མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་མགོ་འཛིན་རྣམ་པར་རྩོད་རྙོག་འདུམ་འགྲིག་གི་ཟབ་སྦྱོང་འཚོགས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གིས་རྒྱ་བལ་འབྲུག་གསུམ་ནས་ཡོང་བའི་ས་གནས་མགོ་འཛིན་རྣམ་པར་ཉིན་གྲངས་གཉིས་རིང་རྩོད་རྙོག་འདུམ་འགྲིག་ཇི་ལྟར་གནང་དགོས་པའི་སྐོར་ནས་ཟབ་སྦྱོང་ཞིག་སྤྲོད་བཞིན་འདུག
tibettimes
ཉིན་གྲངས་ ༤ རིང་གི་བོད་མིའི་ས་གནས་མགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་གཅིག་པ་མཇུག་སྒྲིལ་བ་དང་བསྟུན། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གི་གོ་སྒྲིག་འོག རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་ས་གནས་མགོ་འཛིན་རྣམ་པར། རྩོད་རྙོག་རིགས་བར་འདུམ་མ་བྱས་སྔོན་དུ་ཆ་རྐྱེན་ག་རེ་ཚང་དགོས་ཀྱི་ཡོད་པ་དང་། དེ་ནས་བར་འདུམ་ཇི་ལྟར་གནང་དགོས་པའི་སྐོར་ནས་ཉིན་གཉིས་རིང་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་པ་དང་། ཟབ་སྦྱོང་དབུ་འཛུགས་ཀྱི་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། ལྟེ་གནས་ཁང་གི་ཐོག་མའི་དམིགས་ཡུལ་གཞིར་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཅིག་པུ་ཙམ་མིན་པར། རྒྱ་གར་གྱི་མཐོ་སློབ་སོགས་ཀྱི་ནང་རྩོད་རྙོག་འདུམ་འགྲིག་དང་འབྲེལ་བའི་ཟབ་སྦྱོང་གང་མང་གོ་སྒྲིག་གནང་ཐུབ་ཡོད་པ་དེ་ཧ་ཅང་གཟི་བརྗིད་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་ལ། མ་འོངས་པར་ཕྱག་ལས་མུ་མཐུད་རྒྱུན་སྐྱོང་ཡར་རྒྱས་གཏོང་དགོས་པ་ལས་མི་རེ་ཟུང་ཞིག་གི་ཁེ་ཕན་དང་ཆབ་སྲིད་ཀྱི་ངོ་བོར་མ་འགྲོ་བ་ཞིག་གནང་དགོས་སྐོར་གསུངས་སོང་།

ཟབ་སྦྱོང་དབུ་འཛུགས་ཐོག བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་ ༢༠༠༡ ནས་བཟུང་ད་ལྟའི་བར་དུ་ལས་འགུལ་རྣམ་གྲངས་མི་འདྲ་བ་ ༥༠༠ ལྷག་གོ་སྒྲིག་གནང་ཡོད་པ་དང་། ལས་འགུལ་ཁག་གི་ནང་བཙན་བྱོལ་བོད་མི་དང་རྒྱ་གར་བ། ཕྱི་རྒྱལ་བ་བཅས་མི་གྲངས་ཁྲི་ཚོ་བརྒལ་བ་མཉམ་ཞུགས་བྱས་ཡོད་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། ད་ལན་གྱི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་ས་གནས་མགོ་འཛིན་རྣམ་པས་ས་གནས་ས་ཐོག་ཏུ་སྐུ་ལས་མང་པོ་བསྐྱོན་ཏེ་ཉམས་མྱོང་ལྡན་པ་དང་། དོགས་གནད་མང་པོ་ཞེ་དྲགས་བསྣམས་ནས་ཕེབས་ཡོད་པ་དང་། རྩོད་རྙོག་ནི་མིའི་མི་ཚེ་ཡི་ཆ་ཤས་ཤིག་ཡིན་པས་ག་དུས་ཡིན་ནའང་ཡོང་གི་ཡོད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་སྟབས། ས་གནས་མགོ་འཛིན་རྣམ་པའི་ཉམས་མྱོང་དང་གུ་ཡངས་ཀྱི་ཐོག་ནས་ད་ལྟའི་བར་དུ་ཕྱག་ལས་གནང་བསྡད་པ་དང་། དེང་སང་དམངས་གཙོའི་རྒྱལ་ཁབ་དང་ལྷག་པར་དུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་ནང་གལ་ཆེ་ཤོས་གཅིག་དེ་རྩོད་རྙོག་རྣམས་འཚེ་མེད་ཞི་བའི་ཐོག་ནས་གདོང་ལེན་བྱེད་དགོས་ཀྱི་ཡོད་སྟབས། རྩོད་རྙོག་ག་འདྲ་ཞིག་ཡིན་ནའང་བར་འདུམ་བྱེད་དགོས་པ་དང་། བར་འདུམ་བྱེད་སྟངས་ལལའང་དེང་དུས་དང་མཐུན་པའི་ཐབས་ལམ་མང་པོ་ཞིག་ཡོད་པ་ས་གནས་མགོ་འཛིན་རྣམ་པས་མཁྱེན་གྱི་ཡོད་ཀྱང་། ལྟེ་གནས་ཁང་གི་ངོས་ནས་ཤེས་རྟོགས་ཡོད་པ་རྣམས་སྤྱན་འབུལ་ཞུ་རྒྱུ་དང་། ས་གནས་མགོ་འཛིན་རྣམ་པའི་ཉམས་མྱོང་དང་གུ་ཡངས་ཀྱི་གནང་ཕྱོགས་ཐོག་ནས་ལྟེ་གནས་ཁང་གི་ངོས་ནས་མ་འོངས་པར་ཡར་རྒྱས་གཏོང་རྒྱུ་དང་། བོད་པ་ཙམ་མིན་པར་རྒྱ་གར་དང་ཕྱི་རྒྱལ་གྱི་མི་རིགས་གཞན་ལའང་ཞབས་ཞུ་ཞུ་བར་ཏན་ཏན་ཐུགས་ཕན་གསོ་ཐུབ་པ་མང་པོ་ཞིག་ཤེས་རྟོགས་བྱུང་རྒྱུ་དང་། དེ་བཞིན་ས་གནས་མགོ་འཛིན་རྣམ་པས་མ་འོངས་པར་ས་གནས་ཁག་གི་ནང་ལས་དོན་སྔར་ལས་ཚགས་ཚུད་དང་ནུས་པ་ཆེ་རུ་འཐོན་པར་ཐུགས་ཕན་གསོ་ཐུབ་པའི་རེ་བ་དང་དམིགས་བསལ་ཡོད་སྐོར་བརྗོད་སོང་།

འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་ལྟེ་གནས་ཁང་གི་ངོས་ནས་ཐོག་མའི་དམིགས་ཡུལ་ལྟར་སྤྱི་ཚོགས་ནང་ཐུགས་ཕན་གསོ་ཐུབ་ཀྱི་ཡོད་པ་དེ་མ་འོངས་པར་ཡར་རྒྱས་རྒྱུན་སྐྱོང་དགོས་སྐོར་གསུངས་དོན། ལྟེ་གནས་ཁང་གི་ངོས་ནས་བོད་པ་ཙམ་མིན་པར་རྒྱ་གར་གྱི་མཐོ་སློབ་སོགས་ཀྱི་ནང་ཕེབས་ཏེ་ཟབ་སྦྱོང་སྤྲད་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་མང་པོ་ཐོན་ཡོད་སྟབས། ཐོག་མའི་དམིགས་ཡུལ་གཞིར་བཟུང་གིས་དཔེར་ན་མདའ་དེ་འབེན་རང་གི་ཐོག་གཏད་ནས་ཏག་ཏག་གཏོར་ཐུབ་པའི་དམིགས་ཡུལ་འཛིན་ཐུབ་པ་དེ་ཧ་ལས་པའི་གཟི་བརྗིད་ཆེན་པོ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། མ་འོངས་པར་གཟི་བརྗིད་དེ་མི་རེ་གཉིས་ཤིག་གི་ཁེ་ཕན་དང་ཆབ་སྲིད་ཀྱི་ངོ་བོ་ཞིག་ཏུ་བསྒྱུར་ཏེ་ཕྱིན་པ་ཡིན་ན་ཞེ་དྲགས་ཕངས་པོ་ཡིན་སྟབས། དེ་འདྲ་ཞིག་གི་སྒང་ལ་འགྲོ་ཡི་རེད་བསམ་པ་མེད་ཀྱང་དེ་འདྲར་མི་འགྲོ་བར་ཏན་ཏན་དགོངས་པ་བཞེས་དགོས་སྐོར་དང་། ཐེངས་འདིའི་ཉིན་གཉིས་ཀྱི་ཟབ་སྦྱོང་ཁྲོད་ཚོགས་ཞུགས་པ་རྣམ་ནས་ལྟེ་གནས་ཁང་གི་ཕྱག་ལས་སྔར་ལས་ཚགས་ཚུད་དང་སྤུས་དག་ཏུ་ཡོང་བར་དགོངས་འཆར་གནང་ཐུབ་ན། མ་འོངས་པར་ཚོགས་ཆེན་གཉིས་པ་ཞིག་ཚོགས་ཡོང་སྐབས་ལྟེ་གནས་ཁང་གི་ལས་བསྡོམས་ནང་ད་ལྟའི་གནས་སྟངས་ལས་ལྷག་ཅིག་སྙན་གསེང་ཞུ་རྒྱུ་ཡོང་བར་དགོངས་བཞེས་འབད་བརྩོན་གནང་དགོས་སྐོར་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 3

  1. ར་བང་བསྟན་ནོར།། says:
    ལོ་ 10 སྔོན།

    ཚོགས་པ་དེས་གཟབ་སྦྱོང་གང་སར་གནང་ནས་ཕན་ཐོགས་མི་དམན་པ་བྱུང་ཡོད། དེས་ན་འགན་འཛིན་གཙོས་ཁྱེད་རྣམས་སེམས་ཁུར་བསྐྱེད་ནས་སྔར་ལས་ལྷག་གནང་ཐུབ་པའི་རེ་སྨོན་ཡོད།།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 10 སྔོན།

    བོད་རྒྱའི་དཀའ་སྙོགས་དེ་མ་གསེལ་ནས་བཙན་བྱོལ་གཞིས་ཆགས་ནང་
    རྩོད་གླེང་མེད་ས་ཞིག་ལ་གང་གི་དོན་དུ་ཟབ་སྦྱོངས་གནང་གི་ཡོད་དམ་?
    རྩོད་སྙོགས་འདུམ་སྒྲིགས་པའི་ངོས་ནས་བོད་རྒྱའི་རྩོད་སྙོགས་གསེལ་ཐུབ་པའི་འགན་འཁུར་བཞེས་ཐུབ་ཚེ་མིང་དོན་མཚུངས་པའི་བོད་ཀྱི་རྩོད་སྙོགས་འདུམ་སྒྲིགས་ངོ་མ་ཆགས་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་།

    Reply
    • Tenzin Norbu says:
      ལོ་ 10 སྔོན།

      ད་བར་གཟབ་སྦྱོངས་སྤྲད་ནས་་གཞིས་ཆགས་གང་སར་ཕན་ཐོགས་བྱུང་ཡོད་པ་ནི་་་གཞིས་ཆགས་སམ་ས་གནས་བསྐྱར་དུ་གཟབ་སྦྱོང་དགོས་པའི་རེ་སྐུལ་ཡང་གནང་ཡོད་རེད།།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese