མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་གཟའ་ལྷག་པའི་སྔ་དྲོའི་ཆུ་ཚོད་ ༡༠།༡༨ སྟེང་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཕོ་བྲང་དཀར་པོ་རུ་ཆུ་ཚོད་ཕྱེད་ཀའི་རིང་མཇལ་འཕྲད་བཀའ་མོལ་གནང་ཡོད་འདུག

tibettimes1

མཇལ་འཕྲད་རྗེས་ཨ་རིའི་ཕོ་བྲང་དཀར་པོ་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བྱམས་བརྩེ་སྙིང་རྗེ་དང་། འཚེ་མེད་ཞི་བ་བཅས་ཀྱི་ཐོག་ཕྱག་ལས་གནང་བར་བསྔགས་བརྗོད་ཡོད་པ་དང་། ད་རེབ་ཨོ་བྷ་མ་དང་ཏཱ་ལའི་བླ་མ་མཇལ་འཕྲད་སྐབས་བོད་ནང་གི་གནས་སྟངས་ཐོག་བཀའ་མོལ་གནང་སྟེ། སྲིད་འཛིན་ཨོ་བྷ་མས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བཅས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་ཡོད་སྐོར་འཁོད་ཡོད་འདུག

གསལ་བསྒྲགས་ནང་མུ་མཐུད་དུ། ཨ་རིའི་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པར། ༧གོང་ས་ཏཱ་ལའི་བླ་མའི་བཏོན་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཞུ་བཞིན་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་བོད་རང་བཙན་རྩོད་ཀྱི་མེད་སྟབས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་། ཡང་ན། ཁོང་གི་སྐུ་ཚབ་མཉམ་དུ་དོན་ཕན་ལྡན་པའི་གྲོས་མོལ་གནང་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པ་སོགས་འཁོད་ཡོད་འདུག

ཉེ་ལམ་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཕོ་བྲང་དཀར་པོ་རུ་མཇལ་འཕྲད་གནང་འཆར་ཡོད་པ་ཐོས་མ་ཐག རྒྱ་ནག་གཞུང་གིས་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ལ་ཡི་གེ་བཏང་སྟེ། ཐེངས་འདིའི་ཏཱ་ལའི་བླ་མ་དང་ཨ་བྷ་མ་གཉིས་ཀྱི་མཇལ་འཕྲད་དེ་ཕྱིར་འཐེན་བྱེད་དགོས་སྐོར་དང་། གལ་སྲིད་མཇལ་འཕྲད་གནང་བ་ཡིན་ན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་སྐོར་སོགས་ཀྱི་གནོན་ཤུགས་སྤྲད་ཡོད་འདུག

ཐེངས་འདི་ནི་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་བ་ཐེངས་ ༥ པ་དེ་ཆགས་ཡོད།

༡༽ ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༨ ཉིན། ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་གྱི་ཕོ་བྲང་དཀར་པོ་རུ་ཆུ་ཚོད་གཅིག་ལྷག་རིང་མཇལ་འཕྲད་གནང་ཡོད།

༢༽ ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན། ཨ་རིའི་རྒྱལ་ས་ཝ་ཞིན་ཏོན་གྱི་ཕོ་བྲང་དཀར་པོ་རུ་མཇལ་འཕྲད་གནང་ཡོད།

༣༽ ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༡ ཉིན། ཨ་རིའི་རྒྱལ་ས་ཝ་ཞིན་ཏོན་གྱི་ཕོ་བྲང་དཀར་པོ་རུ་མཇལ་འཕྲད་གནང་ཡོད།

༤༽ ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༥ ཉིན། ཨ་རིའི་རྒྱལ་ས་ཝ་ཤཱིན་ཊོན་དུ་ཨ་རིའི་རྒྱལ་ཡོངས་ཡེ་ཤུའི་སྨོན་ལམ་གསོལ་སྟོན་སྟེང་མཇལ་འཕྲད་གནང་ཡོད།

༥༽ ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ ཉིན། ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་གྱི་ཕོ་བྲང་དཀར་པོ་རུ་ཆུ་ཚོད་ཕྱེད་ལྷག་རིང་མཇལ་འཕད་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༣ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༧ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༡༠ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese