མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་གི་དྲི་བའི་ལན་ལ་ཁ་རྡུང་བཏང་།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཕྱི་སྲིད་བློན་ཆེན་ལ་ཁེ་ན་ཌའི་གསར་འགོད་པ་ཞིག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དྲི་བ་བཏོན་པའི་ལན་དུ་མི་མང་དཀྱིལ་དུ་ཐད་ཀར་ཁ་རྡུང་དྲག་པོ་བཏང་ཡོད་འདུག

cda-china-20160601གཟའ་ལྷག་པའི་ཉིན། ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་སེ་ཊེ་ཧྥན་ཌེ་འོང་(Stepane Dion)དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་(Wang Yi)གཉིས་གོ་ལའི་སྤྱི་ཁྱབ་ལས་དོན་ཁང་གི་མི་སྣ་མཇལ་འཛོམས་སྐབས། གསར་འགོད་ལྷན་ཚོགས་ཤིག་སྐོང་སྐབས་བའི་ཐོག ཁེ་ན་ཌའི་ཨའི་པོ་ལི་ཊིག་ས་(web outlet IPolitics)ཞེས་པའི་གསར་ཁང་གི་གསར་འགོད་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དང་། རྒྱ་གཞུང་གིས་གསང་ཉུལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་ཁེ་ན་ཌའི་མི་སེར་ཀེ་ཝིན་གྷ་རཱ་ཊའི་(Kevin Garratt)ཡི་སྐོར་བཅས་ཀྱི་སྐོར་ཝང་ཡི་ལ་དྲི་བ་དྲིས་པར། ཝང་ཁོང་ཁྲོའོ་རྣམ་འགྱུར་མངོན་གསལ་ངང་དེ་ནི་དོ་ཁུར་མེད་པའི་སྐད་ཆ་ཞིག་རེད་ཅེས་བཤད་པ་དང་། “ཁྱོད་ཀྱི་དྲི་བ་ནི་ཕྱོགས་ལྷུང་ཆེ་ལ་རྒྱ་ནག་གི་ཁ་གཏད་དུ་ལངས་པ་ཞིག་རེད། དྲི་བ་དེ་གང་ནས་ཡོང་མིན་མི་ཤེས་ཀྱང་། རྩ་བ་ནས་ཁས་ལེན་བྱེད་ཐབས་བྲལ་བ་ཞིག་རེད།”ཅེས་བརྗོད་ཡོད་པ་དང་། ཁོས་ད་དུང་ “རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་ཕྱི་མི་ལས་རྒྱ་མི་རིགས་ཀྱིས་ལེགས་པ་ཤེས་ཀྱི་ཡོད། འགྲོ་བ་མིའི་གནས་བབ་ཀྱི་ཐོག་ནས་བཤད་ན། རྒྱ་མི་རིགས་ཀྱི་གནས་སྟངས་ཡག་ཐག་ཆོད་ཡོད།” ཅེས་དང་། “ དེར་བརྟེན། ངས་ཁྱོད་ལ་དོ་ཁུར་མེད་པའི་དྲི་བའི་རིགས་མི་འདྲི་བའི་དྲན་སྐུལ་བྱེད་ཀྱི་ཡོད། ང་ཚོས་མཐུན་འབྲེལ་གྱི་རང་བཞིན་དུ་གྱུར་བའི་དྲི་བར་དགའ་བསུ་དང་། གཞི་མེད་སྐྱོན་འཛུགས་ཀྱི་དྲི་བར་ངོས་ལེན་བྱེད་རྒྱུ་མིན།”ཞེས་སོགས་བརྗོད།

དེ་གའི་གསར་འགོད་པ་ཚོས་ཨཱི་པོ་ལི་ཊིག་སའི་(IPolitics)གསར་འགོད་པའི་དྲི་བར་ཧ་ཅང་མོས་མཐུན་བྱས་ཡོད་པ་རེད། ཝང་ཡིས་གསར་འགོད་པ་དེར་ཁྱོད་རྒྱ་ནག་ཏུ་འགྲོ་མྱོང་ཡོད་དམ་ཟེར་བ་དང་། མུ་འཐུད་ “རྒྱ་ནག་མི་མང་ས་ཡ་ ༦༠༠ ལྷག་དབུལ་ཕོངས་ཀྱི་གནས་ལས་གྲོལ་ཐུབ་པ་ཁྱོད་ཀྱིས་ཤེས་སམ། རྒྱ་ནག་གཞི་རྟེན་སྐྱོ་བོ་ཞིག་ནས་ད་ཆ་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པ་ཆགས་ཡོད་པ་ཁྱོད་ཀྱིས་ཤེས་སམ། རྒྱ་ནག་གི་རྩ་ཁྲིམས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་བཀོད་ཡོད་པ་ཁྱོད་ཀྱིས་ཤེས་སམ།”ཞེས་སོགས་བརྗོད།

དེ་སྔོན་སེ་ཊེ་ཧྥན། ཌེ་འོང་ལ་གསར་འགོད་པས་ཀེ་ཝིན་གྷ་རཱ་ཊ་ཡི་གནད་དོན་སྐོར་དྲི་བ་དྲིས་པར། ངས་གནད་དོན་དེའི་སྐོར་ཝང་ཡི་དང་ལྷན་དུ་གླེང་སློང་བྱས་པ་ཡིན། གོ་སྐབས་ནམ་བྱུང་ལ་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་དང་། དཀའ་ཚེགས་ཆེ་བའི་ཚོང་འབྲེལ་གྱི་གནད་དོན་སྐོར་གླེང་སློང་བྱེད་ཀྱི་ཡོད་ཅེས་བཤད།

གྷ་ར་ཊ་ནི་དྷང་ཌོང་ཞེས་པའི་བྱང་ཀོ་རིའི་ས་མཚམས་སུ་ཡོད་པའི་གྲོང་ཁྱེར་ཁྲིམས་ཁང་ཞིག་གིས་ནག་ཉེས་ཁྲིམས་ཐག་བཅད་པ་རེད།  གྲོང་ཁྱེར་དེར་ཁོ་པ་རང་ཉིད་ཀྱི་བཟའ་ཟླ་དང་ལྷན་དུ་མི་མང་པོས་དགའ་པོ་བྱེད་པའི་ཀོ་ཕི་(coffee)ཚོང་ཁང་ཞིག་གཉེར་གྱི་ཡོད་པ་དང་། བྱང་ཀོ་རི་ཡར་ཡེ་ཤུའི་རོགས་ཚོགས་ཤིག་གི་སྣེ་ཁྲིད་ལམ་སྟོན་བྱེད་ཀྱི་ཡོད་པ་རེད། ཁོ་པ་དང་བཟའ་ཟླ་གཉིས་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༨ པའི་ནང་རྒྱལ་ཁབ་བདེ་སྲུང་ཚན་པས་འཛིན་བཟུང་བྱས་པ་དང་། བཟའ་ཟླ་དེ་ཕྱིས་སུ་ཀློད་གྲོལ་བཏང་ཡོད་པ་རེད།  ཌེ་འོང་གིས་ང་དང་ཝང་ཡི་གཉིས་ཀྱི་བར་འགྲོ་བ་མིའི་ཐོབ་ཐང་སྐོར་དང་ཚོང་འབྲེལ་གནད་དོན་ཐོག་གླེང་མོལ་ཁ་རི་ཁ་ཐུག་དང་དྲང་པོ་དྲང་གཞག་ངང་བྱས་ཡོད།

ཝང་གིས་སྲིད་བློན་ཇ་སི་ཊིན། ཊུ་ཌིའུ་(Justin Trudeau)མཆོག་ཀྱང་མཇལ་འཕྲད་བྱས་ཡོད་པ་རེད་བཅས་བཤད།ཝང་ཡིས་ཁེ་ན་ཌ་དང་རྒྱ་ནག་གཉིས་ནི་འབྲེལ་ལམ་གསེར་གྱི་དུས་གསར་(new Golden Age)རམ་འབྲེལ་ལམ་བཟང་པོར་ཁ་ཕྱོགས་བཞིན་པར་ཡིད་ཆེས་དང་། ཕྱི་ལོ་ ༡༩༧༠ ལོར་སྲིད་བློན་ཇ་སི་ཊིན་མཆོག་གི་ཡབ་ཀྱིས་ཕྱི་སྲིད་ཀྱི་འབྲེལ་བ་གསར་འཛུགས་གནང་བ་ནས། སྔར་གྱི་བསམ་བློ་གུ་ཡངས་ཅན་གྱི་སྲིད་བློན་ཇིན། ཁི་རི་ཤན་(Jean Chretien)དང་། པོལ། མར་ཊིན།(Paul Martin)གཉིས་ཀྱིས་རྒྱ་སྐྱེད་བྱས་ཚུལ་ལུང་འདྲེན་བྱས་པ་དང་། དེ་སྔོན་གྱི་རྙིང་ཞེན་ཅན་གྱི་སྲིད་བློན་སི་ཊེ་ཧྥན། ཧར་ཕེར་(Stephen Harper)གྱི་སྐོར་གང་ཡང་བརྗོད་མེད་པ་རེད།

སི་ཊི་ཧྥན་གྱིས་ལོ་ངོ་བཅུ་ཕྲག་དབང་སྒྱུར་བྱས་པའི་རིང་། རྒྱ་ནག་ལ་དམའ་འབེབས་དང་བརྙས་སྨོད་བྱས་པའི་སྐྱོན་འཛུགས་ཀྱིས། ཡུལ་གཉིས་ཀྱི་འབྲེལ་བ་ཧ་ཅང་གྲང་ཤུར་ཤུར་གྱི་གནས་བབས་ཤིག་ཏུ་སྐྱེལ་དགོས་བྱུང་ཡོད།ཞི་ཅིན་ཕིན་གྱི་ཆེས་ཐོག་མའི་རྒྱལ་སྤྱིའི་ཕྱོགས་སྐྱོད་སྐབས་སྲིད་བློན་ཇ་སི་ཊིན། ཊུ་ཌིའུ་ཡིས་བཟང་ཕྱོགས་ཀྱི་འབྲེལ་ཟམ་བཙུགས་པར་བརྟེན། ཞི་ཡིས་ཊི་ཌིའུ་ཡི་ཡབ་ཀྱིས་ཕྱི་ལོ་ ༡༩༧༠ ལོར་རྒྱ་ནག་དང་ལྷན་ཕུགས་རྒྱང་རིང་བའི་ཕྱི་འབྲེལ་གསར་བཙུགས་བྱས་པར། ཊར་ཀི་རུ་སྐོང་འཚོགས་བྱས་པའི་རྒྱལ་ཁབ་ ༢༠(G20)ལྷན་ཚོགས་སྐབས་བསྔགས་བརྗོད་བྱས་ཡོད་པ་རེད།

ཨེ་པི་གསར་ཁང་(AP)གིས་སྤེལ་བ་སྐལ་ལྡན་གྱིས་བོད་སྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག ༡༡།༥།༢༠༢༦
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས།

ཆུ་ཚོད་ ༢ སྔོན་ལ།
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

ཆུ་ཚོད་ ༣ སྔོན་ལ།
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese