མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅིག་གིས་གཅིག་ལ་ཁག་དཀྲི་རེས་བྱ་རྒྱུའི་གནས་སྟངས་ཤིག་རྩ་བ་ནས་མ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ “ནོངས་པ་དང་འཁྲུལ་པ་བྱེད་མཁན་གང་ཟག་དེ་དག་གི་བྱེད་སྟངས་ལ་འགལ་ཟླ་བྱེད་དགོས་ཀྱང་བྱེད་མཁན་གང་ཟག་དེར་ཉེས་རིང་མེད་པ་བྱེད་དགོས། བྱེད་མཁན་གང་ཟག་དེར་ཁོང་ཁྲོ་མ་བྱས་པར་སྙིང་རྗེའི་ཡུལ་དུ་འཇོག་དགོས།” ཞེས་གསུངས།

samdong-lama5ཟླ་འདིའི་ཚེས་ ༡༢ ཉིན། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། དྷ་སའི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་དུ། ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་འཇམ་དཔལ་དུས་དགྲའི་དབང་པོ་མ་ཧེའི་གདོང་ཅན་བཅུ་གསུམ་ལྷའི་འཁོར་ལོའི་རིམ་གཉིས་ཀྱི་ཟབ་ཁྲིད་ཟིན་བྲིས་འཇིགས་མཛད་རྡོ་རྗེའི་ཞལ་ལུང་གི་བཀའ་ཁྲིད་སྐབས་སྔོན་འགྲོའི་ཀུན་སློང་བཅོས་ཚུལ་གསུངས་དོན། ད་རེས་ང་ཚོས་འཆད་ཉན་བྱ་རྒྱུའི་དུས་ཚོད་འདི་གཞིས་བྱེས་བོད་མི་ཚང་མར་སེམས་འཚབ་ཡོད་པའི་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་ལ་འཁེལ་ཡོད། མང་ཆེ་བས་མཁྱེན་གསལ་རེད། ཕྱི་ཟླ་ ༤ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་གྲོས་ཚོགས་ལྷན་རྒྱས་ཀྱི་ཐོག་ནས་སྤྱི་འཐུས་གྲོས་ཚོགས་གྲོལ་བའི་ཉིན་མོར་གནས་ཆུང་ཆོས་རྒྱལ་ཆེན་མོ་དང་ཚེ་རིང་མཆེད་ལྔ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་ལྟ་བུ་ཆགས་ཡོད། ཁོང་གཉིས་སྐུ་གསོལ་ཞུས་ནས་བཀའ་ལུང་ཞུས་གནང་འདུག སྐབས་དེར་བར་ལམ་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་༸གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་དང་། དེའི་དབང་གིས་ཆོས་སྐྱོང་ཚོས་༸གོང་ས་ཆེན་པོའི་སྐུ་ཕྱྭའི་ཐུགས་འགན་བཟོད་མིན་གྱི་གནས་སྟངས་སྐོར་བཀའ་ལུང་ཧ་ཅང་གཞི་ལྗིད་པོ་དེ་འདྲ་ཕེབས་ཡོད། དེས་དབང་གིས་མི་ཚང་མར་སེམས་འཚབ་སྐྱེས་ཡོད། སེམས་འཚབ་ཡོང་རྒྱུ་ཡིན་པ་དངོས་ཡོད་གནས་སྟངས་ཤིག་རེད། ༸གོང་ས་མཆོག་ཐུགས་ཕམ་འགྱུར་གཞི་དང་ཐུགས་བབ་མེད་པའི་གནས་ཚུལ་དེ་དག་ང་རང་ཚོ་བོད་མིའི་སྤྱི་མཐུན་བསོད་ནམས་ཀྱི་མ་ལྕོགས་པའི་དབང་གིས་ང་ཚོ་ཚང་མས་དེའི་ནང་འགན་འཁྲི་དང་ཐེ་གཏོགས་ཡོད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། འདིའི་ཐོག་ལ་གཅིག་གིས་གཅིག་ལ་ཁག་དཀྲི་རེས་བྱ་རྒྱུའི་གནས་སྟངས་ཤིག་རྩ་བ་ནས་མ་རེད། སུས་ནོར་བ་རེད། ག་རེ་ནོར་བ་རེད་ཅེས་སྙོན་དཀྲི་བསླངས་ནས་ཕན་ཐོགས་ཡོད་པ་ཞིག་རྩ་བ་ནས་མ་རེད། ཐུབ་པས་ཉོན་མོངས་དགྲར་ཟིན་གྱིས། །ཉོན་མོངས་དང་ལྡན་གང་ཟག་མིན། ཞེས་གསུངས་པ་ལྟར་ཉོན་མོངས་མ་སྤང་པའི་གང་ཟག་གཅིག་ཡིན་ཕྱིན་ནོར་འཁྲུལ་སུ་ལའང་ཡོང་སྲིད་པ་ཞིག་རེད།  དེར་བརྟེན་སུས་ནོར་བ་རེད། སུས་མ་ནོར་བ་རེད། གང་དུ་འགྲིག་པ་རེད། གང་དུ་མ་འགྲིག་པ་རེད། ཅེས་པ་འདིའི་གནས་ཚུལ་དེ་བཞག་ནས་གང་ནས་མ་འགྲིག་པ་བྱུང་བ་དང་གང་ནས་འཐུས་ཤོར་བ་དེ་དག་མ་འོངས་པར་མི་ཡོང་བ་ཞིག་དང་། ང་ཚོས་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་རྒྱུར་འབད་བརྩོན་གནང་དགོས་པ་འདི་ཐུགས་གལ་ཆེན་པོ་རེད། དེར་བརྟེན་གསུང་ཆོས་སྐབས་འདིར་ཉིན་ལྟར་གསོལ་ཇ་ཡོད། གསོལ་ཇའི་སྐབས་ལ་མ་ཎི་ཕྲེང་སྐོར་རེ་རེ་འདོན་རྒྱུ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚེའི་ཚེ་སྒྲུབ་དང་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་རྒྱུ་དང་། ཕྱོགས་མཚུངས་བར་ལམ་ཞིག་ལ་ཐུགས་ཕམ་གྱི་རྣམ་པ་འདོན་གནང་མཛད་དགོས་པའི་རྒྱུ་མཚན་གང་ལས་བྱུང་མིན་དེ་དག་བཤགས་བྱང་གི་ཆེད་དུ་དམིགས་ནས་ཡིན། ཆོས་སྐྱོང་གི་བཀའ་ལུང་ནང་དུའང་བོད་མི་ཚང་མས་མ་ཎི་འབུམ་གཉིས་རེ་འདོན་དགོས་པའི་བཀའ་ལུང་ཕེབས་ཡོད། མ་ཎི་འབུམ་གཉིས་རེ་འདོན་ཐུབ་མཁན་དང་མི་ཐུབ་མཁན་གཉིས་ཀ་ཡོད་མདོག་ཁ་པོ་རེད། འབུམ་གཉིས་ཆ་ཚང་མ་ལོང་པ་ཡིན་ནའང་ཚང་མས་ཉིན་ལྟར་ཕྲེང་སྐོར་འགའ་ཤས་བགྲང་གནང་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད་བསམ་གྱི་འདུག འདིར་ཉིན་གུང་ཚོགས་ཚུགས་སྐབས་གསོལ་ཇའི་སྐབས་མ་ཎི་ཕྲེང་སྐོར་རེ་འདོན་པ་ཡིན་ནའང་ཚོགས་ཆེན་པོ་ཡིན་སྟབས་དེས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེའི་ཚེ་སྒྲུབ་དང་བོད་མི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན་ན་ཕན་ཐོགས་ཡོད།

ཚང་མས་ནམ་རྒྱུན་དུ་༸གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཀྱིས་གསོལ་བ་ཕུར་ཚུགས་སུ་འདེབས་ནས་སྐུ་ཚེ་ཞབས་པད་བརྟན་པ་དང་བོད་མི་མང་ཚོགས་ཐུགས་རྗེའི་སྐྱབས་འོག་ནས་མི་འདོར་བའི་གསོལ་བ་ཡང་ཡང་འདེབས་དགོས་པ་འདི་གལ་ཆེན་པོ་རེད། ཐུགས་རྗེའི་ལྕགས་ཀྱུ་དང་དད་པའི་ཨ་ལོང་ཟུང་དུ་འབྲེལ་དགོས། ཟེར་བའི་བོད་པའི་གཏམ་དཔེར་ཡོད། སངས་རྒྱས་ལ་ཐུགས་རྗེ་ཡོད་པ་ཡིན་ནའང་སེམས་ཅན་ལ་ཐུགས་རྗེ་དེ་འཇུག་པའི་སྣོད་དུ་མ་གྱུར་བ་ཡིན་ན་སངས་རྒྱས་ཉག་གཅིག་གིས་བརྩེ་བ་སྙིང་རྗེ་ཆེན་པོ་ཡོད་པ་ཡིན་ནའང་སེམས་ཅན་བཟུང་ནུས་ཀྱི་མེད། དེར་བརྟེན་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་འཇུག་པའི་སྣོད་ལྟ་བུ་དེ་ང་ཚོས་བསྐྲུན་དགོས་པ་ཡིན་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་ཡིན་སྟབས་སུ་གང་ལའང་དགོངས་པ་འགལ་བ་དང་ཐུགས་རྗེ་མེད་པ་ཡོང་རྒྱུ་མ་རེད།   འོན་ཀྱང་ང་ཚོའི་ངོས་ནས་ཐུགས་རྗེ་དེ་འཇུག་རྒྱུར་སྣོད་ཡག་པོ་ཞིག་སྨིན་མ་ཐུབ་པ་ཡིན་ན། གྱོང་ང་རང་ཚོར་རག་རྒྱུའི་ཉེན་ཁ་ཡོད་པ་ཞིག་རེད། དེ་འདྲ་ཡིན་སྟབས་གཙོ་བོ་བོད་རིགས་ནང་ཁུལ་དམ་ཚིག་ཟོང་ཁ་ཆིག་སྒྲིལ་ཡོང་བ་བྱ་རྒྱུ་འདི་གལ་ཆེན་པོ་རེད།

བོད་རིགས་ནང་ཁུལ་དམ་ཚིག་ཟོང་ཁ་ཆིག་སྒྲིལ་ཡོང་རྒྱུའི་རྒྱུ་རྐྱེན་གཙོ་བོ་ནི་གཅིག་གིས་གཅིག་ལ་བྱམས་བརྩེ་བྱེད་རྒྱུ་དང་གུས་བཀུར་ཞུ་རྒྱུ། ཕན་ཚུན་སྐྱོན་བརྗོད་དང་ཁག་དཀྲི་བྱ་རྒྱུ་མིན་པར་མཐུན་འགྱུར་དང་ཡོན་ཏན་གྱི་ངོས་ནས་བལྟ་དགོས་པ་གལ་ཆེ་ཡིན་སྟབས། ད་ལྟའི་གནས་སྐབས་འདི་ལ་ང་ཚོ་ཚང་མས་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་༸སྐྱབས་མགོན་རིན་པོ་ཆེར་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། རང་གིས་སྤྱི་མཐུན་གྱི་བསོད་ནམས་གསོག་རྒྱུ། ཚུལ་བསྟན་དགོངས་པར་མ་བབ་པའི་གནས་ཚུལ་ཡོད་ཚེ་མ་འོངས་པར་བསྐྱར་ལྡབ་མི་ཡོང་ཆེད་ང་ཚོས་གང་གནང་དགོས་པ་འདུག་དེར་གཟིགས་རྒྱུ་དང་། ནོངས་པ་དང་འཁྲུལ་པ་བྱེད་མཁན་གང་ཟག་དེ་དག་གི་བྱེད་སྟངས་ལ་འགལ་ཟླ་བྱེད་དགོས་ཀྱང་བྱེད་མཁན་གང་ཟག་དེར་ཉེས་རིང་མེད་པ་བྱེད་དགོས། བྱེད་མཁན་གང་ཟག་དེར་ཁོང་ཁྲོ་མ་བྱས་པར་སྙིང་རྗེའི་ཡུལ་དུ་འཇོག་དགོས། དེའི་ཐོག་ནས་ང་ཚོ་ཚང་མས་དམ་ཚིགས་འོ་ཆུ་ཆིག་སྒྲིལ་ཡོང་རྒྱུའི་རེ་བ་ཡོད་པ་ཞིག་རེད། དེར་བརྟེན་ཚང་མས་དེ་ལྟར་དགོངས་པར་འཇོག་རོགས་གནང་། ཞེས་གསུངས།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

མཆན། 3

  1. སྟན་ཆོས། says:
    ལོ་ 10 སྔོན།

    སུས་ལན་མིན་དབྱེ་འབྱེད་མེད་པར་རྒྱུག་པ་ལེབ་བརྡུང་བྱས་ན། ངན་པ་ལང་ལ་ཤོར། བཟང་བོ་ཡིད་ཐང་ཆད་རྒྱུ་མ་་ཡིན་ནམ

    Reply
  2. གངས་ཅན་ཕོ་ཉ། says:
    ལོ་ 10 སྔོན།

    ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱིས། ཉོན་མོངས་དང་འབྲེལ་གང་ཟག་མིན། ཞེས་གསུངས་པ་ལྟར་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་དང་ཉོན་མོངས་དེ་རྣམས་རྒྱུད་ལ་ལྡན་པའི་སེམས་ཅན་གཉིས་སོ་སོར་དབྱེར་བ་འབྱེད་ནས། སེམས་ཅན་སུ་ལ་ཡང་མི་སྡང་བ་དེ་ཡི་རྒྱུད་ཀྱི་ཉོན་མོངས་པའི་དགྲ་དེས་ལན་སྙམ་པའི་སྙིང་ཁུག་རུས་པའི་གཏིང་ནས་བསམ་ཤེས་པ་ཞིག་བྱུང་ན་ཅི་མ་རུང་སྙམ།

    Reply
  3. ཨ་ཐུབ། says:
    ལོ་ 10 སྔོན།

    བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན།《 ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་ཡིན་སྟབས་སུ་གང་ལའང་དགོངས་པ་འགལ་བ་དང་ཐུགས་རྗེ་མེད་པ་ཡོང་རྒྱུ་མ་རེད། འོན་ཀྱང་ང་ཚོའི་ངོས་ནས་ཐུགས་རྗེ་དེ་འཇུག་རྒྱུར་སྣོད་ཡག་པོ་ཞིག་སྨིན་མ་ཐུབ་པ་ཡིན་ན། གྱོང་ང་རང་ཚོར་རག་རྒྱུའི་ཉེན་ཁ་ཡོད་པ་ཞིག་རེད། དེ་འདྲ་ཡིན་སྟབས་གཙོ་བོ་བོད་རིགས་ནང་ཁུལ་དམ་ཚིག་ཟོང་ཁ་ཆིག་སྒྲིལ་ཡོང་བ་བྱ་རྒྱུ་འདི་གལ་ཆེན་པོ་རེད། 》《 ཚུལ་བསྟན་དགོངས་པར་མ་བབ་པའི་གནས་ཚུལ་ཡོད་ཚེ་མ་འོངས་པར་བསྐྱར་ལྡབ་མི་ཡོང་ཆེད་ང་ཚོས་གང་གནང་དགོས་པ་འདུག་དེར་གཟིགས་རྒྱུ་དང་། ནོངས་པ་དང་འཁྲུལ་པ་བྱེད་མཁན་གང་ཟག་དེ་དག་གི་བྱེད་སྟངས་ལ་འགལ་ཟླ་བྱེད་དགོས་ཀྱང་བྱེད་མཁན་གང་ཟག་དེར་ཉེས་རིང་མེད་པ་བྱེད་དགོས། བྱེད་མཁན་གང་ཟག་དེར་ཁོང་ཁྲོ་མ་བྱས་པར་སྙིང་རྗེའི་ཡུལ་དུ་འཇོག་དགོས། དེའི་ཐོག་ནས་ང་ཚོ་ཚང་མས་དམ་ཚིགས་འོ་ཆུ་ཆིག་སྒྲིལ་ཡོང་རྒྱུའི་རེ་བ་ཡོད་པ་ཞིག་རེད། དེར་བརྟེན་ཚང་མས་དེ་ལྟར་དགོངས་པར་འཇོག་རོགས་གནང་།》 ཞེས་གསུངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese