མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་མགོ་ཁྲིད་རྒྱལ་ཡོངས་ཚོགས་ཆེན་འཚོགས་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་འབྲུག་ཡུལ་དུ་བོད་མི་ཡུལ་མིའི་ཐོབ་ཐང་རག་ཡོད་མཁན་སྐོར་ཞིག་དང་སྐྱབས་བཅོལ་ལག་འཁྱེར་རག་ཡོད་པ་སྐོར་ཞིག་བཅས་རིགས་གསུམ་ཡོད་སྐོར་ངོ་སྤྲོད་གནང་སོང་།

dolma-gyariདེ་རིང་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་ཏེ། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ད་ལོར་ ‘བོད་པའི་བུད་མེད་མགོ་ཁྲིད་ཀྱི་རྒྱལ་ཡོངས་ཚོགས་ཆེན’ ཟེར་བ་ཞིག་ཚོགས་འཆར་ཡོད་པ་དང་། དེ་ལ་ཧིན་སྒོར་འབུམ་ ༢༡ བཀའ་འཁྲོལ་ཞུས་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་། དེའི་སྐོར་ལ་བཀའ་བློན་མཆོག་གིས་གསུངས་དོན། “འདས་པའི་ལོ་ལྔ་བཅུ་དྲུག་ཅུར་ཕར་བལྟས་པ་ཡིན་ན། སྒང་དུ་སྡོད་མཁན་བུད་མེད་ག་ཚོད་ཡོད་མེད་ཙམ་མ་ཡིན་པར། གཞི་རིམ་གྱི་བརྒྱ་དཔོན་དང་ས་གནས་འཐུས་ཚོགས་སོགས་ཀྱི་ནང་དུ་བུད་མེད་མགོ་ཁྲིད་མཁན་ག་ཚོད་ཡོད་པ་དེ་དག་ཡོངས་རྫོགས་ཀྱི་རྒྱས་འཛོམ་ཞིག་གནང་ཐུབ་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་བྱེད་འཆར་སོགས་ལ་བསམ་བློ་གསར་པ་རྙེད་པ་དང་། གཞི་རིམ་མང་ཚོགས་ནང་གི་བུད་མེད་དེ་དག་ལའང་ནུས་པ་ཆེ་རུ་འགྲོ་བར་ཏན་ཏན་ཕན་ཐོགས་ཡོད་པ་རེད་བསམ་གྱི་འདུག རྒྱ་གར་ལའང་དེ་འདྲའི་ཚོགས་འདུ་འཚོགས་པའི་ལུགས་སྲོལ་འདུག བུད་མེད་ཁྲི་གཅིག་དེ་འདྲ་འཛོམས་ཀྱི་འདུག ང་རང་ཡང་ཚོགས་འདུ་དེ་འདྲར་བཅར་རྒྱུ་དང་སྐད་ཆ་བཤད་རྒྱུའི་གོ་སྐབས་ཀྱང་བྱུང་མྱོང་ཡོད། དེ་ཚོར་བལྟས་ཡོང་ན་ཧ་ཅང་ཐུགས་ཕན་གསོ་བ་ཞིག་རེད། ང་ཚོའི་འཆར་གཞིའི་ནང་ཉིན་ ༣ གྱི་ཚོགས་འདུ་ཡིན། ཚོགས་ཞུགས་མི་སྣ་གཙོ་བོ་གཞི་རིམ་མང་ཚོགས་ནང་གི་བུད་མེད་མགོ་ཁྲིད་མཁན་དེ་དག་ཡིན་ལ། དེ་བཞིན། བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་དང་བཀའ་ཟུར་རྣམ་པ་བཅས་ཁྱོན་ཚོགས་བཅར་བ་ ༡༠༠ ཙམ་ལ་བསམ་བློ་བཏང་ཡོད།” ཅེས་སོགས་ངོ་སྤྲོད་གནང་སོང་།

རྒྱ་རི་སྒྲོལ་མ་མཆོག་གིས་འབྲུག་སྡོད་བོད་མིའི་གནས་སྟངས་སྐོར་ངོ་སྤྲོད་གནང་དོན། ད་ལྟའི་འཆར་འབྲིག་ནང་བཙན་བྱོལ་བོད་མི་ ༢༡༤ ཙམ་འདུག དེ་དག་ལ་དབྱེ་བ་གསུམ་ཙམ་འདུག རིམ་པ་དང་པོ་དེ་འབྲུག་གི་མི་སེར་རག་ཡོད་མཁན་ ༡ ༠༠ ཙམ་ཡོད་པ་དེ་དག་རེད། དེ་གོང་གི་གྲངས་ཀ་དེའི་ནང་ཚུད་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོ་རང་ཚོ་འབྲུག་གི་མི་སེར་ཆགས་བསྡད་ཡོད་པ་རེད། རིམ་པ་གཉིས་པ། བདུན་ཅུ་དོན་གྲངས་ནང་ལ་རྒྱ་གར་ནང་གཞིས་སྤོ་ཆོག་པའི་སྙན་ཞུ་འབུལ་མཁན་དང་འབྲུག་གི་མི་སེར་ཞུས་ཀྱང་ད་དུང་མ་ཐོབ་པ་དག་རེད། ཁོང་ཚོར་འབྲུག་ནང་སྡོད་ཆོག་པའི་ལག་འཁྱེར་ཞིག་འདུག དེར་འོས་བསྡུའི་ནང་ཞུགས་རྒྱུ་དང་ས་ཆའི་བདག་དབང་སོགས་འཕུད་པའི་ཕྱི་རྒྱལ་དུ་འགྲོ་བ་སོགས་ཀྱི་ཐོབ་ཐང་ཆ་ཚང་འདུག རིམ་པ་གསུམ་པ་དེར་སྐྱབས་བཅོལ་ཡིག་ཆ་ཟེར་བ་ཞིག་འདུག དེ་དག་རྒྱ་གར་ནང་ཡོང་ཆོག་གི་འདུག་མ་གཏོགས་ཕྱི་རྒྱལ་ཁག་ཏུ་འགྲོ་ཐུབ་ཀྱི་མི་འདུག

སྤྱིར་བཏང་ང་ཚོ་ནང་སྲིད་ལས་ཁུངས་ངོས་ནས་འབྲུག་ལ་འབྲེལ་བ་ཞུ་དགོས་ཀྱི་ཡོད་ཀྱང་ང་ཚོས་བསམ་པ་ལྟར་བྱེད་ཐུབ་མ་སོང་། སྤྱི་འཐུས་ལྷན་ཚོགས་ངོས་ནས་ཆ་བསྐོས་བྱས་ཏེ་འབྲུག་ནང་སྐོར་སྐྱོད་བ་དང་མི་མང་ལ་ཐུག་འཕྲད་གནང་ཐུབ་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་ལྡི་ལི་དོན་གཅོད་བསྟན་པ་ལགས་དང་འབྲེལ་ཡོད་བཀའ་བློན་ལྷན་དུ་འབྲུག་གཞུང་གི་སྐུ་ཚབ་མི་སྣ་དང་བཀའ་མོལ་རིམ་པ་གནང་ཐུབ་སོང་།

འབྲུག་གི་མི་སེར་ཞུས་ཡོད་པ་དུད་ཚང་ ༡༩༩ བྱུང་འདུག དུད་ཚང་ ༡༥ ཡིས་འབྲུག་གི་མི་སེར་ཞུས་མི་འདུག མི་ཞུ་བའི་རྒྱུ་མཚན་གཙོ་བོ་གལ་སྲིད་འབྲུག་གི་མི་སེར་ཞུས་པ་ཡིན་ན་དྷ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག དེ་ལ་བརྟེན་ཏེ་ཁོང་རང་ཚོས་འབྲུག་གི་མི་སེར་མ་ཞུས་པ་ཡིན་ཞེས་གསུང་གི་འདུག ང་ཚོས་འབྲེལ་མཐུད་པ་བརྒྱུད་དེ་དུད་ཚང་ ༡༥ དེ་རྒྱ་གར་ནང་ཚུར་ཡོང་འདོད་ཡོད་ན། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་ལ་ཞུ་དགོས་ན་རེད་མཐུན་རྐྱེན་ཆ་ཚང་ཞིག་སྦྱར་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཞུས་སྐབས། ཁོ་རང་ཚོ་འབྲུག་ནང་ལོ་མང་པོར་བསྡད་ཡོད་སྟབས། འབྲུག་གཞུང་ལ་དགའ་ཡི་འདུག་ལ་འབྲུག་མི་མང་ལའང་དགའ་ཡི་འདུག ཁོ་རང་ཚོས་འབྲུག་གི་མི་སེར་ཞུ་འདོད་མེད་པ་མ་གཏོགས་སྡོད་ས་དེ་འབྲུག་རང་ལ་སྡོད་རྒྱུ་ཡིན་གསུང་གི་འདུག གནས་ཚུལ་དེ་དག་འབྲུག་གཞུང་ལའང་སྙན་གསེང་ཞུས་ཡོད། དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་འབྲུག་རྒྱལ་བོ་དང་འབྲུག་མི་མང་ལ་དེ་སྔའང་ཐུགས་རྗེ་ཆེ་ཞུས་ཡོད་ལ་དེ་རིང་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འབྲུག་ནང་གི་བོད་པ་ཁོ་རང་ཚོའི་སེམས་ནང་། བོད་གཞུང་གི་ངོས་ནས་རྒྱལ་ཁབ་གཞན་གྱི་མི་སེར་ཞུས་ན་འགྲིག་གི་མེད་པའི་དགོངས་པ་ཡོད་པའི་བསམ་ཚུལ་ཞིག་འཛིན་གྱི་མེད་དམ་བསམ་གྱི་འདུག དེ་འདྲ་རྩ་བ་ནས་མིན་པ་ཚང་མས་མཁྱེན་གྱི་ཡོད་པ་རེད། ཐོབ་ཐང་དེ་ལེན་དང་མི་ལེན་སོ་སོས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཀག་བཞག་པ་ཞིག་རྒྱ་གར་དུ་ཡོད་པ་མ་རེད་ལ་ཕྱི་རྒྱལ་དུའང་ཡོད་པ་མ་རེད། ལྷག་པར་དུ་འབྲུག་གི་གནས་སྟངས་དེ་མ་འདྲ་བ་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན། འབྲུག་གི་མི་སེར་ཞུ་མཁན་དེ་དག་ལའང་འབྲུག་གཞུང་གི་ངོས་ནས་མཐུན་འགྱུར་གནང་རོགས་གནང་ཞེས་ཞུ་འདོད་བྱུང་སོང་། གལ་སྲིད་ཡུལ་མིའི་ཐོབ་ཐང་མ་རག་པ་ཡིན་ནའང་སྐྱབས་བཅོལ་བའི་ཐོབ་ཐང་རག་སྟེ་ཕྱིོ་རྒྱལ་དུ་འགྲོ་ཆོག་པའི་ཐོབ་ཐང་རག་ཐབས་ལ་བཀའ་ཤག་འདིའི་རིང་ལ་མ་བྱུང་ཡང་འབྱུང་འགྱུར་བཀའ་ཤག་གིས་ཐུགས་ལ་བཞག་སྟེ་མཇུག་སྐྱོང་གནང་དགོས་པ་གལ་ཆེན་པོ་ཆགས་འདུག ཅེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 1

  1. བསོད་རྡོར། says:
    ལོ་ 10 སྔོན།

    བོད་ཀྱི་བུད་མེད་ཀྱི་རྒྱལ་ཡོངས་ཚོགས་ཆེན་དང་། འབྲུག་རྒྱལ་ཁབ་ནང་གི་བོད་པའི་གནས་སྟངས་གསལ་བོ་བཟོས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ཉེ་ལམ་སོ་སོའི་ཕྱག་རོགས་སྤྱི་འཐུས་ཚོགས་གཙོར་ངོ་ལོག་བྱས་པ་དེ་ནོར་འཁྲུལ་ཆེན་པོ་བཟོས་སོང་བསམ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese