མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་དོན་དང་ལྐོག་ཟའི་ནད་ཡམས་ཀྱིས་སློབ་ཕྲུག་ལ་མནར་གཅོད།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

སུ་ཤིལ་ཨ་རོན་གྱིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

TibetTimes

རྒྱ་གར་གྱི་སློབ་ཕྲུག་རྣམས་ཀྱིས་ལྷག་བསམ་དབེན་པའི་དགེ་རྒན་དང་། ཁྲེལ་གཞུང་མེད་པའི་སྒེར་གྱི་སློབ་གྲྭ། སྟངས་འཛིན་ཞན་པའི་གཞུང་གི་མཐོ་སློབ་སོགས་བརྒྱུད་ཤེས་བྱ་ཡོན་ཏན་འཐོབ་རེ་འཆང་བཞིན་ཡོད།

༢༠༡༥ ལོར་བྷི་ཧར་ས་གནས་སུ་ཡིག་རྒྱུགས་གཏོང་བཞིན་པའི་སློབ་ཕྲུག་ལ་གཉེན་ཚན་ཚོས་གྱང་ངོས་མཐོན་པོར་འཛེགས་ཏེ་དྲིས་ལན་ལག་སྤྲོད་བྱེད་པའི་པར་རིས། སློབ་ཕྲུག་ས་ཡ་མང་པོས་ལོ་ངོ་བཅུ་ཕྲག་རིང་ཆབ་སྲིད་ཀྱི་རིམས་ནད་ཕོག་པའི་མཐོ་རིམ་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་ཀྱིས་ཤེས་ཡོན་འཐོབ་ཐབས་བྱེད་ཀྱི་ཡོད།

ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་དང་མཐོ་སློབ་ཏུ་སློབ་འཇུག་བྱེད་པའི་འཁྲུག་ཆ་དོད་པའི་དུས་ཟིང་འདིས། སླར་ཡང་ང་ཚོར་ཡ་ང་བའི་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་དྲན་གསོ་བྱེད་ཀྱི་ཡོད།

པཎ་ཇབ་མངའ་སྡེའི་སློབ་གྲྭའི་ཤེས་ཡོན་ལྷན་ཁང་གིས་སློབ་ཕྲུག་གི་མདུན་ལམ་ལ་དགོངས་བཞེས་ཀྱིས། འཛིན་གྲྭ་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༡༤༥༩༣༧ ལ་བརྒྱ་ཆ་ ༣༠% འཕར་མ་སྤྲད་དེ་ཡིག་རྒྱུགས་འཕྲོད་ཐུབ་པ་བཟོས་ཡོད། རྒྱུ་རྐྱེན་དེས་མངའ་སྡེའི་ཡིག་རྒྱུགས་ཀྱི་གནས་རིམ་གོང་མཐོར་ཕྱིན་པ་མ་ཟད། ཆ་སྙོམས་བརྒྱ་ཆ་ ༥༤% ལས་ ༧༦% ཏུ་འཕར་ཐུབ་པ་བྱུང་ཡོད།

གྷུ་ཇུ་ར་ཏ་མངའ་སྡེའི་འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་ལ་མཚོན་ན། ལོ་སྔོན་མར་བརྒྱ་ཆ་ ༧༣% ཡིན་པ་དང་། འདི་ལོར་བརྒྱ་ཆ་ ༦༣% ལས་ལོན་ཐུབ་པ་བྱུང་མེད། འོན་ཀྱང་མངའ་སྡེའི་ཤེས་ཡོན་བློན་ཆེན་གྱིས་ཆ་སྙོམས་བརྒྱ་ཆ་དེ་ལྟར་ཆག་དགོས་དོན་ནི། རྒྱུགས་སྤྲོད་ཁང་དག་ཏུ་ཡིག་ཚད་རྐུ་བཤུ་ཞིབ་བཤེར་བྱེད་པའི་བརྙན་འཕྲིན་འཕྲུལ་ཆས་(CCTV)གསར་འཛུགས་བྱས་པའི་འབྲས་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། མངའ་སྡེ་དེའི་འཛིན་གྲྭ་བཅུ་པའི་སློབ་ཕྲུག་མང་པོས་ཨང་རྩིས་ཀྱི་སྟབས་བདེའི་(objective section)དྲི་བར་བརྒྱ་ཆ་ ༨༠% ལན་འདེབས་བྱེད་ཐུབ་པ་བྱུང་ཡང་། བསྐྱར་རྒྱུགས་གཏོང་དགོས་རིགས་ཀྱི་སློབ་ཚན་ཁག་གི་དྲི་བ་འགའ་ཞིག་དམའ་རིམ་འཛིན་གྲྭ་དང་པོ་དང་གཉིས་པའི་གནས་ཚད་ལས་མེད་ཀྱང་ལན་འདེབས་བྱེད་མ་ཐུབ་པ་བྱུང་ཡོད།

དེ་དག་ནི་གཉན་འཕྲང་ཆེ་བའི་རྒྱ་གར་གྱི་ཤེས་ཡོན་གྱི་གནས་བབ་མཚོན་པའི་དཔེ་མཚོན་འགའ་ཞིག་ཡིན། རྒྱ་གར་དབུས་ཤེས་ཡོན་འཕེལ་རྒྱས་ལྟེ་གནས་ཁང་(MHRD)གིས་ཚོགས་ཆུང་ཞིག་བསྐོ་བཞག་བྱས་ཏེ། ཤེས་ཡོན་སྲིད་ཇུས་གསར་བཟོའི་སྐོར་གྱི་བསམ་འཆར་འདོན་དགོས་པར་བསྐུལ་བ་བཞིན། ཚོགས་ཆུང་དེས་ད་ཡོད་ཀྱི་ཤེས་ཡོན་གནས་བབ་དང་ལམ་ལུགས་ལ་འགྱུར་བ་བཏང་སྟེ། སྲིད་ཇུས་གསར་པ་གཏན་འབེབས་ལག་ལེན་བྱེད་གལ་ཆེ་བའི་སྐོར་བརྗོད་ཡོད། ཚོགས་ཆུང་དེས་བཏོན་པའི་སྙན་ཐོའི་ནང་ད་ལྟའི་རྒྱ་གར་གྱི་ཤེས་ཡོན་གྱི་སྤུས་ཚད་ནི། མཐོ་དམན་བར་གསུམ་གྱི་ཤེས་བྱའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསམ་གཞིགས་ནན་པོ་བྱེད་དགོས་པའི་དུས་ལ་བབ་ཚུལ་བརྗོད་ཡོད།

གཞུང་གི་སློབ་གྲྭ་ཁག་ཏུ་ལྷག་བསམ་དང་འཇོན་ཐང་ལྡན་པའི་དགེ་རྒན་དཀོན་པ་དང་། དགེ་རྒན་གྱིས་ལས་བྱོལ་(absenteeism)བྱེད་པའི་གྲངས་ཚད་མཐོན་པོར་སླེབས་ཡོད། ཚོད་རྩིས་བྱས་ན་ཉིན་རེར་ལས་བྱོལ་བྱེད་པའི་གྲངས་ཚད་བརྒྱ་ཆ་ ༢༥% ཟིན་གྱི་ཡོད་པ་རེད། སྤྱིར་དགེ་རྒན་ལ་སྦྱོང་བརྡར་སྤྲོད་ཐབས་ཞན་པ་དང་། སྦྱོང་བརྡར་སྤྲོད་པའི་རྒྱུ་ཆ་ཞན་པ། དགེ་རྒན་གྱི་ལས་གནས་བསྐོ་བཞག་བྱེད་སྐབས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་མང་བ། དགེ་རྒན་གྱི་རྒྱུད་ལ་ལྷག་བསམ་མེད་པ་སོགས་རྒྱུ་རྐྱེན་མང་དག་ཅིག་ལ་བརྟེན་ནས། སློབ་ཕྲུག་གི་ཤེས་ཡོན་གྱི་གྲུབ་འབྲས་ནམ་ཡང་ཡ་ང་བའི་རང་བཞིན་ལས་མ་འདས། སློབ་སྦྱོང་རྒྱུན་སྐྱོང་བྱེད་མི་ཐུབ་པར་ལུས་པའི་སློབ་ཕྲུག་གི་གྲངས་འབོར་ཡང་མཐོན་པོར་གནས་ཀྱིན་ཡོད། འཛིན་གྲྭ་དང་པོར་སློབ་འཇུག་བྱས་པའི་སློབ་ཕྲུག་གྲངས་བཅུ་ལས་སློབ་ཕྲུག་གྲངས་གསུམ་གྱིས་འཛིན་གྲྭ་བརྒྱད་པ་བར་ཁུངས་འཁྱོལ་ཐུབ་ཀྱི་མེད་པ་རེད།

སློབ་གཉེར་གྱི་རྨང་གཞི་དང་མཐུན་རྐྱེན་ཞན་པའི་སློབ་ཕྲུག་ས་ཡ་མང་པོས། ལོ་ངོ་བཅུ་ཕྲག་རིང་ཆབ་སྲིད་ཀྱི་རིམས་ནད་ཕོག་པའི་མཐོ་རིམ་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་ཀྱིས་ཤེས་ཡོན་འཐོབ་ཐབས་བྱེད་ཀྱི་ཡོད། གོང་གསལ་ཚོགས་ཆུང་དེས་བརྗོད་པ་ལྟར་ན་མཐོ་རིམ་སློབ་གྲྭ་ཁག་གི་ཉེ་བའི་རིགས་བདག་(vice-chancellor)ཕལ་ཆེ་བ་སྲིད་དོན་མི་སྣ་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད། མཐོ་སློབ་ཁག་གི་འཛིན་སྐྱོང་པ་ཚོས་ཀྱང་དགོས་ངེས་ཆེད་ལས་ཀྱི་ལས་དོན་ལས་སྲིད་དོན་གྱི་བཀོད་འདོམས་གལ་ཆེ་བ་མི་བརྩི་ཀ་མེད་ཆགས་ཡོད།

སྲིད་དོན་གྱི་ཐེ་བྱུས་ཆེ་དྲགས་པས་མཐོ་རིམ་སློབ་གཉེར་གྱི་ཤེས་ཡོན་སྟངས་འཛིན་ལྷན་ཚོགས་ཀྱིས་ལོ་རིའི་འཆར་གཞི་དང་སྒྲིག་གཞི་ལག་བསྟར་བྱེད་པར་འགོག་རྐྱེན་ཆེན་པོ་བཟོ་གི་ཡོད། དེ་བས་ལོ་རེའི་ཤེས་ཡོན་གྱི་གནས་ཚད་འཇལ་བའི་ཚད་གཞི་ཁུངས་ལུང་མེད་པ་དག་བཟོས་ཏེ་གནད་དོན་དཀའ་རྙོག་ཇེ་ཆེར་གཏོང་གི་ཡོད་པ་རེད། ཤེས་ཡོན་གྱི་དགོས་མཁོ་དང་གལ་གནད་ཇེ་ཆེར་ཕྱིན་པར་བརྟེན། སྒེར་གྱི་མཐོ་རིམ་སློབ་གཉེར་ཁང་ཆར་རྗེས་ཀྱི་ཤ་མོ་བཞིན་འཕེལ་གྱིན་ཡོད།

རྒྱལ་ཡོངས་ཀྱི་སློབ་ཕྲུག་གི་གྲངས་ཚད་བརྒྱ་ཆ་ ༦༠% སྒེར་གྱི་མཐོ་རིམ་སློབ་གཉེར་ཁང་འགྲིམ་བཞིན་ཡོད་པ་དང་། སློབ་གཉེར་ཁང་དེ་དག་གི་རོགས་མགོན་(patronage)མང་པོ་ཞིག་སྲིད་དོན་མི་སྣ་ཡིན། མི་སྣ་དེ་དག་གིས་དབང་ཐང་བག་མེད་ལོངས་སྤྱོད་ཀྱིས་འབྲེལ་ཡོད་སློབ་ཚན་དང་སློབ་ཐོན་ལག་ཁྱེར་སོགས་དེང་རབས་ཁྲོམ་རར་ལས་གནས་འཐོབ་པར་བེད་སྤྱོད་ཙམ་ལས། ཕུགས་རྒྱང་རིང་པོར་ཕན་ཐོགས་མེད་པ་དག་མཁོ་སྤྲོད་བྱེད་ཀྱི་ཡོད།

དེར་བརྟེན་རྒྱ་གར་གྱི་སློབ་ཕྲུག་ཉུང་ཤས་ཤིག་ལ་སྤུས་ཚད་ལྡན་པའི་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་འཐོབ་ཐུབ་པ་ལས། སློབ་ཕྲུག་མང་ཆེ་བས་ཤེས་འཇོན་དབེན་པའི་དགེ་རྒན། སྟངས་འཛིན་ཞན་པའི་གཞུང་གི་སློབ་གྲྭ། ཁྲེལ་གཞུང་མེད་པའི་སྒེར་གྱི་ཤེས་ཡོན་སློབ་སྟོན་པ་སོགས་དཀའ་ཚེགས་དུ་མ་བརྒྱུད་དེ་ཤེས་བྱ་ཡོན་ཏན་འཐོབ་པར་འབད་རྩོལ་བྱེད་ཀྱི་ཡོད།

སློབ་ཕྲུག་ས་ཡ་མང་པོས་དགོས་ངེས་ཀྱི་ལག་རྩལ་དང་ཤེས་ཚད་མ་ལྡང་གོང་ཁྲོམ་རའི་ལས་རིགས་ཁག་ལ་འཛུལ་ཞུགས་བྱེད་ཀྱི་ཡོད། ཚོང་ལས་མཉམ་འབྲེལ་ལྷན་ཚོགས་(Business federations)ཁག་གིས་བརྗོད་པ་ལྟར་ན། བཟོ་སྐྲུན་རིག་གནས་ཆེད་ལས་སློབ་ཐོན་པ་(engineering graduates)བརྒྱ་ཆ་ ༢༠% ཙམ་མ་གཏོགས་ལས་གནས་ལ་བསྐོ་བཞག་བྱེད་རུང་བ་མེད་ཚུལ་བརྗོད་ཀྱི་ཡོད། མཐོ་རིམ་སློབ་གྲྭ་ཁག་གིས་དམའ་རིམ་སློབ་གྲྭའི་ཉམ་ང་བའི་ཤེས་ཚད་གོང་མཐོར་གཏོང་ཐུབ་ཀྱི་མེད་པར་བརྟེན། རྒྱལ་ཁབ་ཀྱི་ཉམས་ཞིབ་ཚན་ཁག་དང་ཆེད་ལས་ལས་དོན་ཁག་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་རེད།

རྒྱ་གར་གྱི་ཆེད་ལས་སློབ་ཐོན་པ་ཁག་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ལས་དོན་གཉེར་འདོད་ཡོད་ཚེ། ཡུལ་གྲུ་དེ་དག་གི་ཆེད་ལས་པ་བཞིན་ངོས་འཛིན་དང་གླ་ཕོགས་གཉིས་ཀ་འཐོབ་ཀྱི་མེད། དེ་བས་དཀའ་ཚེགས་ཆེན་པོས་ཡུལ་གྲུ་དེ་དག་གིས་ངོས་འཛིན་བྱེད་པའི་མཐོ་སློབ་ཀྱི་ཤེས་ཡོན་ཁ་སྣོན་བྱེད་དགོས་པ་ཡིན། དེར་བརྟེན་རྒྱ་གར་གྱི་ད་ཡོད་ཤེས་ཡོན་གྱི་ནུས་རྩལ་བེད་སྤྱད་དེ་ནམ་འཕང་གཅོད་ཐུབ་པ་ཤིན་ཏུ་དཀའ་བའི་གནས་ཡིན།

ང་ཚོས་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ལས་ཤེས་རྟོགས་ཐུབ་པ་ནི། མངོན་གསལ་དོད་པོས་ཉམས་རྒུད་དུ་འགྲོ་བཞིན་པའི་རིག་གཞུང་དང་། དགོས་མཁོ་བསྐྲུན་མི་ཐུབ་པའི་ཤེས་ཡོན། ངོ་ཚ་ཁྲེལ་གཞུང་མེད་པའི་སློབ་ཁྲིད་ཀྱི་བྱ་བ། སྲིད་དོན་གྱི་གཞན་དབང་དུ་གྱུར་བའི་མཐོ་སློབ་བཅས་ལས་གཞན་ཅི། གནད་དོན་དེ་དག་གིས་རྒྱལ་ཁབ་ཀྱི་ཕྱིའི་སྟོབས་ཤུགས་དང་ནང་གི་བདེ་འཇགས་གཉིས་ཀར་གནོད་ཚེ་ཆེན་པོ་ཡོང་ངེས་ཡིན།

རྒྱལ་ཁབ་ཀྱི་མི་འབོར་གྱི་བརྒྱ་ཆ་ ༦༥% ཙམ་ལོ་ན་ ༣༥ མན་ཡིན་པ་དང་། སློབ་གྲྭ་དང་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་གི་སྤྱིའི་གྲངས་ས་ཡ་ ༢༩༠ ཟིན་གྱི་ཡོད། འབྱོར་འབྲིང་བྲལ་རིམ་གྱི་སློབ་ཕྲུག་མང་པོས་བུ་ལོན་གཡར་ཏེ་སློབ་གཉེར་བྱེད་བཞིན་ཡོད། རྒྱ་གར་གཞུང་གི་སློབ་གཉེར་ཁང་རྣམས་ཀྱིས་སྤུས་ཚད་ལྡན་པའི་ཤེས་ཡོན་མཁོ་སྤྲོད་བྱེད་མ་ཐུབ་པ་དེས། ཕྱིས་འབྱུང་སྲིད་གཞུང་ལ་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཞིག་ལྷགས་རྒྱུ་ཡིན་པ་གདོན་མི་ཟ་བ་ཡིན།

ཟུར་མཆན།

རྩོམ་ཡིག་འདི་ཟླ་འདིའི་ཚེས་ ༦ ཉིན་རྒྱ་གར་ཧིན་རྡུའི་དུས་བབ་སྟེང་སྤེལ་འདུག མ་རྩོམ་འབྲེལ་ཐག http://www.hindustantimes.com/india-news/rot-in-education-students-suffer-as-corruption-politics-plague-the-system/story-cNnB8ZoPgXpbVnrZjy0nIM.html

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༢༣ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

༢༠༢༦/༠༥/༢༦
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese