མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པ་ན་མའི་ཡིག་ཆ། ཁྱེད་ཀྱི་ཤེས་དགོས་པའི་དོན་གནད་བདུན།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཚེས་ ༣ ཉིན་རྒྱལ་སྤྱིའི་གསར་འགོད་རྟོག་ཞིབ་ཚོགས་པས་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་པཱ་ན་མའི་ཚོང་ལས་ཁང་མཱོ་སེག་ཞེས་པ་ནས་གསང་བའི་ཡིག་ཆ་ས་ཡ་ ༡༡།༥ ཙམ་རེག་པ་ཕྱིར་བསྒྲགས་བྱས་པའི་ནང་། འཛམ་གླིང་རྒྱལ་ཁབ་ཁག་གི་མགོ་ཁྲིད་དང་ཚོང་པ། དེ་བཞིན། གློག་བརྙན་འཁྲབ་སྟོན་པ་དང་། ལུས་རྩལ་བ་སོགས་ཀྱིས་དངུལ་སྒོར་ཐེར་འབུམ་མང་པོ་ཁྲིམས་འགལ་ཐོག་ཕྱིར་འདྲེན་ནང་གཏོང་བྱས་པའི་གནས་ཚུལ་ཡོད།

150318130525-millions-of-dollars-exlarge-169གནས་ཚུལ་དེ་ཐོན་རྗེས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གླེང་རྙོག་ཆེན་པོ་བྱུང་ཡོད་པ་དང་། ཡིག་ཆ་དེ་དག་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྤུན་མཆེད་འགའ་གཙོས་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་འགའ་དང་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སོགས་ཚུད་ཡོད་ཀྱང་། རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེ་སྤེལ་བའི་ནང་རྒྱ་ནག་གི་མགོ་ཁྲིད་དག་གི་མང་ནག་གསུབ་བཏང་ཡོད་པ་མ་ཟད། རྒྱལ་སྤྱིའི་བརྒྱུད་ལམ་ཁག་བཅར་འདྲིའང་དང་ལེན་བྱས་མེད།

ཉེ་ལམ་སི་ཨིན་ཨིན་གསར་ཁང་གི་གསར་འགོད་པ་མུ་ལིན་ (Mullen)ལགས་ཀྱིས་དྲི་བ་དྲིས་ལན་རང་བཞིན་གྱི་དོགས་གནས་ཁག་ཅིག་ལ་དབྱེ་ཞིབ་བྱས་ཡོད་པ་འདིར་བོད་བསྒྱུར་བྱས་ཡོད།

 པ་ན་མའི་ཡིག་ཆ་དེ་དག་ཅི་ཞིག་ཡིན་ནམ།

རྒྱལ་སྤྱིའི་གསར་འགོད་རྟོག་ཞིབ་ཚོགས་པ་ (ICIJ) ་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་བཅས་ཀྱི་ཡིག་ཆ་མང་པོ་ཞིག་ལ་རྟོགས་ཞིབ་བྱས་ཡོད་པ་དང་། ཡིག་ཆ་དེ་དག་ནི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་ (Putin) དང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་མཐུན་ཚོགས་ཧྥེ་ཧྥ་ (FIFA) ཡི་ཚོགས་མིའི་བར་གྱི་ཚོང་འབྲེལ་སྐོར་ཡིན་པ་དང་། ཨ་རིའི་གཞུང་གིས་མི་སྣ་དེ་དག་གི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་ཡོད་པ་རེད།

ཡིག་ཆ་དེ་དག་ལ་པ་ན་མའི་ཡིག་ཆ་ཟེར་དོན་ཅི་ཡིན་ནམ།

འདས་པའི་མི་ལོ་བཅུ་ཕྲག་རིང་གི་ཡིག་ཆ་ཡ་ས་ ༡༡ ཡོད་པ་དེ་དག་ཚང་མ་པ་ན་མ་རྒྱལ་ཁབ་ཀྱི་ཁྲིམས་དོན་ཞབས་ཞུ་ཁང་མོ་སག་ཧྥོན་སི་ཁ་ (Mossack Fonseca) དང་འབྲེལ་བ་དམ་ཟབ་ཡོད་པ་རེད། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་རྟོགས་ཞིབ་ཚན་པས་ཁྲིམས་དོན་ལས་ཁུངས་དེས་འཛམ་གླིང་སྟེང་དབང་ཤུགས་ཆེ་བའི་སྲིད་དོན་པ་དང་དངུལ་ཁང་། ཚོང་གཉེར་ཁང་བཅས་ཀྱི་གསང་བའི་ཡིག་ཆ་ཉར་ཚགས་བྱེད་ཐབས་སུ་རོགས་རམ་བྱས་ཡོད་པའི་གནས་ཚུལ་ཕྱི་བསྒྲགས་བྱས་ཡོད་པ་རེད། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་རྟོགས་ཞིབ་ཚན་པས་བསྒྲགས་པའི་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༥ ལོའི་རྩིས་ཞིབ་ནང་པ་ན་མ་རྒྱལ་ཁབ་ཀྱི་ཁྲིམས་དོན་ཞབས་ཞུ་ཁང་གིས་སེ་ཆིལ་ (Seychelles) གླིང་ཚོམ་སྟེང་ཚོང་གཉེར་ཁང་ ༡༤ ,༠༨༦ ཡོད་པའི་གྲས་ཀྱི་ཚོང་གཉེར་ཁང་ ༢༠༤ བདག་པོ་སུ་ཡིན་པ་གསལ་བོར་ཤེས་ཀྱི་ཡོད་པ་ཤེས་རྟོགས་བྱུང་སྐོར་འཁོད་འདུག  སེ་ཆིལ་གླིང་ཚོམ་ནི་རྒྱ་གར་རྒྱ་མཚོའི་སྟེང་ཡོད་པ་དང་གླིང་ཚོམ་དེའི་སྟེང་ཚོང་ཁྲལ་འཇལ་དགོས་ཀྱི་ཡོད་པ་མ་རེད།

 ཁྲིམས་འགལ་གྱི་ལས་དོན་བྱུང་ཡོད་པ་གསལ་བོ་ཡིན་ནམ།

སྤྱིར་བཏང་ཡིག་ཆ་དེ་དག་ཁྲིམས་འགལ་ལས་དོན་ཞིག་ཏུ་འགྲེལ་དུ་མེད་ནའང་། སེ་ཆིལ་གླིང་ཕྲན་སྟེང་གི་ཚོང་གཉེར་ཁང་དང་དངུལ་ཁང་ཁག་གིས་མ་དངུལ་འབོར་ཆེན་བརྒྱུད་གཏོང་དང་དེའི་བདག་པོའི་གནས་ཚུལ་ངོ་མ་གསང་རྒྱ་བྱས་ཡོད་པ་རེད། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་རྟོགས་ཞིབ་ཚན་པའི་གནས་ཚུལ་ལྟར་ན། ཨ་རིའི་གཞུང་གིས་གསང་བའི་ཡིག་ཆ་དེ་དག་ཁྲོད་ཀྱི་ཚོང་གཉེར་ཁང་དང་མི་མང་ནག་ཚོགས་དང་འཇིགས་སྐུལ་དྲག་སྤྱོད་པར་འབྲེལ་བ་ཡོད་པའི་ནག་ཉེས་ཀྱི་ཁོངས་སུ་མིང་འདོན་བྱས་ཡོད་པ་རེད།

 ཡིག་ཆ་དེ་དག་གི་ཁྲོད་དུ་སུ་ཞིག་རྙོག་འཛིང་ནང་ཚུད་ཡོད་དམ།

ཡིག་ཆ་དེ་དག་གི་ཁྲོད་དུ་འཛམ་གླིང་དབུ་ཁྲིད་ལས་ཐོག་དང་ཟུར་བ་ ༡༢ གཙོས་པའི་སྲིད་དོན་པ་དང་སྤྱི་མང་དཔོན་རིགས་ ༡༢༨ ལྷག་མིང་འདོན་བྱས་ཡོད་པ་དང་། མིང་ཐོ་དེ་དག་ཁྲོད་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་དང་རྩེད་འགྲན་མཐུན་ཚོགས་ཧྥེ་ཧྥ་སོགས་ཚུད་ཡོད་ནའང་། སྲིད་འཛིན་ཕུ་ཊེན་གྱིས་རང་ཉིད་ཡིག་ཆ་དེ་དག་གི་མིང་ཐོའི་ནང་ཚུད་མེད་སྐོར་བརྗོད་ཡོད་པ་རེད། ཡིག་ཆ་དེ་དག་གི་ནང་ད་དུང་དངུལ་ལོའི་ཚོང་གཉེར་ཁང་ཞིག་གི་གསང་བའི་གནས་ཚུལ་དང་འབྲེལ་བའི་ཡུ་རོབ་ཨ་སི་ལན་ཌི་ (Iceland) ཡི་སྲིད་བློན་གྷུན་ལག་སོན་ (Gunnlaugsson) དང་ཁོའི་བཟའ་ཟླ། ཨར་ཇིན་ཊེ་ན་ (Argentina) ཡི་སྲིད་འཛིན་མག་རེ་ (Macri) སོགས་ཚུད་ཡོད་པ་དང་། སྲིད་འཛིན་མག་རེས་ཀྱང་རང་ཉིད་ཚོང་གཉེར་ཁང་དེའི་གསང་བའི་གནས་ཚུལ་དང་འབྲེལ་མེད་སྐོར་བརྗོད་ཡོད་ནའང་། ཁོའི་གསལ་བཤད་ལ་ཕམ་ཉེས་བྱུང་བ་རེད།

 གནད་དོན་འདིའི་ཁྲོད་པ་ན་མའི་ཡིག་ཆ་དེ་དག་ལ་འགྲེལ་བརྗོད་གང་འདྲ་བྱས་ཡོད་དམ།

ཨུ་རུ་སུའི་གཞུང་གིས་ཡིག་ཆ་དེའི་ཁྲོད་སྲིད་འཛིན་ཕུ་ཊེན་མིང་འདོན་བྱས་པ་དེ་ནི་བསླེབ་ལ་ཉེ་བའི་སྲིད་འཛིན་ཕུ་ཊེན་གྱི་འོས་བསྡུ་ལ་གཏོར་བཤིག་གཏོང་ཆེད་ཁོང་ལ་ཉེས་འཛུགས་བྱས་པ་ཞིག་ཡིན་པའི་སྐྱོན་འཛུགས་བྱས་ཡོད་པ་དང་། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་མཐུན་ཚོགས་ཧྥེ་ཧྥ་ཡིས་སྐྱོན་འཛུགས་དེ་ནི་ཕ་རོལ་བོར་གཞི་མེད་ཟུར་ཟ་བྱས་པ་ཞིག་ཡིན་སྐོར་བཤད་འདུག

ཡུ་རོབ་ཨ་སི་ལན་ཌི་རྒྱལ་ཁབ་ཀྱི་སྲིད་བློན་ལས་ཁུངས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁོང་དང་འབྲེལ་བ་ཡོད་པའི་དངུལ་ཁང་དེས་ཁོང་གི་བཟའ་ཟླ་དང་མཉམ་དུ་ཚོང་གཉེར་ཁང་ཞིག་གཉེར་བཞིན་ཡོད་པ་དང་། ཚོང་གཉེར་ཁང་དེས་ཚོང་ཁྲལ་མཇལ་མི་དགོས་པ་དང་། ཨ་སི་ལན་ཌིའི་རྒྱལ་ནང་གི་ཁེ་ལས་ཐད་ཀྱི་རྙོག་འཛིང་མང་པོ་ཞིག་ལ་གཡོལ་ཐུབ་ཀྱི་ཡོད་སྐོར་བརྗོད་ཅིང་། སྲིད་འཛིན་མག་རེའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས། སྲིད་འཛིན་མག་རེ་ཚོང་གཉེར་ཁང་དེ་འདྲ་ཞིག་ལ་འབྲེལ་བ་མེད་སྐོར་བརྗོད་ཡོད་པ་རེད། གང་ལྟར་དབྱིན་ཇི་དང་ཧྥ་རན་སི། ཨོ་སི་ཊི་ལེ་ཡ་དང་མེ་ཁི་སེ་ཁོ་རྒྱལ་ཁབ་ཁག་གིས་གནད་དོན་འདི་ཚོང་ཁྲལ་ལ་གཡོལ་ཐབས་ཤིག་ཡིན་མིན་ཐད་རྟོགས་ཞིབ་གནང་རྒྱུ་ཁག་ཐག་བྱས་ཡོད་པ་རེད།

 མོ་སག་ཧྥོན་སི་ཁ་ཁྲིམས་དོན་ཞབས་ཞུ་ཁང་གིས་ག་རེ་བཤད་ཡོད་པ་རེད།

རེས་གཟའ་ཟླ་བའི་ཉིན་ཁྲིམས་དོན་ཞབས་ཞུ་ཁང་དེས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སྤྱི་མང་གིས་ང་ཚོའི་བཟོ་ལས་ཐོན་སྐྱེད་སྐོར་ཡག་པོ་ཞིག་མགོ་ཚོས་ཀྱི་མེད་པ་དང་། སྟབས་ཉེས་པ་ཞིག་ལ་རྩོམ་ཡིག་འདི་དག་ (པ་ན་མའི་ཡིག་ཆར་གོ) གིས་མགོ་ཉོག་གཏིང་ཇེ་ཟབ་ཏུ་བཏང་བ་རེད། དོན་དངོས་ཀྱི་གནས་ཚུལ་ནི། ཁྲིམས་འགལ་ཡིག་ཆ་འདི་དག་གི་ཐད་ནས་ང་ཚོར་རྒྱལ་ཁ་འཐོབ་སྲིད་པ་དང་། ཡིག་ཆ་འདི་དག་ལས་ང་ཚོས་ཁྲིམས་འགལ་གྱི་གནས་ཚུལ་གང་ཡང་མཐོང་མ་སོང་ལ། ང་ཚོས་ཁྲིམས་འགལ་གྱི་ལས་དོན་ཅི་ཡང་བསྒྲུབས་མེད་བསམ་གྱི་ཡོད། པ་ན་མ་རྒྱལ་ནང་དུ་ང་ཚོས་འདས་པའི་མི་ལོ་ ༤༠ ལྷག་རིང་འཛམ་གླིང་ནང་སྙན་གྲགས་རྒྱས་པའི་ཚོང་དོན་མུ་མཐུད་ནས་སྒྲུབ་བཞིན་ཡོད།

སོ་སོའི་དངུལ་དངོས་རྐུན་ལ་ཤོར་དུ་འཇུག་འདོད་མཁན་གཅིག་ཀྱང་མེད་པ་ཧ་ཅང་མངོན་གསལ་རེད་ལ། ང་ཚོས་གང་ནུས་ཅི་ལྕོགས་ཀྱིས་ཁྲིམས་འགལ་གྱི་ཉེས་དོན་རིགས་ཁྲིམས་ཐོག་ནས་ཁུངས་སྐྱེད་བྱེད་ཀྱི་ཡོད། ཡིན་ནའང་ད་ལྟའི་ང་ཚོའི་ལས་འཆར་ནི་ང་ཚོ་རྒྱ་ཆེའི་མི་མང་གི་རྒྱབ་རྩར་ལངས་ཏེ་ས་གནས་སྤྱི་ཚོགས་ལ་རྒྱབ་སྐྱོབ་བྱས་ནས་མུ་མཐུད་གྱོད་དོན་འདུམ་འགྲིག་གི་ཞབས་ཞུ་སྒྲུབ་རྒྱུ་དེ་ཡིན་ལ། རྒྱ་ཆེའི་མི་མང་དང་ས་གནས་སྤྱི་ཚོགས་ནང་ང་ཚོར་འཛམ་གླིང་སྟེང་ལས་དོན་སྒྲུབ་པའི་ཐོབ་ཐང་ཡོད་པ་དང་། འདས་པའི་མི་ལོ་བཞི་བཅུ་ལྷག་རིང་ང་ཚོས་འཛམ་གླིང་སྟེང་ལས་དོན་མང་པོ་བསྒྲུབས་པ་ཡིན་ཞེས་སོགས་བརྗོད་འདུག

ཁྲིམས་དོན་ཞབས་ཞུ་ཁང་དེའི་འབྲེལ་མཐུད་པ་མོ་ར་ (Mora) ལགས་ཀྱིས་ཉེ་ཆར་སེ་ཨན་ཨན་གསར་ཁང་ལ། པར་སྐྲུན་འགྲེམ་སྤེལ་བྱས་པའི་ཡིག་ཆ་དེ་དག་རྫུན་མ་ཡིན་སྐོར་དང་། གནས་སྟངས་མང་པོ་ཞིག་གི་ཐད་ནས་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་རྟོགས་ཞིབ་ཚན་པས་ལུང་འདྲེན་བྱས་པ་དག་ཁུངས་བཙན་མིན་སྐོར། དེ་བཞིན་གནས་ཚུལ་དེ་ཁྲིམས་དོན་ཞབས་ཞུ་ཁང་གི་གྱོད་དོན་ཞིག་གཏན་ནས་མིན་སྐོར་དང་། གནས་ཚུལ་དེའི་ཐད་ནས་ཁྲིམས་དོན་ཞབས་ཞུ་ཁང་གིས་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་རྟོགས་ཞིབ་ཚན་པར་བསྒྲགས་གཏམ་རིང་པོ་ཞིག་སྤེལ་ཡོད་སྐོར་སོགས་བརྗོད་སོང་།

རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་རྟོགས་ཞིབ་ཚན་པར་ཡིག་ཆ་དེ་དག་ཅི་ལྟར་རག་པ་ཡིན་ནམ།

མིང་མེད་པའི་གསར་ཁང་ཞིག་གིས་ཡིག་ཆ་དེ་དག་འཇར་མིན་གྱི་སུ་ཌ་ཌུ་ཊ་སི་ཆི་ཙེ་ཊོན་ (Suddeutsche Zeitung) གསར་ཁང་དུ་སྤྲད་ཡོད་པ་དང་། གསར་ཁང་དེས་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་རྟོགས་ཞིབ་ཚན་པར་བརྒྱུད་སྤྲོད་བྱས་ཡོད་པ་རེད། བྷེ་བྷེ་སེ་དང་ལྟ་སྲུང་བརྒྱུད་ལམ། དེ་བཞིན་མག་ཁི་ལ་ཊི་ཆེ་ (McClatchy) བརྒྱུད་ལམ་ཁག་ཅིག་གིས་ཀྱང་ཡིག་ཆ་དེ་དག་གི་གནས་ཚུལ་ཕྱི་བསྒྲགས་བྱས་ཡོད་ཅིང་། སེ་ཨན་ཨན་གསར་ཁང་གིས་གནས་ཚུལ་དེ་རང་དབང་གི་སྒོ་ནས་ཕྱི་བསྒྲགས་མ་ནུས་པར་གནད་ཡོད་མི་སྣ་དག་གི་སྐད་ཆ་དང་འགྲེལ་བརྫོད་འཚོལ་བསྡུ་བྱས་པ་ཡིན། གནས་ཚུལ་འདི་ཡུ་རོབ་དང་ཨེ་ཤེ་ཡ། དཀྱིལ་ཤར་ཡུལ་གྲུ་ཁག ཨ་ཧྥི་རེ་ཁ་དང་ཨ་མི་རེ་ཁ་སོགས་ནང་ཁྱབ་བརྡལ་ཕྱིན་ཡོད་པ་རེད།

གཞན། ཡ་ཧོ་གསར་ལམ་དུ་ཐོན་པའི་གནས་ཚུལ་ཞིག་གི་ནང་། པ་ན་མའི་ཡིག་ཆ་དེ་དག་ནང་འཛམ་གླིང་ཁབ་ཁག་ཅིག་གི་དབུ་ཁྲིད་དང་ཚོང་པ། གློག་བརྙན་འཁྲབ་སྟོན་པ་བཅས་ཀྱིས་དངུལ་ལོ་ཐེར་འབུམ་མང་པོ་གསང་བའི་སྒོ་ནས་ཕྱིའི་རྒྱལ་ཁབ་ཁག་ནང་བརྒྱུད་གཏོང་དང་གསང་རྒྱ་བྱས་ཡོད་སྐོར་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་མག་པ་དང་ནང་མི་ཁ་ཅིག དེ་བཞིན་དམར་ཤོག་ཚོགས་པའི་དཔོན་རིགས་ལས་ཐོག་དང་ཟུར་བ། ཁོ་ཚོའི་ནང་མི་བཅས་ཀྱི་མིང་ཐོ་ཡང་པ་ན་མའི་ཡིག་ཆ་དེ་དག་ནང་བཏོན་ཡོད་ནའང་། རྒྱ་ནག་གཞུང་གིས་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ཁག་གི་ནང་རྒྱ་ནག་གི་འགོ་ཁྲིད་ཚོའི་མིང་ཐོ་བཏོན་མེད་ལུགས་བཤད་ནས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་གི་བཅར་འདྲི་དང་ལེན་བྱས་མེད་པ་མ་ཟད། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེ་རིགས་ནག་སུབ་དང་འགོག་སྡོམ་བྱེད་བཞིན་ཡོད་སྐོར་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese