མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅེན་ནས་མེ་བཏང་ན་དུ་བ་གངས་སྐྱིད་ནས་ཐུལ་གྱི་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྡོ་མེ་འབུད།

ངས་དེ་རིང་བོད་ཀྱི་ཁ་དཔེ་སྟེ “ཤ་ཚ་བའི་ཁ་ལ་གཏམ་སྙན་མེད། ནད་ཕན་པའི་སྨན་ལ་མངར་མོ་མེད” ཟེར་བའི་གཏན་ཚིག་གིས་མདུན་དུ་བསུས་ནས། སེམས་གཏམ་དམར་བོའི་མདུང་ཁ་གནམ་ལ་སྐོར་ན། གནམ་གྱི་ལྷ་ཆེན་ལ་ཕོག་རུང་། འོག་གི་ཀླུ་སྲིན་ལ་གནོན་རུང་ངས་རང་གི་སྐད་ཡིག་གི་ཆེད་དུ་སེམས་གཏམ་བརྡོལ་ངེས་ཡིན་ཟེར་བའི་དམ་བཅའ་སྔོན་དུ་སོང་བའོ།།

འུ་ཚོས་ལོ་ངོ་ལྔ་བཅུ་ལྷག་གིས་རིང་ལ་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་ལ་རང་དབང་མི་འདུག་ཟེར་ནས་ཡོད་ཚད་རྒྱ་དམར་ཚང་ལ་ཁག་དཀྲིས་དང་ཞྭ་ནག་གཡོགས་ཞོར་ཕྱི་གླིང་མགོ་སེར་ཚོའི་མདུན་དུ་སྡིགས་སྐད་རེ་བཏོན་ནས་ཉི་མ་བསྐྱལ་ཐབས་ཀྱི་སྦྱོར་བ་འདི་ལ་དངོས་གནས་ངོ་གནོང་དགོས་པའི་ཚོད་དུ་གདའ་མོད། འུ་ཚོའི་ཚོགས་སྤྱི་འདིས་ད་དུང་ཡང་སྐད་ཆ་སྐམ་པོ་རེ་དང་ལོ་རྒྱུས་རྙིང་པ་རེ་ལ་ཤི་འཐམ་རོ་འཐམ་གྱི་ངང་ནས་ཚེ་སྲོག་ཕྲ་མོ་འདའ་བར་བྱེད་པ་མ་གཏོགས་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་གང་ནས་བརླགས་འདུག ཚུལ་ཇི་ལྟར་བརླགས་འདུག་ཟེར་སྐད་ཀྱི་འཚོལ་རྟོག་གི་སེམས་གཤིས་མེད་པའི་ན། ནོར་འཁྲུལ་ཡོད་ཚད་གཞན་མགོར་གཡོགས་རྐྱང་གི་འདུ་ཤེས་འདི་དོར་བར་འཕྱི་དྲགས་མེད་ན་སྔ་དྲགས་མི་འདུག་ཟེར་བ་དེ་ཡིན་ནོ།

རྒྱུ་མཚན་ནི། རྒྱ་ནག་དམར་བོའི་དབང་ཤུགས་ཀྱི་ཁྲིམས་ཤིང་དེ་འུ་ཚོ་བཙན་བྱོལ་ཚོགས་སྤྱིའི་གཉའ་སྐེ་རུ་བསླེབས་ནས་སློབ་གྲྭ་ཁག་ནས་བོད་ཡིག་ལས་གཞན་ཕྱི་སྐད་དང་ཕྱི་ཡིག་ཐོག་ནས་སློབ་ཁྲིད་གནང་དགོས་ཟེར་པའི་བཀའ་རྒྱའི་ཁྲིམས་ཤིང་མེད་པ་དང་གཅིག གཞུང་ཞབས་ལས་བྱེད་འདེམས་མིར་ཕྱི་ཡིག་ཤེས་མིན་དང་ཕྱི་ཐོན་ལག་འཁྱེར་ཡོད་མིན་ལ་རྒྱ་ཡི་བཀའ་རྒྱ་མེད་པ་དང་གཉིས། ཕྱི་སྐད་དང་བོད་སྐད་མཉམ་བསྲེས་ཀྱིས་གླེང་མོལ་མེད་ཚེ་སྤྱི་ཚོགས་ཀྱིས་བརྩི་མཐོང་མེད་པའི་རྒྱའི་བཀའ་ཡིག་གི་ལུགས་སྲོལ་མེད་པ་དང་གསུམ། སྐྱབས་བཅོལ་ནས་ཡང་བཅོལ་དུ་འགྲོ་དགོས་པའི་རྒྱའི་ཁྲིམས་ལུགས་གྱི་གཉའ་གནོན་མེད་པ་དང་བཞི་སྟེ། རྒྱུ་རྐྱེན་འདི་དག་གིས་སྔུན་ནས་འཐེན་པས་རྒྱའི་ལྕགས་ཁྲིམས་ཀྱི་སྐེ་ཐག་བསྐོན་མེད་ལ། རྗེས་ནས་འདེད་མཁན་གྱི་རྒྱའི་མེ་མདའ་ཡིས་གཉའ་གནོན་གྱི་གནོན་ཤུགས་མེད་བཞིན་དུ་བཙན་བྱོལ་ཚོགས་སྤྱི་འདིས་དྭངས་བླངས་དྭངས་གཙང་དང་། སེམས་པ་རྣམ་དག་གིས་གནམ་སྡེ་སྒོ་མོ་ཆེ་ཡི་གཞུང་ལམ་དུ་ཤར་བསྐྱོད་ཐུབ་པའི་བསམ་བློ་འདིས། བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་མེད་པ་བཟོ་མཁན་དེ་གཞན་མ་ཡིན་པར་འུ་ཚོ་བོད་མི་རང་གིས་མེད་པ་བཟོ་ཡི་ཡོད་པའི་སེམས་ཚོར་ཞིག་གིས་གཅུན་ནས་ཡོང་གི་འདུག

ཡང་ཁག་ཅིག་གིས་འུ་ཚོ་བཙན་བྱོལ་བ་ཡིན་སྟབས་ཕྱི་མིར་རེ་ལྟོས་དང་སྐྱབས་རྟེན་ཞུ་དགོས་པས། དེ་འདྲ་མ་བྱེད་རང་བྱེད་རེད་ཟེར་བའི་སྐད་ཆ་ཡོང་སྲིད་མོད། འོན་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དཔོག་པའི་ལས་ཁུངས་འདྲ་མིན་ཞིག་ཡོད་པ་དེ་བཞིན་དུ་ལས་ཁུངས་རེ་ལ་ལས་འགན་མི་འདྲ་བ་ཡོད་པ་ཇི་བཞིན་ལས་སྟངས་ཀྱང་མ་འདྲ་བ་དགོས་པ་ལས། ལས་ཁུངས་ཚང་མ་ཕྱི་སྲིད་ལས་ཁུངས་(外交部)ཀྱི་ལས་ཚུལ་ལྟར་ཕྱི་མིར་འབྲེལ་བ་བྱས་དགོས་ན། འུ་ཚོ་ལ་རྣམ་གྲངས་མང་བའི་ལས་ཁུངས་དེ་དག་ཉར་ནས་ཅི་བྱེད། ཚང་མ་ཕྱིའི་རྒྱབ་ཁབ་ལ་འབྲེལ་བ་བྱེད་མཁན་གྱི་ཕྱི་སྲིད་ལས་ཁུངས་གཅིག་ཏུ་ཟླ་སྒྲིལ་དུ་བཏང་ཚེ་གཞུང་གི་འགྲོ་གྲོན་ཡང་ཉུང་དུ་འགྲོ་ལ་དཀའ་ཚེགས་ཀྱང་ཉུང་དུ་འགྲོ་ཟེར་བའི་ལན་དུ་སྨྲའོ།

དོན་དམ་དུ་བཤད་ན། འུ་ཚོ་མགོ་མ་འཚོས་(སྨིན)པའི་སློབ་གསོ་ཞིག་དང་ཧམ་སེམས་ཀྱི་མདུན་བསྐྱོད་ཅིག་གི་ལམ་མདོ་ན་འགག་འདུག་པར་སེམས་ཏེ། དང་པོ་ནི་འུ་ཚོས་ནམ་རྒྱུན་འཚོགས་རྭ་ཞིག་དང་འདུ་འཛོམས་ཤིག་ཏུ་མཉམ་འདུས་རེ་བྱས་ཚེ་བོད་ཀྱི་སྐད་དང་རིག་གཞུང་གི་ཆེད་དུ་བོད་སློབ་ཟུར་འཛུགས་བྱ་དགོས་བའི་རྒྱུ་རྐྱེན་དང་བརྒྱུད་རིམ་མ་ཎི་བཞིན་བགྲངས་ནས་༸གོང་ས་མཆོག་གི་བཀའ་སློབ་ལས་ལྷག་ཅིག་བཤད་རྒྱུ་ནི་འུ་ཚོའི་སྐུ་ངོ་ཚོའི་འཇོན་ཐང་ངོམས་བྱེད་ཀྱི་སྐད་ཆ་ཞིག་ཡིན་མོད། དོན་དངོས་སུ་སྐུ་ངོ་སུ་གཅིག་གིས་ཀྱང་༸ཡིད་བཞིན་ནོར་བུའི་བཀའ་སློབ་དེ་ཡི་གོ་དོན་རྟོགས་མེད་ལ། གོ་དོན་རྟོགས་ཐུབ་པའི་སྟ་གོན་ཡང་བྱེད་མེད་ཚོད་རེད།

གལ་ཏེ་ཡོད་ན། མི་ལོ་ལྔ་བཅུ་ལྷག་འགོར་ནའང་འདབ་གཤོག་གཉིས་ལྡན་གྱི་བོད་མི་གཙང་མ་ཇི་ཙམ་ཞིག་འུ་ཚོའི་ཁོ་ར་འདི་ནས་བྱུང་ཡོད་དམ། གཅིག་ཤེས་ན་གཅིག་མ་ཤེས་པའི་མི་ལྷག་སྐོར་གཅིག་གིས་ཁེངས་ནས་བསྡད་ཡོད་པ་འདི་རེད། འདི་ཚོ་ལ་བལྟས་ནས་ཡོང་དུས་འུ་ཚོས་འཕྲལ་ཕུགས་གང་ལ་ཡང་མི་ཕན་པའི་སློབ་གསོ་ཕུང་གསུམ་པ་ཞིག་ལ་མགོ་འཐོམ་ནས་བསྡད་ཡོད་སྟབས། འུ་ཚོའི་སློབ་གསོ་ནི་མགོ་མ་འཚོས་པའི་སློབ་གསོ་རེད་ཟེར་དོན་ཡང་དེ་ཡིན་ནོ།།

སྐད་ཆ་གཉིས་པའང་འདི་ལས་མ་འདས་ཏེ། ཕྱི་གླིང་བའི་ཆབ་དཔལ་རིག་གསུམ་ལ་ཧམ་སེམས་སྐྱེས་ནས་བོད་པའི་སློབ་ཕྲུག་ཚང་མ་ཕྱི་གླིང་གི་སློབ་ཕྲུག་ལྟར་བཟོ་རྒྱུ་ཡིན་ཟེར་ན་གླེན་རྟགས་ཚ་བོ་སྟོན་པ་མ་ཡིན་ནམ། མི་རེ་རེ་ལ་བསམ་བློ་རེ་དང་སྤྱི་ཚོགས་རེ་ལ་གོམ་གཤིས་རེ་དང་ལུགས་སྲོལ་རེ་ཡོད་པའི་རྒྱུ་མཚན་གྱིས། ཕྱི་གླིང་ཚོས་མགོ་སྐྲ་འཇོག་སྟངས་དང་གོན་པ་གྱོན་སྟངས་སོགས་ཀྱི་སློབ་གསོ་ཡན་ནས་སངས་རྒྱས་གསུང་རབ་ཏུ་རྩིས་ནས་འུ་ཚོའི་ཚོགས་སྤྱི་རུའི་ནང་འཁྱེར་ཡོང་ཚེ་བོད་ཕྲུག་གཙང་མ་ཞིག་ལ་རེ་ལྟོས་བྱ་བའི་སློབ་གསོ་མ་གནང་རོགས་གནང་ཟེར་བ་དེ་ཡིན་ནོ།།

མདོར་ན། འུ་ཚོས་བྱ་གཞག་ཅི་ཞིག་བརྩམས་རུང་ལས་ཀ་ཅི་ཞིག་བྱེད་ཀྱང་ཐམས་ཅད་རྒྱ་ནག་གི་འདོད་ཕྱོགས་མ་གཏོགས་ལྡོག་ཕྱོགས་སུ་ལངས་ཐུབ་ཀྱི་མི་འདུག་པའི་སེམས་ཚོར་ཞིག་ཤུགས་ཀྱིས་སྐྱེས་སུ་འཇུག་གོ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༢ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༣ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༣ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༤ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 2

  1. གངས་ཅན་ཕོ་ཉ། says:
    ལོ་ 10 སྔོན།

    སེམས་གཏམ་དམར་པོ་སྤེལ་བ་རྗེས་སུ་ཡི་རངས་ཡོད། བོད་པའི་སྤྱི་ཚོགས་སུ་བོད་སྤྱི་སྐད་ང་ཚོ་བེད་སྤྱོད་བཏང་བ་ལས་འུ་ཚོ་བེད་སྤྱོད་མ་བཏང་བ་རེ་སྐུལ་ཞུ།

    Reply
  2. ཀུན་དགའ་ཆོས་ལྡན says:
    ལོ་ 10 སྔོན།

    བོད་མི་རིགས་འདི་ཡུན་རིང་གནས་དང་མ་གནས་མཐར་གཏུགས་ན་རིག་གནས་ཐམས་ཅད་ཀྱི་རྟེན་གཞིའམ་རྩ་བ་སྐད་དང་ཡི་གེ་གནས་མི་གནས་ལ་རག་ཡོད། སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་དང་གླང་ཆེན་སྟོང་གི་མི་ཐིག་པའི་རྒུད་པ་ཅི་བྱུང་ཡང་དཔྲལ་བའོ་མིག་དང་ཁོག་པའི་སྙིང་བཞིན་བསྲུང་དགོས་པ་ནི་རང་གི་སྐད་དང་ཡི་གེ་ཁོ་ནའོ། དམུ་དགེ་བསམ་གཏན་གྱིས། “ མི་རིགས་མི་རིགས་ཟེར་ཡང་མི་རིགས་ཀྱི་རྩ་བ་ནི་སྐད་དང་ཡི་གེ་ལ་ཐུག་འདུག་གོ། དེས་ཞི་བདེ་མེད་པའི་མི་རིགས་ལ་འཕེལ་རྒྱས་མེད་ལ། སྐད་ཡིག་མེད་པའི་མི་རིགས་ནི་སྟོན་དུས་ཀྱི་མེ་ཏོག་འབའ་ཞིག་གོ། གསུངས་པ་ཡིན། སྐད་ཡིག་མེད་པའི་དཔལ་འབྱོར་རིགས་ཟེར་བ་དོན་གྱི་སྟོང་པ་ཡིན་པས། མི་རིགས་འདི་གཞན་རིགས་སུ་མའགྱུར་བར་གཏན་དུ་འཚོ་བ་བྱེད་པ་ལ་ང་ཚོའི་ཐུན་མོང་གི་བསམ་བློ་མཚོན་བྱེད་སྐད་དང་ཡི་གེ་སྲུང་བ་འདི་རང་ལུས་དང་ཡ་མ་བྲལ་བར་མི་འདོགས་ཐུ་མེད་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese