁྱབ་དྲུང་ཆེ། )

ཆུ་བཞི་སྒང་དྲུག་གིས་བཙན་བྱོལ་ནས་བོད་གཞུང་འཛུགས་པར་ཆ་ཤས་གཙོ་བོ་དེ་བླངས་བ་རེད། ༡༩༥༩ ལོར་ཆུ་བཞི་སྒང་དྲུག་གིས་བོད་ལྷོ་ཕྱོགས་ཀྱི་ས་ཆ་དབང་དུ་བསྒྱུར་ཞིང་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བྲོས་བྱོལ་ཕེབས་སའི་འགེབ་སྲུང་བགྲོད་ལམ་བསྐྲུན་པ་རེད་ལ། ༧གོང་ས་མཆོག་བདེ་འཇགས་ངང་བཙན་བྱོལ་དུ་འབྱོར་རྗེས། ཆུ་བཞི་སྒང་དྲུག་གིས་བསྟུད་མར་ཧི་མ་ལ་ཡའི་འགག་འཕྲང་གཏོར་ནས་རྒྱ་གར་དང་བལ་ཡུལ་དུ་བྲོས་བྱོལ་དུ་ཕེབས་མཁན་བོད་མི་སྐྱབས་བཅོལ་བ་ཁྲི་སྟོང་མང་བོར་འགེབ་སྲུང་བྱས་ཡོད་པ་རེད། ༧གོང་ས་ཏཱ་ལའི་བླ་མ་བཙན་བྱོལ་དུ་མ་ཕེབས་པའི་ལོ་གཉིས་ཀྱི་སྔོན་ཏེ་༡༩༥༧ ལོར་ཨ་རིའི་གསང་བའི་ལས་ཁུངས་(CIA)གིས་ཆུ་བཞི་སྒང་དྲུག་གི་འཐབ་འཛིང་བ་ཁ་ཤས་ཆེད་དམིགས་དྲག་འདེམས་ཀྱིས་གཞོགས་འདེགས་དཔུང་དམག་གི་དམག་སྦྱོང་སྤྲོད་མགོ་བརྩམས་ཤིང་། གསང་བའི་དམག་སྒར་རམ་དམག་སྦྱོང་གཞིས་ཀ་སད་པན་(Saipan)དང་ཁེམ-ཧེད་ལི།(Camp Hale) ཁོད་ལོད་ར་སྒྲོད།(Colorado) ཁེམ-ཕེ་རེ།(Camp Peary) ཝེར་ཇེ་ནེ་ཡ་(Virginia)སོགས་ནས་སྦྱོང་བརྡར་སྤྲད་པ་རེད། ཁོང་ཚོའི་སློབ་སྟོན་གྲུབ་རྗེས། བོད་མི་གསང་མྱུལ་བ་ཚོས་ཨ་རིའི་གསང་བའི་ལས་ཁུངས་(CIA)གི་འཕུར་སྐྱོད་གནམ་གྲུ་འཛམ་གླིང་དམག་ཆེན་གཉིས་པའི་དུས་རབས་ B-17s རྟགས་ཅན་ཞིག་(ཆ་ཚང་ཚོན་ནག་པོས་གཡོགས།)ནས་ C-130s རྟགས་ཅན་དུ་བསྒྱུར་བ་ཞིག་ནས་རྒྱ་མིའི་བཙན་འོག་གི་བོད་ནང་དུ་མཆོངས་གདུགས་བརྒྱུད་ནས་འཛུལ་ཞིང་། གནད་དོན་ཅི་འབྱུང་ལ་ཁས་ལེན་མི་བྱེད་པའི་སྒྲུབ་བྱེད་ཅིག་བསྐྲུན་པར། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དང་ཐོག་ཡུ་རོབ་ཤར་མའི་གནམ་གྲུའི་ཁ་ལོ་བ་རྩ་འཛུགས་ཀྱིས་ཨུ་རུ་སུའི་ཡོ་ཁུ་རེན་(Soviet Ukraine )ལ་དམིགས་འབེན་གཏད་ཅིང་། ཨ་རིའི་ཁ་དབུགས་(Air America )རྟགས་ཅན་གྱི་གནམ་གྲུ་(ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཆེད་དམིགས་མཁའ་སྐྱོད་འགྲུལ་ལམ་ཞིག)དེས་རྗེས་སུ་བོད་དོན་དགོས་དམིགས་ཆེད་ལས་སྒྲུབ་བྱས། ཆུ་བཞི་སྒང་དྲུག་གིས་མཇུག་མཐར་བལ་ཡུལ་འཁོབ་གློ་སྨོན་ཐང་ནས་གཞིས་སྒར་བཙུགས་ཤིང་། གནས་དེ་ནས་རྒྱལ་མཚམས་བརྒལ་ནས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་བརྩམས་པ་རེད། ཨ་རིའི་གསང་བའི་ལས་ཁུངས་(CIA)ཀྱིས་ཆུ་བཞི་སྒང་དྲུག་ལ་གནམ་གྲུ་ནས་གོ་མཚོན་དང་རྫས་མདེལ། རྒྱགས་ཆས་སོགས་མཁོ་སྤྲོད་ཀྱིས་༡༩༧༢ ལོའི་བར་དུ་རྒྱབ་སྐྱོར་བྱས།

 

སྲིད་འཛིན་རེ་ཆ་ཌི་-ནེ་ཟོན་( Richard Nixon)གྱིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྤྱི་སྙོམས་སུ་བཟོས་པ་དང་བསྟུན་ཏེ། ཨ་རིས་བོད་ཀྱི་རྒོལ་འཛིང་ལས་འགུལ་ལ་རྒྱབ་སྐྱོར་རོགས་འདེགས་བྱེད་མཚམས་བཞག་པ་རེད། ཆུ་བཞི་སྒང་དྲུག་གིས་ཨ་རིའི་རོགས་སྐྱོར་མེད་པར་མུ་མཐུད་དུ་བལ་ཡུལ་ནས་བོད་ནང་དུ་རྒྱ་རྒོལ་ལས་འགུལ་ལོ་མང་སྤེལ་ཡང་འགྲུབ་འབྲས་ཉུང་ཙམ་ལས་སོན་མེད། “དེ་ནི་ཨ་རིས་རྒྱབ་ལོགས་ནས་ཐུན་མོང་ཐོན་སྐྱེད་ཚོགས་པའི་ཕྱོགས་ཁག་(དམར་ཤོག་ཕྱོགས་ཁག)ལ་སུན་གཙེར་བརྙས་བཅོས་བྱེད་པའི་ཐབས་ཇུས་ཀྱི་གོམ་སྟབས་ཤིག་ལས། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་དམག་བྱུས་ཀྱི་ཐག་གཅོད་ཅིག་མ་རེད།” ཅེས་ཆུ་བཞི་སྒང་དྲུག་གི་དམག་ཟུར་ཚེ་རིང་གིས་འདི་ལྟར་བརྗོད་སོང་། ཁོས་ད་དུང་ “ང་ཚོར་ཕམ་ཁ་བྱུང་སོང་བས་དེ་ནི་མི་གཞན་ལ་མཛུབ་ཀེར་གྱིས་ཁག་དཀྲི་བྱེད་པར་ལས་སླ་མོད། ང་ཚོས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་རྒྱབ་སྐྱོར་རོགས་འདེགས་དེ་མ་རྩར་བཟུང་ནས་བོད་དོན་འདི་རྒྱལ་སྤྱི་རང་བཞིན་དང་རྒྱབ་སྐྱོར་རག་ཆེད་འཛམ་གླིང་དགོངས་ཚུལ་ཟླ་སྒྲིལ་གཏོང་བར་ཕམ་ནས་འཇོན་མ་སོང་པ་དེ་རེད།”ཟེར།

 

༡༩༧༤ ལོར་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་ནས་གོར་དམག་གིས་གློ་སྨོན་ཐང་གི་རི་གསེང་ནས་ཆུ་བཞི་སྒང་དྲུག་ཁོལ་དུ་ཕྱུང་ཞིང་མཐོ་སྒང་ནས་མེ་མདས་འཐབ་པས་(ཨ་རིའི་གསང་བའི་ལས་ཁུངས་ཀྱིས་”ཁེམ-ཧེད་ལུ་”དང་”ཁོད་ལོད་ར་སྒྲོད”་ནས་དམག་སྦྱོང་སྤྲད་མྱོང་བའི་ཁོང་ཚོའི་དམག་དཔོན་དང་དམག་སྤྱི་རྒྱ་རྡོ་དབང་འདུས་ཚུད་པའི།)མང་པོ་ཞིག་འཆི་ལམ་དུ་བཏང་། ༧གོང་ས་ཏཱ་ལའི་བླ་མས་སྒྲ་ཕབ་སྐད་འཕྲིན་ཞིག་བསྐུར་ནས་གློ་སྨོན་ཐང་གི་ངོ་རྒོལ་འཐབ་འཛིང་གི་གོ་མཚོན་མར་ཕབ་ཏུ་བཅུག འཐབ་འཛིང་བ་རེ་འགས་རང་སྲོག་བཅད། བོད་མི་མང་པོ་ཞིག་ལ་མཚོན་ན་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་ལོ་རྒྱུས་ཀྱི་བྱུང་བ་དང་། བོད་མིའི་ངོ་རྒོལ་འཐབ་འཛིང་ཁྲོད་ཀྱི་ཚེ་སྲོག་ཤོར་བའི་ཤུལ་བཞག་འདིས་ཁོང་ཚོ་ཕྱིར་རྒྱའི་དབང་སྒྱུར་འོག་ལོག་འདོད་ཀྱི་ཡི་ག་འགག་པར་བྱས་ཡོད་དེ། དེ་བས་ཁོང་ཚོས་དབུ་མའི་ལམ་ནི་”འབོད་སྐུལ”ཙམ་ལ་མཐོང་གི་ཡོད། “ཐ་ན་ཁོང་ཚོས་ང་ཚོ་རྒྱ་ནག་དང་མཉམ་དུ་གྲོགས་པོ་འཆམ་པོ་བྱེད་རོགས་ཞུས་ནའང་། ངས་དེ་སྒྲུབ་མི་ཐུབ། ཁོང་ཚོས་ང་ཚོའི་ཡབ་མེས་དག་བསྒྲལ་སོང་བས། ངས་ཁོང་ཚོ་དང་མཉམ་དུ་གྲོགས་བྱེད་མི་ཐུབ། ང་ཚོར་རང་ཉིད་ཀྱི་རྒྱལ་ཁབ་ཕྱིར་དགོས། ང་ཚོ་རྒྱ་ནག་གི་དབང་སྒྱུར་འོག་འཚོ་མི་འདོད།”ཅེས་བསྟན་དར་ལགས་ཀྱིས་བརྗོད་སོང་།

 

ལས་དབང་། (Karma)

 

ཆུང་བདག་སྤོམ་ཇོ་ཚང་གིས་ ༡༩༥༩ ལོར་རྒྱ་དམག་གིས་ཁོང་གི་ཨ་མ་ཇི་ལྟར་དམར་གསོད་བྱས་ཚུལ་འགྲེལ་བརྗོད་མ་ཞུ་གོང་ནས་ངུ་ཤུམས་བྱས་སོང་། སྤོམ་ཇོ་ཚང་ནི་ད་ལོ་དགུང་ལོ་ ༦༦ ལ་བསླེབས་འདུག་ལ། ལག་ཟུང་གིས་མིག་གཉིས་བཀབ་ཅིང་བྲང་ཁོག་ནས་དབུགས་རིང་འགའ་འབྱིན་རྗེས། སྐད་ཆ་འགའ་བཤད་པར་ནན་གྱིས་འབད། འོན་ཏེ། བསྐྱར་དུ་སྐད་ཕྱུང་ནས་མིད་པ་དག་སེལ་འགའ་བྱས་རྗེས། སྐད་ཅིག་ལ་ཁུ་སིམ་མེར་བཞུགས་རྗེས་ཁང་ཀླད་ལ་ལྟ་བཞིན་མུ་མཐུད་དུ་བརྗོད་སོང་། སྤོམ་ཇོ་ཚང་ནི་ཐུན་མོང་ཐོན་སྐྱེད་ཚོགས་པའམ་དམར་གཞུང་གིས་བོད་ས་བཙན་བཟུང་སྐབས་ཁོང་གི་ཨ་མ་དང་ཨ་ཕ། ཨ་ཁུ་དང་ཇོ་ཇོ་ཆེ་བ་རྣམས་དང་མཉམ་དུ་ཧི་མ་ལ་ཡའི་འགག་འཕྲང་བརྒྱུད་ནས་བྲོས་བྱོལ་དུ་ཕེབས་སྐབས་ཏག་ཏག་ལོ་ན་དྲུག་ལ་སོན་ཡོད་པ་རེད། ཁོང་གིས་བཤད་ན་ཁོང་ཚོ་ནི་མི་བཞི་བརྒྱ་ཙམ་གྱི་ཚོགས་པ་ཞིག་གི་ནང་ན་ཡོད་ཟེར། རྒྱ་དམག་གི་བཙན་འཛུལ་འགོག་ཆེད་ཕོ་གསར་ཚོ་དང་ཆུ་བཞི་སྒང་དྲུག་གི་འཇབ་རྒོལ་འཐབ་འཛིང་པ་རྣམས་གཞུག་ནས་བསྐོར་ཞིང་ལོ་ཆུང་བྱིས་པ་དང་བུད་མེད། རྒས་འཁོགས་རྣམས་མདུན་ནས་ཕྱོགས་པ་རེད།

 

IMG_4036-1024x683
( ཆུང་བདག་སྤོམ་ཇོ་ཚང་ལོ་ ༦༡ ། ༡༩༥༩ ལོར་ནང་མི་ཚོ་དང་མཉམ་དུ་བོད་ནས་བྲོས་བྱོལ་དུ་ཕེབས། )

ཁོང་ཚོའི་ཚོགས་པ་འདི་ནི་བཅིངས་འགྲོལ་དམག་མིས་བོད་རྒྱལ་ས་ལྷ་སའི་ངོ་རྒོལ་གྱེན་ལངས་པ་རྣམས་ལ་གོ་མཚོན་བསྐོར་རྗེས། ༡༩༥༩ ལོར་བོད་མི་བརྒྱད་ཁྲི་བལ་ཡུལ་དང་རྒྱ་གར་ནང་ཕྱིན་པའི་ཁྲོད་ཀྱི་ཆ་ཤས་ཤིག་རེད། ཆུང་བདག་སྤོམ་ཇོ་ཚང་གིས་དྲན་སོས་པ་ནི་རྒྱ་དམག་གི་འཇབ་རྒོལ་ཐེབས་དུས་རི་འགོའི་རྡོ་མཁྲེགས་སྟེང་ལ་མདེས་འཐབ་པའི་འཛེར་སྒྲ་དང་། ས་མཐོའི་གནས་བབ་བརྒྱུད་ནས་འགྲོ་དུས་ཡིབ་ས་མེད་སྟབས། མདུན་དུ་ལྷག་པའི་གདམ་ག་ནི་འབྲོ་རྒྱུ་ཡིན་ནམ་ཕྱིར་རྒོལ་འཛིང་བྱེད་རྒྱུ་དེ་རེད་ཟེར། ཆུང་བདག་སྤོམ་ཇོ་ལགས་ཀྱི་ཨ་ཕས་སྐྲག་འདར་བྱེད་བཞིན་པའི་རང་གི་བུ་ཆུང་མེ་མདའི་འཐབ་འཁྲུག་ཁྲོད་ནས་མགོ་འཁོར་བོར་བརླགས་སུ་མི་འགྲོ་ཆེད་ནམ་རྒྱུན་རྒྱགས་ཆས་སྐྱེལ་མཁན་གྱི་རྟ་ཚོགས་ཁྲོད་ནས་གཅིག་གི་རྒྱབ་ལ་དམ་པོར་བསྡམས་བཀྱིགས་བྱས་རྗེས། ཁོང་གི་ཨ་ཁུ་དང་ཨ་ཕ་མཉམ་པོར་ཆུ་བཞི་སྒང་དྲུག་འཇབ་རྒོལ་དམག་ནང་དུ་ཞུགས་ནས་རྒྱ་དམག་ལ་རྒོལ་འཛིང་བྱས། འཇབ་རྒོལ་ཐེབས་པའི་སྐབས་སུ། ཆུང་བདག་སྤོམ་ཇོའི་ཨ་མའི་ལུས་ཟུར་ལ་མདེའུ་ཕོག་ནས་དེ་མ་ཐག་འདས་གྲོངས་སུ་གྱུར། “ང་ཚོས་ཁོ་མོ་གངས་ཐོག་ནས་བསྐྱུར་རྗེས་བྲོས་ཕྱིན་པ་ཡིན། ” རྒྱ་གར་གྱི་ཧི་མ་ལ་ཡའི་བླ་དྭགས་ས་ཁུལ་གྱི་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་བསོད་ནམས་གླིང་ནས་ཆུང་བདག་སྤོམ་ཇོ་ཚང་ལ་བཅར་འདྲི་ཞིག་གི་སྐབས་སུ་འདི་ལྟར་བརྗོད་སོང་། ཁོང་གིས་ད་དུང་”དེ་དུས་ང་ཧ་ཅང་ལོ་ཆུང་ཡིན། འོན་ཀྱང་། ད་སྐབས་ང་ཇི་ལྟར་བརྒས་ན་དེ་ལྟར་ན་ཟུག་ཆེ་རུ་འགྲོ་བཞིན་འདུག ངས་གངས་འཁྱག་སྒང་ལ་བསྙལ་ནས་ཡོད་པའི་ཁོ་མོའི་སྐོར་ལ་བསམ་བློ་གཏོང་མཚམས་འཇོག་ཐུབ་ཀྱི་མི་འདུག མཚན་མོར་ངས་ཁོ་མོ་རྨི་ལམ་ནས་ཡང་ཡང་མཇལ་གི “ཞེས་བརྗོད་སོང་།

 

ལོ་ངོ་ང་དྲུག་གི་རྗེས་ནས། ཨ་མ་དམར་གསོད་ཐེབས་པ་ལས་བསླངས་པའི་ཆུང་བདག་སྤོམ་ཇོའི་སྐྱོ་གདུང་གི་ན་ཟུག་དང་ཁོང་ཁྲོ་དེ་ད་དུང་ཡལ་མི་འདུག ཁོང་གིས “རྒྱ་ནག་ནི་ད་དུང་དགྲ་བོ་ཡིན།”ཟེར། ཁོང་ཕྱིར་བོད་དུ་ལོག་མྱོང་མེད་ལ། གཅིག་བྱས་ན་རྦད་དེ་ཕྱིར་ལོག་མི་ཐུབ་པ་ཡང་དགོངས་ཀྱི་འདུག ཡིན་ནའང་། བོད་རང་བཙན་བསྐྱར་གསོ་བྱེད་པའི་རེ་བ་དེ་ད་དུང་ཡང་ཡལ་མེད་ལ། རེ་བ་དེ་ནི་ཁོང་གིས་༧གོང་ས་ཏཱ་ལའི་བླ་མར་བཅངས་པའི་འགྱུར་མེད་སྲ་བརྟན་གྱི་དད་མོས་དེས་རྒྱུན་བསྲིངས་བྱས་འདུག “ང་ཚོར་རླབས་ཆེན་གྱི་རེ་བཞག་ཅིག་ཡོད་པ་ནི་༧གོང་ས་མཆོག་ཞིང་ལ་མ་གཤེགས་སྔོན་དུ་བོད་ལ་ཕྱིར་གདན་འདྲེན་ཞུ་རྒྱུ་དེ་ཡིན།”ཟེར། ད་དུང་”ཇི་སྲིད་བར་དུ་༧གོང་ས་མཆོག་གི་སྐུ་ཚེའི་ཞབས་པད་བརྟན་ན། རང་དབང་ནི་ཐོབ་སྲིད་པ་ཞིག་ཡིན་པར་ང་ཚོ་ཡིད་ཆེས་སྟོབས།”ཞེས་བརྗོད་སོང་། ཆུང་བདག་སྤོམ་ཇོ་ཚང་གི་གདོང་ནས་འཛུམ་མདངས་ཞིག་འཁྱིལ་བཞིན་མཐར་ཁོས་འདི་ལྟར་བརྗོད་སོང་། “ང་ཚོས་རེ་བར་༧གོང་ས་མཆོག་རྒྱ་ནག་གི་དམར་ཤོག་ཚོགས་པ་(ཐུན་མོང་ཐོན་སྐྱེད་ཚོགས་པ)ལས་ཡུན་རིང་དུ་སྐུ་འཚོ་བཞུགས་གནང་བར་ཤོག”

 

མ་རྩོམ། http://dailysignal.com/2015/10/29/why-the-legacy-of-tibets-cold-war-freedom-fighters-still-matters/#

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 1

  1. Bhutrul says:
    ལོ་ 9 སྔོན།

    སྤྱི་རྒྱལ་གྱི་སྐད་ཡིག་གཞན་དུ་ཐོན་པའི་བོད་དོན་སྐོར་གྱི་རྩམ་ཆོས་སོགས་བོད་བསྒྱུར་བྱེད་པའི་བོད་ཀྱི་དུས་བབས་ཀྱི་ལས་འཆར་དེ་ནི་བོད་མི་རིགས་ལ་ཕན་ཐོགཧ་ཅང་ཆེ་བ་ཞིག་ཡིན་པའི་སྙིང་ནས་དཀའ་དྲིན་ཆེ་ཞུ་རྒྱུ་ཡིན་བོད་ཡིག་གི་བརྒྱུད་ལམ་ནི་བོད་མི་རིགས་ལ་ལེགས་བསྐྱེལ་འབུལ་ཐུབ་པའི་དམངས་གཙོའི་ཀ་བ་བཞི་པ་ཟེར་དེ་གོང་ཞུས་ཚད་ལྡན་གྱི་རྩོམ་ཡིག་ལ་བལྟས་ཤེས་ཐུབ་པ་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese