མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་བཤེར་བྱེད་སྲིད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

ནེའུ་ཡོག་དུས་བབ་གསར་ཁང་གི་བཅར་འདྲི་དང་ལེན་བྱས་པར་རྒྱ་དམར་ཁོང་ཁྲོ་དང་། བོད་ཡིག་སློབ་གསོའི་ལས་འགུལ་བ་བཀྲ་ཤེས་དབང་ཕྱུག་ལགས་ལ་གཅིག་བྱས་ན་ཁྲིམས་ཁང་གིས་འདྲི་རྩད་ཞིབ་བཤེར་བྱེད་རྒྱུ་རེད།

Untitledབཀྲ་ཤེས་དབང་ཕྱུག་ལགས་ནི་བོད་རིགས་ཁེ་ལས་པ་ཞིག་དང་སློབ་གསོ་དར་སྤེལ་ལས་འགུལ་བ་ཞིག་ཡིན། གལ་སྲིད་ཁོང་ལ་ཁྲིམས་ཐོག་ནས་རྒྱལ་ཁབ་ཁ་བྲལ་ངན་སྐུལ་བའི་ནག་ཉེས་ཐག་བཅོད་བྱུང་ཚེ་ཉུང་མཐར་ཡང་ལོ་ངོ་ ༡༥ ཙམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐོག་གཅོད་སྲིད་པ་རེད།

རྒྱ་ནག་ནུབ་ཁུལ་ཉེན་རྟོག་ལས་ཁུངས་ཀྱིས་བོད་ཡིག་དར་སྤེལ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལ། དེ་སྔོན་ཨ་རིའི་ནེའུ་ཡོག་དུས་བབ་(NEW YORK TIMES)གསར་ཁང་གི་བཅར་འདྲི་དང་ལེན་བྱས་པའི་གནད་དོན་དེའི་སྐོར་ལ་བརྟག་དཔྱད་བྱེད་མགོ་བརྩམས་ཡོད་འདུག ཁོང་གིས་ཁྲིམས་རྩོད་པར་འབྲེལ་བརྗོད་གནང་དོན་ལྟར་ན། ཉེན་རྟོག་ཁང་གིས་ཁོང་ནེའུ་ཡོག་དུས་བབ་གསར་འགོད་པར་འབྲེལ་གཏུག་བྱས་པ་དེར་རྐྱེན་བྱས་ཏེ། ཁྲིམས་ཁང་དུ་འདྲི་རྩད་ཞིབ་བཤེར་བྱ་རྒྱུར་འབོད་འགུག་བྱས་ཏེ་ཁོང་ལ་རྒྱལ་ཁབ་ཁ་བྲལ་ངན་སྐུལ་བའི་ཉེས་མིང་བཀལ་རྒྱུ་ཡིན་པ་རེད།

སྐད་ཡིག་དར་སྤེལ་ལས་འགུལ་བ་ཁོང་གི་མཚན་ལ་བཀྲ་ཤིས་དབང་ཕྱུག་ཞུ་བ་དང་ད་ཆ་རང་ལོ་ ༣༡ རེད། ད་ལོའི་ཕྱི་ཟླ་དང་པོ་ནས་བཟུང་ཁོང་ཡུལ་ཤུལ་རྫོང་ཉེན་རྟོག་པས་བཀག་ཉར་འོག་ཚུད་ཡོད། ཡུལ་ཤུལ་ནི་གཙོ་བོ་བོད་རིགས་བཅའ་སྡོད་བྱེད་ས་ཞིག་ཡིན་པ་དང་། ཕྱི་ཟླ་གསུམ་པ་ཙམ་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་ངན་སྐུལ་བའི་ཉེས་མིང་བཙུགས་ཏེ་དངོས་སུ་འཛིན་བཟུང་བྱས་ཡོད། ཉེས་མིང་དེས་ཁོང་ལོ་ངོ་ ༡༥ ཙམ་ལ་བཙོན་ཁང་དུ་སྡོད་དགོས་པའི་ཉེན་ཁར་ཐུག་ཡོད། འོན་ཀྱང་། ཉེན་རྟོག་ཕྱོགས་ནས་བཀྲ་ཤིས་དབང་ཕྱུག་ལགས་ལ་ད་བར་བོད་ཁུལ་རང་བཙན་དང་། ཡང་ན་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་བདེན་དཔང་གང་ཡང་སྟོན་རྒྱུ་རེག་མེད།

ཉིན་ཤས་སྔོན་བཀྲ་ཤེས་དབང་ཕྱུག་ལགས་ཀྱི་གྱོད་དོན་དུས་རིམ་གསར་པ་ཞིག་ཏུ་བསླེབས། ཉེན་རྟོག་ཕྱོགས་ནས་བརྟག་དཔྱད་འཕར་མ་བྱ་རྒྱུ་ཡོངས་རྫོགས་མཇུག་བསྒྲིལ་བྱས་ཡོད་པ་དང་། དེ་སྔོན་བརྟག་དཔྱད་བྱས་པའི་གྲུབ་འབྲས་ཀྱང་གོང་རིམ་ལ་ཕུལ་ཟིན་པ་རེད། བཀྲ་ཤེས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པས་བརྗོད་པ་ལྟར་ན། ཞིབ་དཔྱོད་ཚན་པས་ཉིན་ ༩༠ ནང་ཚུན་དུ་ཁྲིམས་ཁང་དུ་འདྲི་གཅོད་ཞིབ་བཤེར་བྱེད་མིན་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། གལ་སྲིད་འདྲི་གཅོད་བྱེད་རྒྱུའི་ཐག་གཅོད་བྱུང་ཚེ། ན་ནིང་བོད་པའི་རིག་གནས་སྐོར་ལ་ནེའུ་ཡོག་དུས་བབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན་བཀྲ་ཤེས་དབང་ཕྱུག་ལགས་ལ་ཕལ་ཆེར་ཉེས་པ་ཆེན་པོ་ཕོག་རྒྱུ་ཡིན་ཞིང་། རྒྱ་ནག་གི་ཉེས་འཁེལ་གྱི་གྲངས་ཀ་དེ་བརྒྱ་ཆ་ ༩༠ ལས་བརྒལ་ཡོད་པ་རེད།

རྒྱལ་ཁབ་ཁ་བྲལ་ངན་སྐུལ་ཟེར་བ་དེ་ཚབས་ཆེའི་ཆབ་སྲིད་ཉེས་མིང་ཞིག་ཡིན་པ་དང་། དེ་ནི་གཙོ་བོ་གྲངས་ཉུང་མི་རིགས་ས་ཁུལ་དུ་དཔོན་རིགས་ཚོས་མིག་ནང་གི་རྙོག་འཛིང་ཅན་གྱི་མི་སྣ་ཚོ་མགོ་གནོན་བྱེད་ཀྱི་ལག་ཆ་ལྟ་བུ་ཞིག་ལ་བེད་སྤྱོད་གཏོང་གི་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གྱོད་གཞི་དེར་རྒྱ་ནག་གཞུང་གིས་ཁེ་དབང་བཙན་གནོད་བྱེད་བཞིན་པའི་གནད་དོན་ལ་དོ་ཁུར་གནང་མཁན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། བོད་དོན་རྒྱབ་སྐྱོབ་བའི་ཁྲོད་དུ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་བཞི་པའི་ནང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་(Amnesty International)རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བཀྲ་ཤིས་དབང་ཕྱུག་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(International Campaign for Tibet)ངོས་ནས་ཀྱང་ཨ་རིའི་གཞུང་ལ་སྙན་ཞུ་ཕུལ་ཏེ། བཀྲ་ཤིས་དབང་ཕྱུག་དང་། རྒྱུའི་བཙོན་འོག་ཏུ་ཡོད་པའི་ཞོགས་ལྗང་གཉིས་ཀྱི་གྱོད་དོན་ལ་དོ་ཁུར་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད།

ཨ་རི་དང་དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔོན་རིགས་ཚོར་བཀྲ་ཤིས་དབང་ཕྱུག་འཛིན་བཟུང་བྱས་པའི་གནས་ཚུལ་དེ་ཡིག་ཐོག་ནས་ཕུལ་ཡོད་ལ། སྲིད་འཛིན་ཨོ་བྷ་མ་ནུབ་ཕྱོགས་པའི་མགོ་ཁྲིད་ཚོ་དང་ལྷན་དུ་བཟའ་འཁོར་འདིའི་ནང་རྒྱ་ནག་ནང་འཚོགས་རྒྱུའི་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ལ་ཞུགས་སྐབས། རྒྱ་ནག་གི་མགོ་ཁྲིད་ཚོ་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་སློང་བྱ་རྒྱུར་གྲ་སྒྲིག་བྱས་ཡོད།

བཀྲ་ཤིས་དབང་ཕྱུག་ལགས་འདི་ལོའི་སྤྱི་ཟླ་དང་པོའི་ཚེས་ ༢༡ ཉིན་ཡུལ་ཤུལ་རྫོང་གི་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ནི་ཚོང་ཁང་ཞིག་གི་སྦྱིན་བདག་ཀྱང་རེད་འདུག ཁོང་གིས་དེ་སྔ་ཝེ་པའོ་དྲ་ཚིགས་སྟེང་། བོད་རིགས་ན་གཞོན་ཁྲོད་ཉིན་རེ་བཞིན་བོད་ཡིག་བཀོལ་སྤྱོད་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། སྲིད་གཞུང་གི་ངོས་ནས་སྐད་གཉིས་སློབ་གསོ་ཁྱབ་སྤེལ་དང་། སྐད་ཡིག་འདྲ་མཉམ་གྱི་སློབ་གསོ་ལག་བསྟར་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།

ཁོང་ ༢༠༡༥ ལོ་ཕྱི་ཟླ་ ༩ པའི་ནང་ཁོང་པེ་ཅིན་དུ་ཕྱིན་ཏེ། ཡུལ་ཤུལ་རྫོང་གི་དཔོན་རིགས་ཚོས་བོད་ཡིག་ལ་འོས་མཚམ་གྱི་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་གནད་དོན་དེ་ཁྲིམས་གཏུག་བྱེད་རྒྱུའི་ཐབས་ཤེས་བྱས་ཀྱང་གྲུབ་འབྲས་ཐོན་མེད། སྐབས་དེར་ནེའུ་ཡོག་དུས་བབ་གསར་ཁང་གིས་བོད་ཡིག་དང་བོད་ཀྱི་རིགས་གནས་ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་ཁག་གཉིས་བཀོད་ཡོད་པའི་ནང་ཁོང་གི་སྐད་ཆ་ལུང་འདྲེན་བྱས་ཡོད། དེ་བཞིན། དུས་ཡུན་སྐར་མ་དགུ་ཅན་གྱི་བརྙན་ཐུང་ཞིག་ཀྱང་ཕབ་ལེན་བྱས་ཡོད་པའི་ནང་གི་མི་སྣ་གཙོ་བོའང་ཁོང་རེད། ཁོང་ཕྱི་ཟླ་ ༥ པའི་ནང་པེ་ཅིན་དུ་སྐྱོད་སྐབས་གསར་ཁང་འདིའི་གསར་འགོད་པ་དང་འབྲེལ་བ་བྱུང་ཡོད། གསར་འགོད་པས་ཁོང་ལ་ཡོངས་གྲགས་ཀྱིས་བཅར་འདྲི་དང་ལེན་བྱེད་རྒྱུར་ཨུ་ཚུགས་བསྐྱོན་ཡོད་པ་རེད།

ཁྲིམས་རྩོད་པས་བཤད་དོན་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཁོང་ཡུལ་ཤུལ་དུ་འབྱོར་སྐབས། ཉེན་རྟོག་པའི་ལག་ནས་གྱོད་དོན་ཡིག་ཆ་དེ་མཐོང་ཡོད་པ་དང་། ཁོང་ཚོས་བརྟག་དཔྱད་གཏོང་བའི་གནད་དོན་གཙོ་བོ་དེ་བཀྲ་ཤིས་དབང་ཕྱུག་ལགས་ལ་ནེའུ་ཡོག་དུས་བབ་གསར་ཁང་གིས་བཅར་འདྲི་བྱས་པའི་གནད་དོན་དེའི་ཐོག་བཞག་ཡོད་པ་རེད། སྐབས་དེར་བཅར་འདྲི་ཞུ་མཁན་ནི་རྩོམ་པ་པོ་རང་ཉིད་དང་། བརྙན་འཕྲིན་གསར་འགོད་པ་ཇོ་ན་ཁ་སེ(Jonah M. Kessel)ངེད་གཉིས་ཡིན་ཞིང་། ཉེན་རྟོག་པ་ཁོང་ཁྲོ་ལངས་ས་གཙོ་བོའང་ཇོ་ཡིས་(Jonah M. Kessel)ཕབ་ལེན་བྱས་པའི་བརྙན་འཕྲིན་ཐུང་ངུ་དེ་ཆགས་ཡོད།

ལན་ཤབ་ཅུན་ནི་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ནང་མིས་གདན་ཞུ་གནང་བའི་ཁྲིམས་རྩོད་པ་ཞིག་རེད། ཁོང་ཐེངས་མང་པོར་བཀྲ་ཤིས་དབང་ཕྱུག་དང་ཡུལ་ཤུལ་རྫོང་གི་ཉེན་རྟོག་མགོ་བ་གཉིས་ཀར་ངོ་ཐུག་ཡོད། ཉེས་ཅན་བཀག་ཉར་ཁང་ནང་ཁོང་གིས་བཀྲ་ཤིས་དབང་ཕྱུག་དང་དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་ངོ་ཐུག་གནང་ཡོད་པ་དང་། བཀྲ་ཤིས་དབང་ཕྱུག་གྱིས་ཁོ་རང་ལ་ནོར་འཁྲུལ་གང་ཡང་མེད་པ་དང་། ཁོས་རྒྱལ་ཁབ་ཁ་བྲལ་ངན་སྐུལ་གྱི་བསམ་བློ་བཏང་མྱོང་མེད་ཅེས་བརྗོད་འདུག

བཅར་འདྲི་དང་ལེན་གྱི་བརྒྱུད་རིམ་ཁྲོད་བཀྲ་ཤིས་དབང་ཕྱུག་གིས་བོད་རང་བཙན་གྱི་དགོས་འདུན་གང་ཡང་བཏོན་མེད་པ་མ་ཟད། ཁོང་གིས་བོད་ཁུལ་དེ་མུ་མཐུད་རྒྱ་ནག་གཞུང་གི་མངའ་འོག་ཏུ་གནས་རྒྱུར་མོས་མཐུན་བྱེད་ཀྱི་ཡོད་ཀྱང་། བོད་ཁུལ་རང་སྐྱོང་གི་དབང་ཚད་སྔར་ལས་ཚད་མཐོ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ལྷག་པར་དུ་བོད་ཡིག་བཀོལ་སྤྱོད་དང་སློབ་གསོ་ཡར་རྒྱས་བཏང་བ་ཡིན་ན། རྒྱལ་ཁབ་ཀྱི་དབུ་ཁྲིད་ལའང་བསྟོད་བསྔགས་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད། ཁོང་གིས་བོད་ཀྱི་རིག་གནས་སྲུང་སྐྱོབ་ལས་གཞན་པའི་བསམ་བློ་གང་ཡང་གཏོང་གི་མེད་སྐོར་ཁྲིམས་རྩོད་པར་བརྗོད་འདུག

ཁྲིམས་རྩོད་པས་ཞིབ་དཔྱོད་མི་སྣས་ཉེན་རྟོག་ཕྱོགས་ལ་བཀྲ་ཤིས་དབང་ཕྱུག་གི་གནད་དོན་དེར་བརྟག་དཔྱད་ཞིབ་ཚགས་བྱེད་དགོས་པའི་རེ་འདུན་འདོན་སྲིད་པ་དང་། དེ་དང་བསྟུན་ཏེ་ཁྲིམས་རྭ་འཚོགས་རྒྱུའི་དུས་ཚོད་ཀྱང་ཕར་འགྱངས་གཏོང་སྲིད་པ་རེད་ཅེས་བརྗོད་འདུག

ཕྱི་ཟླ་ ༣ པའི་ཚེས་ཤར་ཙམ་ལ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ནང་མིས་བཀྲ་ཤིས་དབང་ཕྱུག་ཁྲིམས་འགལ་ཐོག་ནས་འཛིན་བཟུང་བཀག་ཉར་བྱས་སོང་ཅེས་བརྗོད་ཡོད་པ་དང་། རྒྱུ་མཚན་ནི་ཉེན་རྟོག་ཕྱོགས་ཀྱིས་བཀྲ་ཤིས་དབང་ཕྱུག་འཛིན་བཟུང་བྱས་པའི་གནས་ཚུལ་གང་ཡང་ནང་མིར་བཤད་མེད་པས་རེད། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་བྱས་ན། གནད་དོན་རེ་གཉིས་ཙམ་མ་གཏོགས་ཉེན་རྟོག་ཕྱོགས་ནས་མི་དེ་འཛིན་བཟུང་བཀག་ཉར་བྱས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཚད་དུ་འབྲེལ་ཡོད་ནང་མིར་བརྡ་ལེན་གཏོང་དགོས། ཕྱི་ ༣ པའི་ཟླ་མཇུག་ཙམ་ལ་ཉེན་རྟོག་ཕྱོགས་ནས་བརྡ་ལེན་འབྱོར་ཏེ་བཀྲ་ཤིས་དབང་ཕྱུག་གིས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ནག་ཉེས་ཀྱི་མིང་ཐོག་ནས་འཛིན་བཟུང་བྱས་ཚུལ་བརྗོད་ཡོད།

བཀྲ་ཤིས་དབང་ཕྱུག་ལ་ཡུལ་ཤུལ་རྫོང་ཐོག་དུ་ཚོང་ཁང་ཞིག་ཡོད་པ་དང་། ཁོང་གིས་རྒྱ་ནག་གི་ཚོང་ལས་དྲ་ཚིགས་ཆེ་ཤོས་ཨ་ལི་པ་པ་(阿里巴巴)འོག་གི་ཐོབ་བབ་(淘宝)ཞེས་པའི་ཚོང་སྟེགས་བརྒྱུད་དེ། བོད་མཐོ་སྒང་གི་ཐོན་ཟོག་རྣམས་ཕྱིར་ཚོང་བྱེད་ཀྱིན་ཡོད། ༢༠༡༤ ལོར་ཨ་ལི་པ་པ་(阿里巴巴)ཚང་གིས་ཡོངས་གྲགས་ཐོག་ཁྲོམ་རྭའི་མ་རྐང་བསྡུ་རུབ་མ་བྱས་སྔོན་ཙམ་ལ། རྒྱལ་སྤྱིའི་ཐོག་བག་ཆགས་ཡག་པོ་འཇོག་ཆེད་བརྙན་རིས་ཞིག་ཕབ་ལེན་བྱས་ཡོད་པ་དང་། དེའི་ནང་ཏག་ཏག་བཀྲ་དབང་ཕྱུག་ལགས་ཀྱང་ཚུད་ཡོད་པ་རེད།

ན་ནིང་བཀྲ་ཤིས་དབང་ཕྱུག་ལགས་ཨ་ལི་པ་པ་(阿里巴巴)ལས་མིར་འབྲེལ་གཏུག་དང་། ས་གནས་དཔོན་རིགས་ཚོས་བོད་ཀྱི་སྐད་ཡིག་སློབ་གསོ་ཡར་རྒྱས་ཡོང་བའི་ཞུ་འབོད་ལས་རིམ་དེར་ཨ་ལི་པ་པ་(阿里巴巴)དྲ་རྒྱ་ཚོང་ལས་མཉམ་འབྲེལ་གསར་གཏོད་བྱེད་མཁན་དང་། མ་རྩ་དུང་ཕྱུར་གྱི་ཕྱུག་བདག་སྐུ་ཞབས་མ་ཡུན་ལགས་ཀྱིས་རྒྱབ་སྐྱོབ་ཀྱང་གནང་ཡོད་པ་རེད།

རྩོམ་ཡིག་ཡོང་ཁུངས་ནེའུ་ཡོག་དུས་བབ་དྲ་ཚིགས། (纽约时报中文网)

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese