མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་མཐོ་རིམ་སློབ་མའི་རེ་སྐུལ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག་རིག་གནས་རབ་འབྱམས་པའི་བསླབ་གཞི་གཏན་འབེབས་དང་སློབ་གྲྭ་ཁག་ཏུ་དུད་ཆང་དང་དུག་རྫས་རིགས་སྤྱོད་མཁན་ཧ་ཅང་མང་བ་འགོག་ཐབས་དགོས་པ་སོགས་གྲོས་ཆོད་དོན་ཚན་ ༢༠ ལྷག་སྤྱི་མོས་གཏན་འབེབས་གནང་འདུག

IMG_4987བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་པ་ཁ་སང་ས་རཱ་མཐོ་སློབ་ནས་ མཇུག་སྒྲིལ་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་བོད་རིགས་མཐོ་རིམ་སློབ་མ་ ༦༥ ཙམ་གྱིས་ཉིན་གྲངས་ ༦ རིང་བགྲོ་གླེང་གཏམ་བཤད་གནང་བ་བརྒྱུད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ་བཅས་ལ་སྙན་གསེང་ཞུ་རྒྱུའི་གྲོས་ཆོད་དོན་ཚན་ ༢༠ ལྷག་སྤྱི་མོས་གཏན་འབེབས་གནང་འདུག

བོད་རིགས་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་གསར་པ་བསོད་ནམས་ཚེ་བརྟན་ལགས་སུ། ཐེངས་འདིའི་གྲོས་ཆོད་རྣམས་གཏན་འབེབས་གནང་ཕྱོཊ་དང་། ཚོགས་ཆེན་ཐེངས་དགུ་པའི་སྙན་ཞུའི་གྲོས་ཆོད་རྣམས་ལ་གྲུབ་འབྲས་ཅི་ཙམ་ཐོན་ཡོད་ དྲིས་པར་ཁོང་གིས། སྤྱིར་བཏང་ང་ཚོས་གྲོས་ཆོད་ཧང་སང་བ་མང་པོ་བཞག་ཡོད་པ་རེད། ཡིན་ནའང་། ཤེས་རིག་དང་གྲོས་ཚོགས། བོད་ཁྱིམ་གཉིས་བཅས་ལ་འབུལ་རྒྱུ་དེ་ཚོ་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་རྣམས་རེད། ད་རེས་ཚོགས་ཆེན་ཐོག་ཤེས་རིག་བཀའ་བློན་མཆོག་ཕེབས་ཡོད་པ་དང་། ཚོགས་ཆེན་ཐོག་གང་བྱུང་བ་རྣམས་ཡར་བཀའ་འདྲི་ཞུ་སྐབས་ལན་འདེབས་གནང་བ་དེ་ཚོ་དཔེ་ཚགས་ཚུད་པོ་དང་ཡག་པོ་བྱུང་སོང་། ཞེས་དང་།

ཡང་ཁོང་གིས། ང་ཚོའི་ཚོགས་ཆེན་ཐེངས་དགུ་པའི་སྐབས་སུ་ཕུལ་བའི་གྲོས་ཆོད་མང་ཆེ་བ་ཞིག་ལ་ཤེས་ རིག་དང་གྲོས་ཚོགས། དེ་བཞིན་བོད་ཁྱིམ་བཅས་ཀྱི་ངོས་ནས་ལན་འདེབས་ཧང་སང་བ་ཡག་པོ་གནང་སོང་། ང་རང་ཚོས་རེ་སྐུལ་ཞུས་པ་ལྟར་གྲོས་ཆོད་ཀྱི་ནང་ནས་ཁ་ཤས་ལག་བསྟར་གནང་ཚར་བ་དང་། ཁ་ཤས་ཤིག་ད་ལྟ་ལག་བསྟར་འགྲོ་བཞིན་པ་ཡིན་པ་རེད། ཡང་འགའ་ཤས་ཤིག་མ་འོངས་པར་ལག་བསྟར་གནང་བར་འབད་བརྩོན་གནང་གི་ཡིན་ཞེས་ལན་འདེབས་བྱུང་སོང་ལ། ང་རང་ཚོས་བསམ་པ་ལྟར་གྲུབ་འབྲས་གང་ལ་གང་འཚམ་ཐོབ་སོང་བས་དགའ་ཚོར་བྱུང་ལ། སོ་སོའི་འདོད་བློ་ཚིམ་པ་འདྲ་པོ་ཞིག་བྱུང་། མ་འོངས་པར་གྲོས་ཆོད་དེ་ཚོ་ཏག་ཏག་འགྲོ་ཡི་ཡོད་མེད་ཐོག་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་གི་ངོས་ནས་ཞིབ་འཇུག་མཐར་ཕྱིན་པ་བྱས་ཏེ་སྐབས་བཅུ་གཅིག་པའི་ཚོགས་ཆེན་ཐོག་སྙན་གསེང་ཞུ་ཡི་རེད་ལ། དོན་འབྲས་མ་སོན་པ་རྣམས་ཀྱི་ཐད་ང་ཚོས་མུ་མཐུད་ནས་གྲོས་ཆོད་བཞག་སྟེ་འབྲས་བུ་ཐོན་པར་འབད་བརྩོན་བྱེད་ངེས་ཡིན། ཞེས་བརྗོད་བྱུང་།

ཐེངས་འདིའི་ཚོགས་ཆེན་ཐོག་སྤྱི་མོས་བྱུང་བའི་གྲོས་ཆོད་དེ་ཤེས་རིག་ལས་ཁུངས་ལ་ཕུལ་བའི་དོན་ཚན་རྣམས་ནི། ༡༽ བོད་ཀྱི་དཔེ་མཛོད་ཁང་དང་ཤེས་རིག་དཔར་ཁང་སོགས་ནས་དཔེ་དེབ་ཚོང་སྐབས་སློབ་གཉེར་བའི་སྡེ་ཁག་ལ་རིན་གོང་ཏོག་ཙམ་དམའ་བའི་ཐོག་ཚོང་དགོས་པ་དང་། བོད་ནས་བཏོན་པའི་དཔེ་དེབ་གལ་འགངས་རིགས་ཤེས་རིག་ལས་ཁུངས་དང་དཔེ་མཛོད་ཁང་ནས་བསྐྱར་དཔར་ཐུབ་ན་ལེགས།

༢༽ ཇཱ་ཝ་ལ་ནེ་རོ་གཙུག་ལག་སློབ་གཉེར་ཁང་དང་། ལྡི་ལི་གཙུག་ལག་སློབ་གཉེར་ཁང་སོགས་ཀྱི་ནང་རྒྱལ་སྤྱི་སློབ་མའི་སློབ་ཡོན་ཕྱེད་བཅག་གནང་ཀྱིན་ཡོད་པས། དེ་ལྟ་བུའི་ཕྱེད་བཅག་མཐོ་སློབ་གཞན་གྱི་ནང་ཕྱེད་བཅག་ཡོང་ཐབས་སུ་རང་གཞུང་ཤེས་རིག་ལས་ཁུངས་ནས་ཕྱག་ལས་གནང་དགོས།

༣༽ ཆེད་ལས་དགེ་འོས་གསོ་སྐྱོང་ཡང་དག་ཡོང་ཐབས་སུ་ཤེས་རིག་དགེ་འོས་དང་། བྷོམ་རྡར་དགེ་འོས་སོགས་ཀྱི་སློབ་ཚན་གཏན་འབེབས་ཡང་དག་གནང་དགོས་ཀྱིན་འདུག དཔེར་ན། ཨང་རྩིས་དགེ་རྒན་ལ་ཨང་རྩིས་སློབ་དཔེ་གཏན་འབེབས་གནང་བ་སོགས་ཡིན།

༤༽ ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་དེ་མ་འོངས་པར་བོད་མིའི་གཞིས་ཆགས་ཤིག་ལ་ཚོགས་འཐུབ་པ་གནང་དགོས་པ་དང་། ཤེས་རིག་ལས་ཁུངས་ནས་ཕ་མ་ཚོས་ཁྱིམ་ཚང་གི་ཕྲུ་གུར་ལྟ་སྐྱོང་བྱེད་སྟངས་ཐོག་ཤེས་རིག་ལས་ཁུངས་ནས་ཞིབ་དཔྱོད་ནན་པོ་གནང་དགོས་ཀྱིན་འདུག

༥༽ སྲིད་སྐྱོང་གཟེངས་རྟགས་བཞིན་བོད་ཀྱི་སྐད་ཡིག་སྦྱང་རྒྱུར་སྤོབས་པ་དང་གདེང་ཚོད་གང་ལེགས་ཡོང་ཐབས་སུ་ལོ་ལྟར་རྒྱ་གར་རྒྱལ་ཡོངས་ཡིག་ཚད་ནང་བོད་ཡིག་བརྒྱ་ཆ་མཐོ་ཤོས་སོན་མཁན་ལ་དམིགས་བསལ་གཟེངས་རྟགས་ཞིག་འབུལ་དགོས་ཀྱིན་འདུག་ཅེས་བཀོད་འདུག

༦༽ དབྱིན་ཇི་དང་རྒྱ་གར་གྱི་བྱིས་པའི་སློབ་གསོ་གློག་བརྙན་འཐུང་ངུ་ Cartoon/ Animation དག་བོད་སྐད་ནང་སྒྲ་སྦྱོར་གནང་ཐབས་སུ་ཤེས་རིག་ལས་ཁུངས་ནས་སྒྲ་སྦྱོར་ཚན་པ་ཞིག་འཛུགས་དགོས་འདུག་ཀྱིན་འདུག

༧༽ བོད་གཞུང་ཤེས་རིག་ལས་ཁུངས་ནས་ཆེད་ལས་པ་དང་། སྒྱུ་རྩལ་པ་རྣམས་གསོ་སྐྱོང་ཡག་པོ་ཡོངས་ཐབས་སུ་དེ་དག་ལ་བདག་སྐྱོང་གནང་དགོས་ཀྱིན་འདུག   དཔེར་ན། གློག་བརྙན་བཟོ་སྐྲུན་པ། པར་པ་སོགས་རེད།

༨༽ རྒྱ་གར་རྒྱལ་ཡོངས་ཀྱི་ NET ཡིག་རྒྱུགས་དེ་དག་བོད་རིགས་སློབ་ཕྲུག་ཚོས་གཏོང་ཆོག་མིན་ཐད་ཤེས་རིག་ཁུངས་ནས་བོད་ཁྱིམ་དང་གཏན་ཉིན་སློབ་གྲྭ་ཁག་གི་ནང་དུ་ལམ་སྟོན་གང་ལེགས་གནང་དགོས་འདུག

༩༽བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་སོགས་ཀྱི་ནང་རིག་གནས་རབ་འབྱམས་པའི་ཆེད་ལས་སློབ་གཞི་གཏན་འབེབས་དང་། སློབ་ཚན་བྱེ་བྲག་པ་དཔེར་ན་རྩོམ་རིག་དང་ལོ་རྒྱུས་ཐོག་ཆེད་ལས་སློབ་གཉེར་བ་མང་དག་ཅིག་གསོ་སྐྱོང་བྱ་དགོས་ཀྱིན་འདུག

ཡང་ཚོགས་ཆེན་ཐོག་སྤྱི་མོས་བྱུང་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་དབུལ་རྒྱུའི་སྙན་ཞུའི་ནང་། གཅིག ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྱི་སྐུ་ཕྱྭའི་ཉེ་བསྲུང་དང་། སྐུ་ངལ་གསོལ་རྒྱུའི་དུས་ཚོད་མང་ཙམ་གནང་དགོས་ཀྱིན་འདུག

གཉིས། སྤྱི་ཚོགས་དང་མི་མང་ལ་མིག་དཔེ་བཟང་པོ་འགྱུར་ཆེད་གྲོས་ཚོགས་རཱ་བའི་ནང་དུ་སྒེར་གྱི་གནད་དོན་མི་གླེང་བར་སྤྱི་པའི་རྩ་དོན་གཙོ་གནད་འཇོག་རྒྱུར་ཐབས་ཇུས་གསར་པ་ལག་བསྟར་གནང་དགོས།

གསུམ། སློབ་གྲྭ་དང་མཐོ་སློབ་ཁག་ཏུ་ཆང་རག་དང་དུག་རྗས་རིགས་ལོངས་སུ་སྤྱོད་མཁན་ཧ་ཅང་མང་བས། དེའི་ཐོག་སྒྲིག་འཛུགས་ཀྱི་ངོས་ནས་སྲིད་ཇུས་གཏན་འབེབས་དང་། ལག་བསྟར་བྱ་དགོས་འདུག

བཞི། སློབ་གྲྭ་ཁག་གི་ནང་དུ་འཁྲིག་སྤྱོད་ཀྱི་སློབ་གསོ་དང་འབྲེལ་བའི་སྐོར་ལ་ལམ་སྟོན་གང་མང་གནང་དགོས།

ལྔ། ཆོས་རིག་ལས་ཁུངས་བརྒྱུད་ནས་བཤད་གྲྭ་ཡོད་པའི་དགོན་སྡེ་ཁག་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ནང་མཉམ་ཞུགས་གནང་བར་འབད་སྐུལ་གནང་རོགས་ཞེས་བརྗོད་འདུག

དེ་བཞིན་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་ལ་དབུལ་རྒྱུའི་སྙན་ཞུའི་ནང་དུ། སློབ་གྲྭ་ཁག་ཏུ་ཆང་རག་དང་དུག་རྫས་རིགས་སྤྱོད་མཁན་ཧ་ཅང་མང་པོ་ཡོད་པ་དེར་སློབ་གྲྭའི་འཛིན་སྐྱོང་ནས་སྲིད་ཇུས་གཏན་འབེབས་ཀྱིས་ལག་བསྟར་དགོས་པ་དང་། འཁྲིག་སྤྱོད་ཀྱི་སློབ་གསོ་དང་འབྲེལ་བའི་ལམ་སྟོན་གང་མང་གནང་དགོས་པ། དེ་བཞིན་ཡིག་རྒྱུགས་ཀྱི་བརྒྱ་ཆ་ལ་བརྟེན་ནས་འཛིན་གྲྭ་ཁག་ལ་དུང་དཀར་དང་འབུམ་པ། པདྨ་སོགས་ཀྱི་དབྱེ་འབྱེད་བྱས་པ་དེས་སློབ་མའི་ཤེས་སྤྱོད་སོགས་ལ་གནོད་བཞིན་ཡོད་པས་མེད་པ་བཟོས་ན་ཡག་པོ་ཡོད་པ། གཞན་ཡང། བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་སོགས་ཀྱི་ནང་རིག་གནས་རབ་འབྱམས་པའི་ཆེད་ལས་བསླབ་གཞི་གཏན་འབེབས་དང་། སློབ་ཚན་བྱེ་བྲག་པ་དཔེར་ན་རྩོམ་རིག་དང་ལོ་རྒྱུས་སོགས་ཀྱི་ཐོག་ཆེད་ལས་སློབ་གཉེར་བ་མང་དག་ཅིག་གསོ་སྐྱོང་དགོས་པ་དང་། མ་སུ་རི་བོད་ཁྱིམ་ནས་ཝཱ་ཎ་མཐོ་སློབ་དང་བྷ་རཱ་ཎ་སི་གཙུག་ལག་གཙུག་ལག་སློབ་གཉེར་ཁང་སོགས་སུ་ཤེས་ཡོན་མཚམས་གཟིགས་ལོ་ལྟར་གནང་དགོས་པ་དང་། མ་སུ་རི་བོད་ཁྱིམ་ནས་སློབ་ཡོན་ཐོབ་བཞིན་པའི་སློབ་མ་རྣམས་ལ་སློབ་ཡོན་དུས་ཐོག་ཏུ་མ་རག་པའི་དབང་གིས་སློབ་མའི་སློབ་བཞུགས་བྱེད་ཕྱོགས་སོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་བཅས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༨ སྔོན་ལ།
སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག ༡༡།༥།༢༠༢༦
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

ཆུ་ཚོད་ ༡༣ སྔོན་ལ།
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨

མཆན། 1

  1. ཤིང་ནགས་མེ་ཏོག ། says:
    ལོ་ 10 སྔོན།

    བོད་རིགས་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་བསོད་ནམས་ཚེ་བརྟན་ལ་འཚམས་འདྲི།
    གུས་པས་སྐབས་བཅུ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཡེ་ཤེས་དཔལ་ལྡན་གཙོས་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese