མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་འཕྲོད་བསྟེན་དམིགས་བསལ་ཚོགས་ཆེན་ཚོགས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་མ་འོངས་པའི་ཉིན་གསུམ་རིང་དྷ་རམ་ས་ལར་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྐོར་ལ་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་སྟེང་ད་བར་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཐོག་འཐུས་ཤོར་གང་དུ་ཕྱིན་ཡོད་པ་དང་འཕྲོད་བསྟེན་ལས་བྱེད་ཚོའི་བཟང་སྤྱོད་བཅས་ཀྱི་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག

tibettimes

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བཞུགས་སྒར་ཉེ་འཁྲིས་དབུས་སྣེ་ལེན་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་སྐོར་ལ་ཉིན་གསུམ་རིང་གི་དམིགས་བསལ་ཚོགས་ཆེན་ཞིག་དབུ་འཛུགས་གནང་སོང་། ཚོགས་ཆེན་དབུ་འཛུགས་སྟེང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཡོད་པ་དང་། གཞན་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཁྱབ་ཁོངས་རྒྱ་གར་གྱི་ས་གནས་ ༢༦ དང་བལ་ཡུལ་གྱི་ས་གནས་ ༡༠ བཅས་ཀྱི་མི་གྲངས་ ༡༢༩ ཙམ་མཉམ་ཞུགས་གནང་འདུག

ཚོགས་འདུའི་གྲོས་གཞི་ཁག་ནི། ༧ཉེ་ལམ་གོང་ས་མཆོག་གིས་བཀའ་ནན་གནང་བ་ལྟར། མི་མང་ལ་འཕྲོད་བསྟེན་ཞབས་ཞུ་ཡར་རྒྱས་གཏོང་ཐབས་སྤྱི་དང༌། ལྷག་པར་ནད་རིཌ་སྔོན་འགོག་ཐོག་འཐུས་ཤོར་གང་དུ་ཕྱིན་ཡོད་མེད་དང༌འཐུས་ཤོར་གྱི་རྒྱུ་རྐྱེན་གང་ཡིན་ལ་གོ་བསྡུར། སྨན་ཁང་དུ་བསྟེན་གཏུགས་བྱེད་མཁན་རྣམས་ནད་ན་ཚའི་སྡུག་བསྔལ་གྱིས་མནར་ནས་སྨན་ཁང་བསྟེན་མཁན་ཤ་སྟག་ཡིན་པར་བརྟེན་འཕྲོད་བསྟེན་འགོ་ལས་ཡོངས་ནས་རྣམ་ཀུན་མི་མང་དང་ལྷག་པར་ནད་པ་དང་མཉམ་ཡ་རབས་བཟང་སྤྱོད་དང་བྱམས་སྙིང་རྗེའི་སྒོ་ནས་གཅེས་སྐྱོང་བྱེད་ཕྱོགས་སོགས་ཡིན་འདུག

ཚོགས་འདུའི་ཐོག་མར་འཕྲོད་བསྟེན་དྲུང་ཚབ་འཆི་མེད་རིག་འཛིན་ལགས་ཀྱིས་ཉེ་ལམ་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཐོག་བཀའ་བསླབ་གནང་བའི་སྐོར་དང་ཐེངས་འདིའི་ཚོགས་ཆེན་གྱི་དགོས་དམིགས་སོགས་ངོ་སྤྲོད་གནང་རྗེས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས། དབུས་འཕྲོད་བསྟེན་ལས་ཁུངས་ནས་གཙོ་བོ་ཡར་རྒྱས་གཏོང་རྒྱུ་དོན་ཚན་ཁག་ལྔ་ཆགས་ཀྱི་ཡོད་པ་དང་། དང་པོ་འཕྲོད་བསྟེན་གྱི་གྲངས་ཐོ་དེ་འཐུས་ཚང་ཚད་ལྡན་ཚན་རིག་དང་མཐུན་པ་ཞིག་དགོས་པ་གལ་ཆེན་པོ་རེད། བཙན་འབྱོལ་བོད་མི་འབུམ་གཅིག་ཙམ་ལས་མེད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་འཕྲོད་བསྟེན་འཛིན་སྐྱོང་ཁག་མང་པོ་ཆགས་ཡོད་སྟབས། ང་ཚོ་སྒྲིག་འཛུགས་ཀྱི་ངོས་ནས་འཕྲོད་བསྟེན་གྲངས་ཐོ་ལས་གཞི་དེ་ཚགས་ཚུད་གཏོང་རྒྱུ་དང་། ད་ཆར་བོད་ལུགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་སྨན་རྩིས་ཁང་གི་བོད་སྨན་ཁང་ ༥༥ ཡོད་པ་རེད། ཕྱི་ལུགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྨན་ཁང་ཁག་གི་གྲངས་ཐོ་དེ་སྨན་ཁང་དུ་ཡོང་མཁན་ནད་པ་ཚོ་མ་གཏོགས་གཞན་ཆ་ཚང་བ་ཞིག་ད་ཆར་བསླེབས་ཐུབ་མི་འདུག འཕྲོད་བསྟེན་གྲངས་ཐོ་དེ་ང་ཚོས་ཚད་ལྡན་འཐུས་ཚང་ཞིག་ཡོང་ཐུབ་པ་བྱས་ན། མ་འོངས་པར་སྔོན་འགོག་ལས་འཆར་ཆེ་རུ་གཏོང་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་བཀའ་ཤག་འཕྲོད་བསྟེན་ལས་བྱེད་ཚོར་ནད་ཚ་ག་རེ་སྒང་ལ་ཐག་ཆོད་དང་། ང་ཚོས་ག་རེ་ཡར་རྒྱས་གཏང་དགོས་པ། ནད་ཚ་ག་རེ་སྒང་ལ་དཀའ་ངལ་ཆེན་པོ་འདུག ཏན་ཏན་འགན་ཆེན་པོ་ཞིག་བསླེབ་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་སོགས་གསུངས་སོང་།

དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། ཉེ་ཆར་༧གོང་ས་མཆོག་ནས་བཀའ་སློབ་ནན་པོ་ཕེབས་པ་དེ་ཡིག་ངག་གཉིས་ཐོག་ཡོད་པ་རེད། དེ་གལ་ཆེན་པོ་ཞེ་དྲགས་ལ་བརྩི་རོགས་གནོངས། ང་ཚོ་བཀའ་ཤག་ནས་གལ་ཆེན་པོར་བརྩི་ཡི་ཡོད། དེ་ཡིད་ལ་བཅངས་པའི་ཐོག་ནས་ལག་བསྟར་གནང་བ་ག་རེ་ཡོད་པ་དེའི་སྒང་ལ་རྣམ་པ་ཚོས་བཀའ་བསྡུར་གནང་རྒྱུ་རེད། ལོ་བཞི་དང་ཕྱེད་ལྷག་ཅིག་རིང་ལ་ང་འདུ་དེ་འདྲར་ཐེངས་མང་བཅར་མྱོང་། མཐའ་མ་དེ་ལ་ལག་བསྟར་ཆོག་པའི་འཆར་གཞི་གསར་བ་ག་རེ་འདུག་ཟེར་ཡོང་དུས། བཀའ་མོལ་མང་པོ་གསུང་བའི་གྲས་ནས་བརྒྱ་ཆ་བཅུ་བཅོ་ལྔ་ནས་ཉེར་ལྔ་ཡོད་དུས་ཡག་ཤོས་རེད། བརྒྱ་ཆ་ ༧༥ ནས་ ༨༠ ཧ་ལམ་རང་འཇགས་དེ་གསུང་ཡོང་གི་འདུག ད་ལྟའི་བར་ཚོགས་ཆེན་ཚོགས་ཆུང་ནང་ང་རང་འདོད་པ་ཁེངས་ཤོས་དེ་ག་རེ་བྱུང་སོང་ཟེར་ན། ཕལ་ཆེར་ཟླ་བ་བརྒྱད་དགུའི་སྔོན་ལ་གཙུག་ལག་ཁང་དུ་འཛོམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉར་སྟངས་དང་ལག་བསྟར་བྱེད་སྟངས་འགྲིག་མ་འགྲིག་ག་རེ་ཡོད་པའི་སྐོར་ལ་བསམ་ཚུལ་མང་པོ་ཕེབས་སོང་། སྙན་ཐོ་དེའི་ནང་ལ་དངོས་གནས་བརྒྱ་ཆ་ ༥༠ ལས་ལྷག་ཅིག་གསར་བ་རེད། ལག་བསྟར་བྱེད་ཐུབ་པ་ཞིག་རེད་བསམ་པ་བྱུང་། ད་ལྟའི་བར་ང་རང་འདོད་པ་ཁེངས་ཤོས་དེ་བྱུང་སོང་། དེ་རིང་འདིར་མི་ཚོགས་མང་པོ་འཛོམས་པའི་སྐབས་ལ་ངས་ཁ་རུ་ཁ་ཐུག་གིས་རེ་འབོད་ཞུ་རྒྱུར། གསུང་བཤད་དང་བཀའ་སློབ་རྒྱུན་རིང་མི་གནང་བར། དངོས་སུ་ལག་བསྟར་བྱ་རྒྱུའི་ལས་འཆར་ག་རེ་ཡོད་པ་དང་འཆར་གཞི་ག་རེ་ཡོད་པ་དེའི་སྒང་ལ་དགོངས་ཚུལ་མང་པོ་གསུང་རོགས་གནོངས། ཞེས་སོང་གསུང་སོང་།

ཁོང་གིས་དེ་རིང་རྣམ་པ་ཚོ་འདིར་ཕེབས་དོན་སྤྱི་ཡོངས་འཕྲོད་བསྟེན་ལས་ཁུངས་སྤྱི་དང་ལས་བྱེད་སྤྱིའི་དོན་དག་རེད་དེ། གཙོ་བོ་ནད་ཚ་སྔོན་འགོག་ཆེད་དུ་༧གོང་ས་མཆོག་ནས་བཀའ་སློབ་མང་པོ་ཕེབས་ཡོད་སྟབས། དེའི་ཐོག་ལ་ག་རེ་བྱ་རྒྱུ་འདུག བོད་སྨན་དང་ཕྱི་ལུགས་ཀྱི་སྨན་ཐོག་ནས་ག་རེ་བྱ་རྒྱུ་འདུག་དེ་རེད། ཁ་སང་༧གོང་ས་མཆོག་གནམ་ཐང་ལ་ཆིབས་བསྒྱུར་བསྐྱངས་པའི་སྐབས་སུ་ང་ཕེབས་བསུར་བཅར་བ་ཡིན། བཅར་བའི་སྐབས་སུ་ད་ལན་འཕྲོད་བསྟེན་ལས་ཁུངས་ནས་ནད་ཚ་སྔོན་འགོག་སྒང་ལ་ཚོགས་ཆེན་འཚོགས་རྒྱུ་ཡིན་ཞེས་སྙན་སེང་ཞུས་པའི་སྐབས་ལ། ཞེ་དྲགས་ཡག་པོ་རེད། ནད་ཚ་སྔོན་འགོག་དེ་ཞེ་དྲགས་གལ་ཆེན་པོ་འདུག་གསུངས་སོང་། གང་ཡིན་ཟེར་ན་༧གོང་ས་མཆོག་གིས། གཞིས་ཆགས་ཁག་དང་སློབ་གྲྭ་ག་བར་ཕྱིན་ན། ནད་པ་མང་པོར་འཕྲད་ཡོང་གི་འདུག དེའི་ནང་ལ་ལོ་ཆེན་པོ་དེ་འདྲ་མང་པོ་འདུག དེ་སྔོན་འགོག་གི་སྒང་ལ་ང་ཚོས་དོ་སྣང་མེད་པ་དང་ལག་བསྟར་མ་བྱས་པའི་རྐྱེན་རེད། རྒྱུད་སྨད་ཀྱི་བླ་མ་དབུ་མཛོད་ཁོང་རེ་བ་ཆེན་པོ་ཞེ་དྲགས་གནང་ས་ཞིག་ཡིན་ཡང་། ཁོང་ཉེ་བའི་ཆར་དགོངས་པ་བརྫོགས་འདུག དེ་ག་རེ་རེད་ཟེར་ན་ལོ་ཆུང་ཆུང་དེ་འདྲ་ཞིག་དེ་ལྟར་དགོངས་པ་རྫོགས་པ་དེ་ནད་ཚ་སྔོན་འགོག་མ་ཤེས་པ་དང་། འཕྲོད་བསྟེན་ལ་དོ་སྣང་མ་བྱས་པའི་ཐོག་ནས་ཁོང་དགོངས་པ་རྫོགས་པ་རེད། རེ་བ་ཆེན་པོ་ཞེ་དྲགས་ཡོད་དེ་ད་ཁོང་དགོངས་པ་རྫོགས་པ་རེད། དེ་དང་དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་མང་པོ་ཡོང་གི་འདུག ཁོང་ཞེ་དྲགས་ཡག་པོ་ཡོད་ཟེར་དུས་སྐབས་ལ། ཁོང་ན་ནས་གྲོངས་འགྲོ་བཞིན་ཡོད་པ་རེད། ང་རང་གི་ལོ་ཚོད་གཅིག་པ་དེ་འདྲར་ཐུག་ཡོང་གི་འདུག ཐུག་ནས་སྐད་ཆ་བཤད་སྐབས་གང་འཚམ་ཞིག་ནས་ད་ང་ཕྱི་ལོག་ལ་འགྲོ་དགོས་ཡོད། གང་ཡིན་ཟེར་ན་ང་གོན་པ་འཁྲུད་དུ་འགྲོ་དགོས་ཡོད། ང་ལ་ (TB) ནད་ཚ་ཡོད་ཟེར་གྱི་འདུག སློབ་སྦྱོང་དང་འཇོན་ཐང་ཡོད་པ་རེད། སྤྱི་ཚོགས་ནང་མཐོང་ཡོད་པ་དེ་འདྲ་ཞིག་གིས་ད་ང་གོན་པ་འཁྲུད་དུ་འགྲོ་དགོས་མ་གཏོགས་ང་ (TB) ནད་པ་ཡིན་ཟེར་ན་ག་འདྲ་ཆགས་སོང་ཞེས་༧གོང་ས་མཆོག་གིས་བཀའ་གནང་ཡོད་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་གིས་མུ་མཐུད་དུ། ང་ཚོའི་སྤྱི་ཚོགས་ནང་གི་ནད་ཚ་ལ་ཕྱོགས་གཅིག་ནས་བལྟས་ན། ང་ཚོའི་མཐུན་རྐྱེན་ཐོག་ནས་མ་འདང་བ་རེད་དམ་ཞེ་ན། དེ་འདྲ་རྩ་བ་ནས་མ་རེད། ང་ཚོ་ལས་སྐྱོ་བའི་རྒྱལ་ཁབ་དང་ལུང་པ་མང་པོ་ཡོད་པ་རེད། དངོས་གནས་བྱས་ན། འདས་པའི་མི་ལོ་ ༥༠ ནང་ནད་ཚ་ཉུང་དུ་འགྲོ་དགོས་ཀྱང་། ཉེ་ཆར་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ནང་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་འདུག འཕྲོད་བསྟེན་ལ་དང་དོད་བྱས་ཏེ་སྤྱི་ཚོགས་ཐང་པོ་ཡོད་ན། གཞུང་དེ་ཐང་པོ་ཡོང་གི་རེད་ལ། བོད་རིགས་ཐང་པོ་ཡོང་ན། བོད་ཀྱི་རྩ་དོན་རྩོད་པའི་སྒྲིག་འཛུགས་འདི་ཡང་ཐང་པོ་ཡོང་གི་རེད། ང་ཚོའི་སྤྱི་ཚོགས་ཐང་པོ་མེད་པ་དང་བོད་རིགས་ཐང་པོ་མེད་ན། རྩ་དོན་གྱི་སྒྲིག་འཛུགས་འདི་ཡང་མེད་པ་ཆགས་ཉེན་ཡོད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. ཚེ་དབང་རྣམ་རྒྱལ། says:
    ལོ་ 10 སྔོན།

    གཏན་ཉིན་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ནང་ན་ཚ་སྔོན་འགོག་ཆེད་དུ་ཞལ་ལག་དང་གཙང་སྦྲ་སོགས་ཡར་རྒྱས་གང་མང་གཏང་རྒྱུ་ལྷག་འདུག་པས་དེའི་ཐོག་འཕྲོད་བསྟེན་ལས་ཁུངས་ནས་གང་ཐུབ་རོགས་འདེག་གནང་ན་རྒྱལ་མཚན་ཆེའོ།

    Reply
  2. ྇རིག་འཛིན། says:
    ལོ་ 10 སྔོན།

    ཚོགས་ཆེན་ལམ་ལྷོང་ཡོང་བ་དང་དོན་འབྲས་སོན་པའི་རེ་བ་དང་། ཡིད་ཆེས་ཡོད། སྲིད་སྐྱོང་མཆོག་ནས་བཀའ་སློབ་ལེགས་པོ་གནང་ཞག ནུས་པ་མཉམ་སྤུང་བྱ་རྒྱུ་དུས་ལ་འབབ་ཞག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese