མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་དམངས་གཙོ་དོན་གཉེར་བ་རྒྱ་གར་ནང་བསྐྱོད་པའི་ཐོངས་མཆན་ཕྱིར་འཐེན།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་གནོན་ཤུགས་འོག་རྒྱ་གར་གཞུང་གིས་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨེ་ས་ལགས་ཉིན་གསུམ་རིང་གི་བགྲོ་གླེང་ལ་མཉམ་ཞུགས་བྱེད་པའི་ཐོངས་མཆན་ཕྱིར་འཐེན་བྱས་འདུག

dolkun-isaདེ་རིང་ནེའུ་ཡོག་དུས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཡུ་གུར་མི་རིགས་ཀྱི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཨེ་ས་ལགས་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་ལ་ཐུག་འཕྲད་མི་ཆོག་པ་དང་། རྒྱ་གར་གཞུང་ནས་ཁོ་རྒྱ་གར་ཧི་མ་ཅལ་གྲོང་སྡེ་དྷ་རམ་ས་ལར་འཚོགས་འཆར་ཡོད་པའི་ཉིན་གསུམ་རིང་གི་བགྲོ་གླེང་ཚོགས་འདུའི་སྟེང་མཉམ་ཞུགས་བྱ་བར་ཐོངས་མཆན་སྤྲད་པ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་འདུག

འཇར་མན་རྒྱལ་ནང་དུ་གནས་སྡོད་མཁན“འཛམ་གླིང་ཡུ་གུར་ལྷན་ཚོགས” (WUC) ཀྱི་ཚོགས་གཙོ་ཌོལ་ཀུན་ཨེ་ས་ (Dolkun Isa) ལགས་ཀྱིས། རྒྱ་གར་གཞུང་ལ་དཀའ་ཁག་ཡོད་པ་ངས་གསལ་བོར་ཤེས་རྟོགས་བྱུང་ཡོད། བདག་གི་འགྲུལ་བཞུད་ཀྱི་དོན་དག་ལ་བརྟེན་ནས་ཁྲིམས་མེད་ལུགས་མེད་ཀྱི་རྩོད་རྙོག་འདི་འདྲ་ཞིག་བསླངས་པར་ང་རང་བློ་འགྱོད་སྐྱེས་ཡོད་སྐོར་བརྗོད་འདུག

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པའི་འགན་འཛིན་སོ་ཧྥེ་རེ་ཆར་ཌི་སོན་ (Sophie Richardson) གྱིས། རྒྱ་ནག་གི་མགོ་ཁྲིད་ཚོས་པེ་ཅིན་གཞུང་གིས་ཕྱི་མིའི་ཐུག་འཕྲད་དང་ཕྱི་མི་རྒྱ་ནང་དུ་ཡོང་བར་འགོག་རྒོལ་གྱི་གནོན་ཤུགས་སྤྲོད་པར་མོས་མཐུན་བྱེད་ཀྱི་འདུག འདི་ནི་སུ་གང་གིས་ཀྱིས་བཅོས་ཐབས་མེད་ཅིང་བློ་ངོར་མི་ཤོང་བའི་གནས་ཚུལ་ཞིག་སྟེ། རྒྱ་ནག་སྲིད་གཞུང་གིས་རྒྱལ་དོན་གཞན་དག་ཅི་ལྟར་ཐག་གཅོད་བྱ་རྒྱུ་ཡིན་ནམ། ཁོ་ཚོ་དུས་ཡུན་རིང་བོའི་བྱས་ཉེས་ལ་ཞེད་ཀྱི་མེད་པ་ཡིན་ནམ། ཞེས་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། ཡུ་གུར་དམངས་གཙོ་དོན་གཉེར་བ་དང་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ཨེ་ས་ལགས་བདུན་ཕྲག་འདིའི་ནང་རྒྱ་གར་ཧི་མ་ཅལ་གྲོང་སྡེ་དྷ་རམ་ས་ལར་འཚོགས་འཆར་ཡོད་པའི་ཉིན་གསུམ་རིང་གི་བགྲོ་གླེང་ཚོགས་འདུའི་སྟེང་མཉམ་ཞུགས་གནང་རྩིས་ཡོད་པ་དང་། རྒྱ་གར་གྱི་དཔོན་རིགས་ཚོས་ཀྱང་ཁོ་ལ་ཐོངས་མཆན་སྤྲད་ཡོད་ནའང་། རྒྱ་ནག་གཞུང་གིས་སྔ་རྗེས་སུ་གནོན་ཤུགས་དང་ཛ་དྲག་གི་འབོད་སྐུལ་བྱས་པའི་རྐྱེན་པས། རྒྱ་གར་གཞུང་ནས་ཁོང་གི་འགྲུལ་བསྐྱོད་ཐོངས་མཆན་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་འདུག

སྐུ་ཞུབས་ཨེ་ས་ལགས་ནི་ད་ལོར་ལོ་ ༤༨ ཡིན་པ་དང་འཇར་མན་རྒྱལ་ནང་གནས་སྡོད་བྱས་ཡོད་ཅིང་། ཁོ་འཇར་མན་ལྷོ་ཤར་མུ་ནེ་ཆ་ (Munich) གྲོང་ཁྱེར་ནང་རྟེན་གཞི་བྱེད་པའི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་སྟབས། རྒྱ་ནག་གཞུང་གིས་ཁོ་ནི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་དང་ཁོས་ཤིན་ཅང་ཡུ་གུར་མི་རིགས་ས་ཁུལ་དུ་རྒྱལ་ཁབ་ཁ་བྲལ་གྱི་དུས་ཟིང་བསླངས་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་ནའང་། སྐུ་ཞབས་ཨེ་ས་ཡིས་རྒྱ་ནག་གི་སྐྱོན་འཛུགས་དེ་ངོས་ལེན་བྱེད་ཀྱི་མེད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་སྐུ་ཞབས་ཨེ་ས་རྒྱ་གར་ཧི་མ་ཅལ་གྲོང་སྡེ་དྷ་རམ་སར་ཡོང་རྩིས་ཡོད་པའི་གནས་ཚུལ་ཐོས་འཕྲལ། རྒྱ་ནག་ཕྱི་དོན་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་ཡང་ (Hua Chunying) ཟེར་བ་ཞིག་གིས། འབྲེལ་ཡོད་རྒྱལ་ཁབ་ཚང་མར་ཨེ་ས་ལ་ཁྲིམས་བཤེར་བྱེད་པའི་འགན་འཁུར་ཡོད་ལུགས་བཤད་ཀྱང་། རྒྱ་གར་གཞུང་གིས་ཁོ་ལ་ཐོངས་མཆན་སྤྲད་ཡོད་པ་རེད། ཡིན་ནའང་རེས་གཟའ་སྤེན་པའི་ཉིན་རྒྱ་གར་གཞུང་ཚབ་ཁང་གིས་སྐུ་ཞབས་ཨེ་སར་གློག་འཕྲིན་ཞིག་བཏང་སྟེ། དངོས་ཡོད་གནས་ཚུལ་རེ་འགའ་ཞིག་གིས་དབང་གིས་ཁོ་རྒྱ་གར་ནང་ཡོང་བའི་ཐོངས་མཆན་ཕྱིར་འཐེན་བྱས་སྐོར་བརྗོད་ཡོད་འདུག གནས་ཚུལ་འདིའི་ཐད་རྒྱ་གར་མི་མང་གིས་འཕྲུལ་དྲ་ (twitter) དང་ངོ་དེབ་ (facebook) སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese