མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲགས་ཅན་ཡིད་འོང་མ་གསུམ་ཆོས་སྒོར་ཞུགས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཏྲི་ཡེ། ཙཀྲ་བྷོརྟིས་(Atreyee Chakraborty)སྤེལ།
སྐལ་ལྡན་གྱིས་བསྒྱུར།

སྐྱེས་གཟུགས་ལེགས་ཤིང་མཚར་སྡུག་ལྡན་པ། མ་འོངས་མདུན་ལམ་བཟང་བ། སྐྱེ་བོ་ཁྲི་མ་འབུམ་གྱི་ཡིད་དབང་འཕྲོག་པ། མདོར་ན། གང་དགའ་ཅི་འདོད་ལག་ན་ཡོད་པའི་གྲགས་ཅན་སྒྱུ་རྩལ་པ་ཨ་ནུ་ཨགྷརྦལ་(Annu Aggarwal)དང་། བྷརྐ་མཱཌན་(Barkha Madan) སོ་ཧྥི་ཡ་ཧ་ཡ་ཏ་(Sofiya Hayad)བཅས་ཀྱིས་འཇིག་རྟེན་གྱི་བྱ་དངོས་དག་ལ་ཇི་མི་སྙམ་པར་སྡོམ་ཁྲིམས་སྲུང་བའི་དམ་བཅའ་བླངས།

ཁྱོད་ཀྱིས་སྙན་འཇེབས་རོལ་དབྱངས་ཀྱིས་བརྒྱན་པའི་གློག་བརྙན་བརྩེ་དུང་(Aashiqui)ཞེས་པའི་སྒྱུ་རྩལ་མི་སྣ་གཙོ་བོ་ཨ་ནུ་ཨགྷརྦལ་ངོ་ཤེས་ཀྱི་ཡོད། ཁོ་མོས་ལྟ་ན་སྡུག་པའི་གྲོང་སྡེ་བསྐྱུར་ཏེ་ཕྱིན་པ་རེད། ང་ཚོའི་བློ་ཡུལ་དུ་ཤོང་དཀའ་བ་ནི། དེ་ལྟ་བུའི་གྲགས་ཅན་གློག་བརྙན་འཁྲབ་སྟོན་གྱི་རྗེས། ཁོ་མོས་འོད་སྟོང་ལྡན་པའི་མདུན་ལམ་དོར་ཏེ་གར་སོང་ཆ་མེད་དུ་གྱུར་བ་དེ་རེད། འོན་ཏེ། ཁོ་མོས་སྐྱེ་བོ་ཐམས་ཅད་དངུལ་དང་སྙན་གྲགས་དོན་གཉེར་ཅན་མིན་པ་ར་སྤྲོད་བྱས་པ་རེད། ཁོ་མོར་མཚོན་ན་བདེ་སྐྱིད་ནི་བདག་འཛིན་གྱི་འཆིང་རྒྱ་ལས་གྲོལ་རྒྱུ་དེ་ཡིན་པའི་ངེས་པ་རྙེད་ཡོད།

anu-aggarwal_story_647_081115112307

ཁོ་མོ་མི་རྣམས་ཀྱི་མཐོང་ལམ་དུ་མ་གྱུར་བར་ལོ་ངོ་ཁ་ཤས་འདས་ཟིན་པ་རེད། བརྩེ་དུང་ཞེས་པའི་གློག་བརྙན་འཁྲབ་ཚན་གཉིས་པ་(Ashiqui 2)ཡོངས་གྲགས་འགྲེམ་སྤེལ་བྱས་ཏེ་ལོ་གཅིག་འཁོར་བའི་རྗེས། ཁོ་མོ་སྤྱི་ཚོགས་ཁྲོད་སླར་ཕྱིར་ལོག་བྱས་ཡོད།  འོན་ཏེ་ཁོ་མོས་རང་ཉིད་ཀྱིི་ལོ་རྒྱུས་འཆད་སྨྲའི་ཆེད་དུ་ཡོང་བ་མིན་ལ། མངོན་གསལ་དོད་པོས་བཅར་འདྲི་དང་ལེན་བྱེད་རྒྱུའི་འདོད་པ་ཡང་བྱེད་ཀྱི་མེད། ཁོ་མོ་ནི་མོམ་བྷའི་(Mumbai)དབུལ་གྲོང་སྲང་ལམ་དུ་དབུགས་སྦྱོང་(Yoga)སློབ་པའི་བྲེལ་འཚུབ་ཁྲོད་གནས་ཡོད། ཡོངས་གྲགས་སུ་ཨ་ནུ་དབུགས་སྤྱོང་རྩེད་མཚར་ཞེས་འབོད་ཀྱི་ཡོད། ཁོ་མོའི་དབུགས་སྦྱོང་གི་ནུས་པ་ཚད་མཐོན་པོར་སོན་ཡོད་པ་མ་ཟད། ཝི་པཱ་ས་ན་(Vipassana)ཞེས་པ་དངོས་པོའི་གནས་ལུགས་དང་རང་གཞིས་ལ་དཔྱོད་པའི་ནུས་པ་ཡང་མཐོན་པོར་སོན་ཡོད་པ་རེད།

anu-aggarwal-2

སྣུམ་འཁོར་བརྡབ་སྐྱོན་གྱི་གོད་ཆག་ཁྲོད་ཁོ་མོར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཉལ་སར་ལུས་པ་མ་ཟད། ལུས་པོའོ་ཚོར་བ་ཡང་ཉམས་པ་རེད། གསོ་དཔྱད་ཀྱི་ནུས་པ་དང་ཁོ་མོ་རང་ཉིད་ཀྱི་བློ་སྟོབས་ལ་བརྟེན་ནས་དལ་བ་དལ་བུར་དྲག་སྐྱེད་བྱུང་བ་དང་། ཆོས་ཕྱོགས་ཀྱི་བྱ་གཞག་མུ་འཐུད་རྒྱུན་སྐྱོང་བྱེད་ཐུབ་པ་བྱུང་། དབུགས་སྦྱོང་དང་སྔགས་ཀྱི་ནུས་མཐུ་ལ་བརྟེན་ནས་ལུས་སེམས་ཐ་དད་དུ་གནས་ཐུབ་པའི་མྱོང་བ་ཐོབ་ཚུལ་སོགས་ཁོ་མོ་རང་ཉིད་ཀྱི་བརྩམས་ཆོས་ནང་བཀོད་ཡོད་པ་རེད།

བྷརྐ་མ་དྷན་(Barkha Madan)གྱིས་རང་ཉིད་ཀྱི་ཕུལ་བྱུང་སྒྱུ་རྩལ་དོར་ཏེ་རབ་ཏུ་བྱུང་།

112103655

ཨ་ནུ་ཨགྷརྦལ་གྱི་རྗེས། རྒྱ་གར་གྱི་མཛངས་མ་བྷརྐ་མ་དྷན་གྱིས་རང་ཉིད་ཀྱི་ཆེད་ལས་སྒྱུ་རྩལ་གྱི་སྙན་གྲགས་ཕྱོགས་བཞིར་ཁྱབ་པའི་དུས་སྐབས་སུ་ནང་པའི་ཆོས་རར་སྒྲིག་ཞུགས་བྱས་པ་རེད། ཁོ་མོས་བརྙན་འཕྲིན་འཁྲབ་ཚན་དང་། གློག་བརྙན་ཆེ་ཁག་མི་ཉུང་བ་ཞིག་ནང་འཁྲབ་སྟོན་བྱས་ཡོད། ཕྱི་ལོ་ ༡༩༨༤ ལོའི་རྒྱ་གར་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་བྱས་པ་མ་ཟད་མཐའ་མའི་འགྲན་བསྡུར་ནང་དུ་ཡང་ཚུད་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༡༩༨༦ ལོར་གློག་བརྙན་ཆེ་ཁག་མི་འདྲ་བ་གཉིས་ཀྱི་ནང་གཟེངས་སུ་ཐོན་པའི་བསྔགས་བརྗོད་ཐོབ་ཡོད། སྒྱུ་རྩལ་གྱི་རིན་ཐང་དང་འཁྲབ་ཁྲིད་པའི་གདེང་འཇོག་བྱེད་ཤུགས་ཀྱང་ཇེ་ཆེར་ཕྱིན་ཡོད། གནས་བབས་དེ་འདྲར་སྐྱེ་ཕོ་མོ་སུ་འདྲ་ཞིག་ཡིན་རུང་གོམ་པ་མངོན་དུ་མི་ཕྱོགས་པ་ག་ལ་སྲིད། འོན་ཀྱང་། བྷརྐ་མ་དྷན་གྱིས་རྒྱུན་གཏན་གྱི་ལམ་བུ་དེར་ཞུགས་མེད།

བྷརྐ་མདྷན་གྱི་ཆོས་མིང་ལ་རྒྱལ་བསྟན་བསམ་གསན་ཟེར་ཞིང་། སྔར་གྱི་བྱ་གཞག་ཁྲོད་རང་རྒྱུད་ལ་རྟག་ཏུ་དྲི་བ་ཞིག་ཝ་ལེར་འཆར་བ་ནི། དོན་དངོས་ཁྱོད་ལ་མཁོ་བ་འདི་དག་ཡིན་ནམ་ཞེས་པ་དེ་རེད། རང་ཉིད་ཀྱི་ལས་དོན་ཀུན་ལ་དགའ་ཞིང་སྤྲོ་བའི་ངང་ཞུགས་པ་དང་། འཇིག་རྟེན་གྱི་བྱ་སྤྱོད་ལ་ཆགས་ཞེན་ཆེན་པོས་ཞུགས་རུང་། དེ་དག་རང་ཉིད་ཀྱི་མི་ཚེའི་དགོས་འདུན་ནམ་དམིགས་པ་དངོས་དེ་ཡིན་མིན་ཐེ་ཚོམ་ཀྱི་དྲ་བའི་ནང་ཚུད་ཡོད།

barkha-madan-as-buddhist-nun

ཁོ་མོ་ཆུང་བྱིས་པའི་དུས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་དད་གུས་ཡོད་པ་ཞིག་ཡིན། མཐར་ཕྱི་ལོ་ ༢༠༠༢ ལོར་༸གོང་ས་ཏཱ་ལའི་བླ་མའི་གསེར་ཞལ་མཇལ་བས། རབ་བྱུང་གི་སྡོམ་པ་ལེན་པའི་འདོད་མོས་ཡོད་སྐོར་ཞུས་ཀྱང་། ༸གོང་ས་མཆོག་གི་ཞལ་བཞེས་བཟང་པོ་ལམ་སེང་ཐོབ་མེད། མཐར་ཁོ་མོའི་ཡབ་ཡུམ་ཟུང་གི་རོགས་རམ་ལ་བརྟེན་ནས་ནང་པའི་བཙུན་མ་ཞིག་ཏུ་གྱུར་བ་དང་། ད་ལྟའི་ཆར་ཁོ་མོས་སྔར་ནས་འདོད་མོས་ཆེ་བའི་ཉམ་ཐག་ཕྲུ་གུར་ལྟ་སྐྱོང་རོགས་རམ་བྱེད་བཞིན་ཡོད།

སོ་ཧྥི་ཡ་ཧ་ཡ་ཏ་(Sofiya Hayad)ཡིས་ཀྱང་ལམ་བུ་དེ་རང་བདམས།

Sofia-Hayat-wiki-profile-boyfriend-biography

ཉེ་བའི་ཆར་ང་ཚོས་གོ་ཐོས་བྱུང་བ་ནི་སོ་ཧྥི་ཡ་ཧ་ཡ་ཏའི་སྐོར་རེད། ཁོ་མོར་ས་ཡི་ལྷ་མོའི་(Gaia Mother)མིང་དེ་མ་ཐོབ་སྔོན་ཁོ་མོའི་མིང་དངོས་གོ་ཐོས་ཡོད་མཁན་དཀོན་པོ་རེད། ཀུ་རེའི་ཚུལ་དུ་བརྗོད་ན། ཁོ་མོ་ཡེ་ཤུའི་བཙུན་མར་གྱུར་བ་དེས། ཧ་ལམ་ཁོ་མོའི་མདུན་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་བ་འདྲ།

འཇོ་སྒེག་ཉམས་འགྱུར་ལྡན་པའི་དབྱིན་ཇིའི་གྱོན་གོས་དཔེ་སྟོན་པ་(Model)ནས། རྒྱ་གར་གྱི་དངོས་དོན་བརྙན་འཕྲིན་(Reality show)འཁྲབ་སྟོན་པར་གྱུར་བའི་སོ་ཧྥི་ཡ་ཧ་ཡ་ཏ་ཡང་། ཆོས་ཕྱོགས་ཀྱི་བྱ་གཞག་དང་ལེན་བྱེད་མཁན་ཞིག་ཏུ་གྱུར་ཡོད། ཁོ་མོས་བཅར་འདྲི་ཞིག་དང་ལེན་བྱེད་སྐབས་ “ངས་ཚིག་རྩུབ་དང་བརྙས་སྨོད་ཀྱི་ཁོར་ཡུག་ཏུ་འཚོ་བ་བསྐྱལ་ཡོད། སྐབས་ཤིག་ལ་ངས་རང་སྲོག་གཅོད་རྩིས་བྱས་ཡོད་ལ་སྲོག་ཉེན་ནང་ལྷུང་མྱོང་ཡོད། རང་སེམས་རང་གིས་གནོན་མི་ཐུབ་པའི་དཀའ་ངལ་འཕྲད་མྱོང་ཡོད། སྨན་པ་ཞིག་གི་ལམ་སྟོན་འོག་དྲག་སྐྱེད་བྱུང་བ་དང་ཁོང་གི་ལམ་སྟོན་བཞིན་ཡེ་ཤུའི་བཙུན་མ་རྣམ་དག་ཅིག་ཏུ་གྱུར་ཡོད།” ཞེས་བརྗོད།

sofiyahayat2

ཁོ་མོས་མི་ཚེ་ཧྲིལ་པོ་ཆགས་སྤྱོད་རིགས་དང་བརྟན་བྲལ་བྱ་རྒྱུ་ཡིན་ཞེས་ཟེར། དེ་ནི་ཅི་འདྲའི་འགྱུར་ལྡོག་ཆེན་པོ་ཞིག་མ་རེད་དམ།

འབྲེལ་ཡོད་གསར་འགྱུར།

Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

ཆུ་ཚོད་ ༢༡ སྔོན་ལ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

ཆུ་ཚོད་ ༢༣ སྔོན་ལ།

མཆན། 4

  1. སྣང་སྐྱིད། says:
    ལོ་ 10 སྔོན།

    མཛེས་མ་ཡང་ཤི་དགོས་པས་ཆོས་སྒོར་ལོས་ཞུགས།

    Reply
  2. ྸཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅།། ཡ་ཡ།

    དྲགས་ཅན་མཛེས་མ་དཔལ་འབྱོར་ཆེ་ན་ཡང།། སྔོན་ལས་བཟང་པོས་དམ་པའི་ཆོས་དང་མཇལ།།
    རྟག་བརྟན་མེད་པའི་འཇིག་རྟེན་འཁོར་བ་འདིར།། ནམ་ཡང་མ་ཞེན་བུ་མོ་གཞན་གཅེས་འཛིན།།

    རི་ལུང་པ་གསེར་གྱི་གང་ན་ཡང།། རང་འཆི་དུས་རྡུལ་ཙམ་འཁྱེར་དབང་མེད།།
    འདི་བསམ་ན་རང་སེམས་གཏིང་ནས་སྐྱོ།། སེམས་སྐྱོ་ཡང་བྱ་ཐབས་ཅི་ཡང་མེད།།

    Reply
    • བསེ་རུ་ཟང་ཐལ། says:
      ལོ་ 10 སྔོན།

      དེ་འགྲིག་བཞག མཛེས་མ་ཚོ་ཡང་སྐྱར་མཛེས་ལོག་མི་བརྒྱབ་པའི་སྨོན་འདུན་ཡོད། ཆོས་ཟབ་སར་བདུད་ཟབ་ཟེར་བས། སྐབས་རེ་དར་མ་འདི་འདྲ་ཆོས་ལ་ཞུགས་མཚམས་ཁྱི་རྒན་འདོད་ཆགས་ཁོ་སླར་ཡང་རྣམ་འགྱུར་གཟེངས་སུ་ཐོན་པའི་འཁྲབ་སྟོན་དཔེ་གསར་སྐད་གྲགས་ཆོད་པ་དེ་འདྲ་ཡང་སྟོན་ཡོང་ངོ་། གཟོབས་ཤིག གཟོབས་ཤིག གཟོབས་ཤིག མཛེས་མ་ལགས།།

      Reply
      • འབྲོང་བུ་སོག་ཚ། says:
        ལོ་ 10 སྔོན།

        དམིགས་བསལ་མ་བྱེད་ལས་ངན།

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese