མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལུཊ་གསོ་བ་རིག་པ་རྒྱ་གར་ཨ་ཡུ་ཝེ་དྷ་དང་རྒྱ་ནག་གི་སྨན་ལུཊ་གཉིས་ཀའི་ཁོངས་སུ་གཏོཊ་ཀྱི་མེད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པ་ཙམ་ལ་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། སྨན་རྩིས་ཁང་གི་གོ་སྒྲིག་འོག་རེས་གཟའ་པ་སངས་ཉིན་གྱི་ནང་པའི་ཚན་རིག་དང་ལྟ་གྲུབ། ནང་དོན་རིག་པའི་སེམས་ཁམས་འཕྲོད་བསྟེན་སྐོར་འཆད་འཁྲིད་ཀྱི་ལས་གཞི་དབུ་འབྱེད་གནང་སོང་བ་དང་། འཆད་འཁྲིད་དབུ་འབྱེད་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་འཆད་འཁྲིད་པ་དགེ་བཤེས་བློ་བཟང་ཟླ་བ་ལགས། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱི་དབུས་སྨན་རྩིས་ཁང་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་འཛོམས་འདུག

མཛད་སྒོའི་ཐོག་སྨན་རྩིས་ཁང་གི་དབུ་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་འཆད་འཁྲིད་ལས་གཞི་དབུ་འཛུགས་གནང་བའི་དགོས་དམིགས་སྐོར་ངོ་སྤྲོད་གནང་སྐབས། ༧སྐྱབས་མགོན་རིན་པོ་ཆེས་བར་ལམ་ནས་གང་ས་གང་དུ་ཚན་རིག་དང་ནང་པའི་ལྟ་གྲུབ་སྐོར་ལ་སློབ་སྦྱོང་གནང་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་ཡོད་པ་དང་། གཅིག་ནས་སྨན་རྩིས་ཁང་གི་སྨན་དང་རྩིས་ཀྱི་སློབ་སྦྱོང་ལ་འབྲེལ་བ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་དང་། ལྷག་པར་དུ་སྨན་རྩིས་ཁང་གི་སྨན་པ་དང་རྩིས་པ་རྣམས་ཕྱི་རྒྱལ་ཁག་ཏུ་འགྲོ་སྐབས། སེམས་ཁམས་དང་འབྲེལ་བ་ཡོད་པ་དེར་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་ཞབས་འདེགས་ཞུ་བར་སྨན་སྤྲད་པ་གཅིག་པུ་ཙམ་མིན་པར་སེམས་ཁམས་ཀྱི་ཐོག་ནས་ཞབས་འདེགས་མང་པོ་ཞུ་དགོས་པའི་ཐད་དྲི་བ་མང་པོ་ཞིག་སླེབ་ཀྱི་ཡོད་པ་དང་། ད་ལྟ་སྨན་རྩིས་ཁང་གི་སྟོང་ཆ་འདྲ་བོ་དེ་སྨན་པ་དང་རྩིས་པ་མང་པོ་ཞིག་ལ་ནང་དོན་རིག་པའི་ཐོག་ཤེས་རྒྱ་ཆུང་བའི་སྐྱོན་ཆ་ཡོད་སྟབས། བར་ལམ་ནས་བཟུང་བླ་མ་དགེ་བཤེས་མང་པོ་གདན་འདྲེན་ཞུས་ཡོད་པ་དང་། ལུས་སེམས་སྲོག་གི་སྡེ་ཚན་བཙུགས་ཏེ་བགྲོ་གླེང་གནང་ནས་ད་ལོར་ལོ་བཞི་པ་ཆགས་ཡོད་པས་ཏོག་ཙམ་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། ད་ལན་དགེ་བཤེས་བློ་བཟང་ཟླ་བ་ལགས་གདན་འདྲེན་ཞུས་ཏེ་ཕྱི་དྲོའི་ཆུ་ཚོད་ ༤ པ་ནས་ ༦ མ་ཟིན་བར་དུ་སྨན་རྩིས་ཁང་གི་སློབ་ཕྲུག་ཚོའི་གཙོས་ལས་བྱེད་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཐུགས་སྣང་ཅན་རྣམས་ཀྱི་ཆེད་དུ་འབད་འཁྲིད་གོ་སྒྲིག་ཞུས་པ་ཡིན་སྐོར་བརྗོད་བྱུང་།

འཆད་འཁྲིད་པ་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ནང་པའི་རིགས་ལམ་དང་ལྟ་གྲུབ། ཚན་རིག་གསུམ་གྱི་བརྗོད་དོན་སྙིང་བསྡུས་ཤིག་ངོ་སྤྲོད་གནང་སྐབས། སྤྱིར་བཏང་འཛམ་གླིང་འདིའི་ནང་དུ་རིག་གནས་དང་ལྟ་གྲུབ་འདྲ་མི་འདྲ་བར་སྟོན་པའང་འདྲ་མི་འདྲ་མང་པོ་བྱུང་ཡོད་ཀྱང་། རྣམ་དཔྱོད་ཀྱི་ཐོག་ནས་ཞིབ་འཇུག་བྱས་ཏེ་བལྟས་པ་ཡིན་ན། ཆོས་རྣམས་ཀྱི་དངོས་ཡོད་གནས་ཚུལ་ཇི་ལྟར་གནས་པ་ནང་བཞིན་གཟིགས་པའི་ཐོག་ནས་གསུང་མཁན་དེ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཡིན་སྐོར་གསུངས་བ་དང་འབྲེལ་ཁོང་གིས། ནང་པའི་ལྟ་གྲུབ་དང་ཚན་རིག་ལ་ཞིབ་ཚགས་ཀྱིས་སློབ་སྦྱོང་བྱས་ཏེ་ཤེས་འདོད་ཡོད་ན། དཔེར་ན། དེང་རབས་ཚན་རིག་ནང་བཤད་པའི་བརྗོད་བྱ་ཟབ་པོ་དང་གཏིང་ཟབ་པའི་གནས་ཚུལ་རྣམས་ཡག་པོ་ཞིག་ཤེས་པའི་ཐབས་ལམ་ནི་རྩིས་ཀྱི་རིག་པ་དེ་དགོས་ཀྱི་ཡོད་པ་དང་། རྩིས་ཀྱི་རིག་པ་ཡག་པོ་ཡོད་ན། དེང་རབས་ཚན་རིག་དེ་སྤུས་དག་པོ་ཤེས་ཐུབ་ཀྱི་ཡོད་པ་དང་། དེ་བཞིན་ནང་པའི་གཞུང་ནས་གསུངས་པའི་བརྗོད་བྱ་ཟབ་ལ་རྒྱ་ཆེ་བའི་ཚན་རིག་དང་ལྟ་གྲུབ་ཀྱི་གནད་དོན་རྣམས་ཤེས་པར་བྱེད་པའི་ཐབས་ལམ་སྟེ། ནང་པའི་རིགས་ལམ་ཞུ་བ་དེ་ཧ་ཅང་གིས་གནད་འགག་ཆེན་པོ་ཆགས་བསྡད་ཡོད་པར་བརྟེན། ནང་པའི་རིགས་ལམ་ནི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་པ་རེད། ཅེས་དང་། སྨན་པ་དང་རྩིས་པ་ཚོས་སེམས་ཁམས་རིག་པའི་འགྲོ་སྟངས་དེ་ཤེས་པ་ཡིན་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་གསུངས་སོང་།

མཇུག་ཏུ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་བོད་རང་གི་སྐད་ཡིག་རྙིང་པ་རྣམས་རྒྱུན་འཛིན་ལེགས་པོ་བྱས་པའི་ཐོག་རིག་གནས་གསར་པའི་ཐ་སྙད་གསར་པ་མང་པོ་ཡོང་གི་ཡོད་པ་རྣམས་ཁ་སྣོན་དགོས་གལ་ཆེ་བའི་སྐོར་གསུངས་དོན། ནང་པ་སངས་རྒྱས་པའི་ཚན་རིག་དང་ལྟ་གྲུབ། སྒོམ་ཉམས་ལེན་བཅས་ཀྱི་རིན་ཐང་ཆེན་པོ་དེའི་སྐལ་པ་འདྲ་བོ་སོ་སོར་རག་པ་དང་མི་ཚེར་ཕན་ཐོགས་ཡོང་བར་གནད་དོན་ཁ་ཤས་ཤིག་ཡོད་པ་དང་། དེའི་ནང་ནས་གལ་ཆེ་ཤོས་ཤིག་ནི་བོད་པའི་སྐད་ཡིག་ཆགས་ཀྱི་ཡོད། བོད་པའི་སྐད་ཡིག་ཡག་པོ་ཞིག་མ་ཤེས་པ་ཡིན་ན། དཔེ་ཆའི་ནང་གསུངས་བའི་དོན་དག་དེ་ཚོ་རྒན་ལགས་ཀྱིས་གསུངས་བ་གཅིག་པུར་ཉན་བསྡད་པ་ཙམ་གྱིས་རྟོགས་ཡོང་བ་དང་འགྱུར་འགྲོ་བ་ཁག་པོ་ཡིན་སྟབས། རྒན་ལགས་ཀྱིས་གསུངས་བ་དེར་སོ་སོའི་ངོས་ནས་བསྐྱར་ཀློག་བྱས་ཏེ་རང་སྦྱོང་བྱས་དཔེ་ཆ་འདྲ་མི་འདྲ་ཀློག་དགོས་པ་རེད། ཅེས་དང་། དཔེ་ཆའི་ནང་དུ་ཡོད་པའི་སྐད་ཡིག་རྙིང་པ་རྣམས་མ་ཉམས་རྒྱུན་འཛིན་བྱེད་དགོས་པ་དང་། རྙིང་པ་གཅིག་པུ་འཛིན་སྐྱོང་བྱས་ནས་བསྡད་ན་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། རིག་གསར་གྱི་ཤེས་ཡོན་མང་པོ་ཞིག་དར་ཡོང་གི་ཡོད་པ་དེ་ཚོ་བོད་པའི་སྐད་ཡིག་ནང་བསླེབས་མ་ཐུབ་པ་ཡིན་ན། སྐད་ཡིག་འདི་ཕྱེད་ཀ་འདྲ་བོ་ཆགས་ཏེ་སྤྱི་ཚོགས་སྤྱི་དང་། ལྷག་པར་དུ་གཞོན་སྐྱེས་ཚོ་དང་མི་མང་པོ་ཞིག་འབྲེལ་བ་དེ་ཙམ་མེད་པར་རྒྱང་རིང་དུ་འགྲོ་ཡི་ཡོད་དུས། སྐད་ཡིག་དེ་ག་དུས་ཡིན་ནའང་གསོན་པོ་དང་ཆ་ཚང་གནས་ཆེད། རྙིང་པ་ཚང་མ་མ་ཉམས་རྒྱུན་འཛིན་གྱི་ཐོག་ལ་རིག་གསར་གྱི་བརྡ་ཐ་སྙད་རྣམས་ཁ་སྣོན་རྒྱག་སྐོར་དང་། རིགས་ལམ་ཅུང་ཙམ་མ་ཤེས་པ་ཡིན་ན་གཞུང་ཆེན་པོ་ཞིག་ལ་འཇུག་རྒྱུ་ཁག་པོ་ཡིན་པས་རིགས་ལམ་གྱི་གཞི་རིམ་འགྲོ་སྟངས་ལ་སྦྱོང་རྒྱུ་གལ་ཆེན་པོ་ཡིན་ལ། རིགས་ལམ་སྦྱོང་སྟངས་དེའང་དང་པོ་ཁ་ལ་འཇགས་ཐབས་བྱེད་དགོས་པ་དང་། དེ་ནས་རིམ་གྱིས་སེམས་ལ་རིགས་ལམ་དེ་འཇགས་ཐབས་དགོས་སྐོར་སོགས་གསུངས་སོང་།

གཞན་ཡང་། མཛད་སྒོའི་ཐོག་བོད་ལུགས་གསོ་བ་རིག་པ་ནི་རྒྱ་ནག་གི་སྨན་ལུགས་དང་རྒྱ་གར་གྱི་ཨ་ཡུ་ཝེ་དྷ་གཉིས་དང་འདྲ་མཉམ་ཡིན་པར་བརྟེན། ཨ་ཡུ་ཝེ་དྷ་དང་རྒྱ་ནག་གི་སྨན་ལུགས་ (Intangible Cultural Heritage) མངོན་མེད་ཤུལ་བཞག་རིག་གནས་གཉིས་ཀྱི་ཁོངས་སུ་དེབ་སྐྱེལ་གཏན་ནས་གནང་རྒྱུ་མིན་སྐོར་བསྒྲགས་གཏམ་སྤེལ་ཡོད་པའི་ནང་དུ། རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་ནས་བོད་རིགས་མ་ཡིན་པའི་སྨན་པ་རེ་ཟུང་གིས་འགན་འཁུར་བླངས་ཏེ་གསོ་བ་རིག་པའི་ཐ་སྙད་ཐོག་མངོན་མེད་ཤུལ་བཞག་རིག་གནས་ཞེས་རྒྱལ་སྤྱིའི་ནང་དངོས་སུ་རེག་མཐོང་མེད་པའི་རིག་གནས་ཤུལ་བཞག་ཁོངས་སུ་དེབ་སྐྱེལ་ཞུ་རྒྱུའི་འབད་བརྩོན་ཞུས་པ་ལྟར། རྒྱ་གར་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། རྒྱ་གར་རིག་གཞུང་སྡེ་ཚན་གཉིས་ནས་ཀྱང་ཁ་ཡ་གནང་འདུག་ན་གསོ་བ་རིག་པ་ཞེས་བོད་ལུགས་གསོ་བ་རིག་པ་དང་། དེའི་ནང་ནས་དུས་རབས་བརྒྱད་པའི་ནང་བོད་རིགས་གསོ་དཔྱད་མཁས་དབང་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས་དཔལ་ལྡན་རྒྱུད་བཞི་བརྩམས་པ་དང་འབྲེལ་བ་ཡོད་ན་དེ་ལྟར་འགྲིག་མིན་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་ཤུལ་བཞག་རིག་གནས་ཀྱི་མངོན་མེད་རིག་གནས་(Intangible Cultural Heritage)ཞེས་པའི་ཁོངས་སུ་བོད་ལུགས་གསོ་བ་རིག་པ་ཚུད་ཀྱི་མེད། སྔར་རྒྱ་དམར་གྱིས་བོད་ལུགས་གསོ་བ་རིག་པ་མངོན་མེད་ཤུལ་བཞག་རིག་གནས་ཁོངས་དེབ་སྐྱེལ་བྱ་རྒྱུའི་འབད་བརྩོན་བྱེད་སྐབས་ཀྱང་རྒྱལ་སྤྱིའི་འབྲེལ་ཡོད་ལས་ཁུངས་སུ་སྨན་རྩིས་ཁང་ནས་དེ་ལྟར་འགྲིག་མིན་ཞེས་ཞུ་སྙན་ཕུལ་བ་མ་ཟད། དེ་ལྟར་གནང་གི་མེད་སྐོར་ཡིག་ལན་ཡང་འབྱོར་ཡོད། དེའི་སྐབས་འགའ་ཤས་ཀྱིས་རྒྱལ་སྤྱིའི་ཤུལ་བཞག་རིག་གནས་ཁོངས་དེབ་སྐྱེལ་ཡོད་པ་ལེགས་པའི་རང་བཞིན་ལྟ་བུ་བཤད་མཁན་ཡང་བྱུང་ཡོད་པ་དེ་ནི་གནས་ཚུལ་མ་རྟོགས་པ་ཞིག་རེད། རྒྱལ་སྤྱིའི་རིག་གནས་ཁོངས་(Invaluable Cultural Heritage)རྩ་ཆེའི་རིག་གནས། དེ་མིན་གནའ་བོའི་རིག་གནས་(Ancient Cultural Heritage)ལྟ་བུ་དེབ་སྐྱེལ་ཡོད་ན་དེ་ལྟར་ཡིན་ངེས་ཀྱང་། (Intangible Cultural Heritage)ཞེས་མངོན་མེད་ཤུལ་བཞག་རིག་གནས་ཅེས་པ་དེ་གཏན་ནས་མིན་པ་ད་ཆ་བོད་སྨན་ཞེས་རྒྱལ་སྤྱིའི་ནང་དར་ཁྱབ་རྒྱ་ཆེར་འགྲོ་གི་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། རྒྱ་གར་ཨ་ཡུ་ཝེ་དྷ་དང་རྒྱ་ནག་གི་སྨན་ལུགས། བོད་ལུགས་གསོ་བ་རིག་པ་བཅས་འདྲ་མཉམ་ཡིན་པར་བརྟེན་ཨ་ཡུ་ཝེ་དྷ་དང་རྒྱ་ནག་གི་སྨན་ལུགས་(Intangible Cultural Heritage)གཉིས་ཀྱི་ཁོངས་སུ་དེབ་སྐྱེལ་ཞུ་ཡི་མེད་པ་རེད། ཅེས་དང་། གསོ་བ་རིག་པ་ཞེས་རྒྱ་གར་གཞུང་གིས་ངོས་ལེན་གནང་སྐབས་ཚང་མས་བོད་ལུགས་གསོ་བ་རིག་པར་གོ་ཡི་ཡོད་པའི་ངོས་འཛིན་འགྲེལ་བཤད་བརྒྱབ་ཡོད་ཀྱང་། ད་ཆ་གསོ་བ་རིག་པ་ཞེས་པ་ནི་སྤྱི་མིང་ཞིག་ལས་སྨན་རྩིས་ཁང་གིས་ལོ་ངོ་ ༥༥ རིང་ལག་བསྟར་ཞུས་པའི་བོད་ལུགས་གསོ་བ་རིག་པར་ཧ་ལམ་གོ་ཡི་མེད་པའི་གོམ་འགྲོས་རབ་དང་རིམ་པ་རྒྱག་གི་ཡོད་པ་དེར་བོད་ལུགས་གསོ་བ་རིག་པ་ལག་བསྟར་གནང་མཁན་རྣམས་ནས་སྦི་གསང་དོད་པོ་དང་། ལྷག་པར་དུ་ཕྱག་ལས་རྣམས་ངེས་པར་དུ་ཚད་ལྡན་དགོས་པའི་འབོད་སྐུལ་གནང་འདུག

མཛད་སྒོ་གྲོལ་རྗེས་སྨན་རྩིས་ཁང་གི་དབུ་འཛིན་བཀྲ་ཤིས་ཚེ་རིང་ལགས་སུ། ད་ལན་བོད་ལུགས་གསོ་བ་རིག་པ་དེབ་སྐྱེལ་དང་འབྲེལ་བའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་གནང་དགོས་དོན་སོགས་དྲིས་པར་ཁོང་གིས། ན་ནིང་ནས་རྒྱ་ནག་གིས་རྒྱ་ནག་གི་བོད་སྨན་ཞེས་པའི་མིང་ཐོག་ནས་མངོན་མེད་ཀྱི་ཤུལ་བཞག་རིག་གནས་ཞེས་དེབ་སྐྱེལ་བྱས་སྐོར་རྒྱ་ནག་གཞུང་ཚབ་ནས་གསལ་བསྒྲགས་བྱས་ཡོད་པ་དང་། དེར་སྨན་རྩིས་ཁང་གིས་དགག་པ་བརྒྱབ་ཡོད་ལ། ད་ལོ་ཡང་ལ་དྭགས་ཁུལ་གྱི་སྨན་པ་ཁ་ཤས་ཀྱིས་གསོ་བ་རིག་པ་ཞེས་པའི་མིང་ཐོག་ནས་མངོན་མེད་ཀྱི་ཤུལ་བཞག་རིག་གཞུང་ཞིག་ཡིན་ཞེས་རྒྱ་གར་གཞུང་ལ་དེབ་སྐྱེལ་མངག་བཅོལ་བྱས་ཡོད་པ་དང་། རྒྱ་གར་རིག་གཞུང་སྡེ་ཚན་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁོངས་གཏོགས་ཨ་ཡུ་ཤི་ཡིས་ཐུགས་སྣང་བྱས་ཏེ། སྨན་རྩིས་ཁང་གིས་རྒྱབ་སྐྱོར་གནང་དགོས་ཀྱི་འདུག་ཅེས་བརྗོད་སྐབས། སྨན་རྩིས་ཁང་གིས་བོད་ལུགས་གསོ་བ་རིག་པ་ནི་མངོན་མེད་ཀྱི་རིག་གནས་ཤིག་མིན་པར་རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པ་ཞིག་ཡིན་ཞེས་བརྗོད་དེ་རྒྱབ་སྐྱོར་གནང་མེད་སྐོར་དང་། སྨན་རྩིས་ཁང་གིས་རྒྱལ་སྤྱིའི་མངོན་མེད་ཤུལ་བཞག་རིག་གནས་(Intangible Cultural Heritage)ལས་ཁུངས་ལ་དེ་སྔོན་རྒྱ་ནག་གིས་བྱས་པ་ལྟར། ད་ལྟ་རྒྱ་གར་གྱིས་གསོ་བ་རིག་པ་ཞེས་བརྗོད་ཀྱི་ཡོད་པ་དེ་སྨན་རྩིས་ཁང་གིས་ལག་བསྟར་གནང་བཞིན་པའི་བོད་ལུགས་གསོ་བ་རིག་པར་གོ་ཡི་ཡོད་ན། བོད་ལུགས་གསོ་བ་རིག་པ་ནི་གནའ་བོའི་རྩ་ཆེའི་རིག་གནས་དེ་འདྲ་ཡིན་པ་རེད་མ་གཏོགས་མངོན་མེད་རིག་གནས་ཤིག་གཏན་ནས་མིན་ཡང་། རྒྱ་ནག་གིས་མངོན་མེད་ཤུལ་བཞག་རིག་གནས་ཞེས་མེད་པ་བཟོ་ཐབས་བྱས་ཡོད་ཀྱང་བཟོ་ཐུབ་ཡོད་པ་མེད་ཅེས་ཞུས་ཡོད་པ་དང་། རྒྱ་གར་རིག་གཞུང་སྡེ་ཚན་ལའང་མདོར་བསྡུས་ཤིག་ཞུས་ཡོད་ལ། ཡིག་ཐོག་ནས་ཀྱང་འབུལ་འཆར་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་ནང་བོད་ཀྱི་གསོ་བ་རིག་པ་ལག་བསྟར་གནང་མཁན་མང་པོ་ཡོད་པ་རྣམས་ལའང་གསར་འགོད་གསལ་བསྒྲགས་གཏོང་བ་དང་། དེ་མིན་གྱི་ཡིག་ཆ་རྣམས་བཀྲམ་སྟེ་གླེང་སློང་ཡོང་ཐབས་གནང་བཞིན་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese