མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་དཀར་གླེན་པ་འདི་ཚོས་ཅིའི་ཕྱིར་ཌོ་ནལ་ཊི་རུམ་ཕི་ལ་འོས་བསྡུར་རྒྱལ་ཁ་འཐོབ་བཅུག་པ་རེད།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་བསམ་འགྲུབ་ཀྱིས་རྒྱ་ཡིག་ལས་བསྒྱུར།

【ནང་དོན་གནད་བསྡུས།】ཊི་རུམ་ཕི་ཡི་འོས་འགྲན་གྱི་བརྒྱུད་རིམ་ལ་ཕྱིར་བལྟས་བྱས་ན། ལས་སླ་པོས་ཤེས་ཐུབ་པ་ནི། ཁོས་ཐོག་མཐའ་བར་གསུམ་དུ་དམངས་གཙོ་ཚོགས་པ་གནད་འགག་ཆེ་ཤོས་ལ་བཟུང་ཡོད། དེ་ནི་སྤྱི་ཚོགས་ཁྲོད་དུ་དམངས་གཙོ་ཚོགས་པའི་དབང་ཤུགས་རིམ་པར་ཨ་རིའི་དམའ་རིམ་མང་ཚོགས་དང་ཁ་ཐག་རིང་དུ་གྱུར་ཡོད་པས་ཡིན།
0

ཊི་རུམ་ཕི་འོས་འགྲན་སྐབས་འདུ་འཛོམས་ཐོག་གཏམ་བཤད་བྱེད་བཞིན་པ།

ཊི་རུམ་ཕི་ལ་བསམ་ཡུལ་ལས་འདས་པའི་རྒྱལ་ཁ་ཐོབ་སྟེ། ཨ་རིའི་སྲིད་འཛིན་ ༤༥ པར་གྱུར་ཡོད་ཅིང་། ཁོས་ལོ་རྗེས་མའི་ཟླ་བ་དང་པོའི་ནང་དངོས་སུ་འགན་བཞེས་རྒྱུ་རེད།

ཊི་རུམ་ཕི་སུ་རེད། བརྒྱུད་ལམ་ཞིག་ཏུ་འདི་ལྟར་འཁོད་དོན། “ལོ་གཅིག་གི་སྔོན་ལ། ཁོ་ལ་རྒྱལ་ཁ་འཐོབ་པར་སུས་ཀྱང་ཡིད་ཆེས་བྱས་མེད། ལོ་གཉིས་ཀྱི་སྔོན་ལ། འཛམ་གླིང་གི་མི་མང་ཆེ་བས་ཁོའི་མིང་ཡང་གོ་མྱོང་མེད། དེ་ལས་ལྡོག་སྟེ་ཁོའི་འགྲན་ཟླ་ཧེ་ལ་རེ་ནི། མི་མང་གི་ཚོད་ལྟའི་འོས་བསྡུ་དག་གི་ཁྲོད་དུ་ཧ་ལམ་ལོ་ཧྲིལ་བོར་རྒྱལ་ཁ་ཐོབ་ཡོད་ཅིང་། ཁོང་མོར་སྐད་གྲགས་ཆགས་ཏེ་ལོ་སུམ་ཅུ་ལྷག་ཕྱིན་ཡོད།”

“ས་ཁང་ཚོང་གཉེར་བ་ཊི་རུམ་ཕི་ཡི་སྔོན་དུ། ཨ་རིར་ཐོད་བརྒལ་རང་བཞིན་ཅན་གྱི་སྲིད་འཛིན་གསུམ་བྱུང་ཡོད། དེ་དག་ནི་ཨ་སེན་ཧོ་ཝེར་(David Dwight Eisenhower) དང་། གྷི་རན་ཊི།(Ulysses S. Grant) ཧོའོ་ཝར།(John Edgar Hoover)བཅས་རེད། ཡིན་ཡང་མི་འདི་གསུམ་སྲིད་འཛིན་དུ་མ་བསྡད་སྔོན་ལ་གལ་ཆེའི་གོ་གནས་བཟུང་མྱོང་། སྤྱི་ཁྱབ་དམག་སྤྱི་བྱས་མྱོང་མེད་ཀྱང་ནང་སྲིད་ལྷན་ཁང་གི་བློན་ཆེན་གནང་མྱོང་ཡོད། ཊི་རུམ་ཕི་ལྟར་ཐ་ན་སྡེ་དཔོན་ཙམ་ཡང་བྱས་མྱོང་མེད་པར་ཐད་ཀར་ཨ་རིའི་སྲིད་འཛིན་ཆགས་པ་འདི་ཏན་ཏན་ཨ་རིའི་ལོ་རྒྱུས་ཐོག་བྱུང་མྱོང་མེད།”

སྲིད་དོན་ཉམས་མྱོང་རྩ་བ་ནས་མེད་པའི་ས་ཁང་ཚོང་བདག་ཊི་རུམ་ཕི་ཡིས། བློ་ཡུལ་ལས་འདས་པར་སྲིད་དོན་ལ་བྱང་ཆུབ་པའི་ཧེ་ལ་རེ་ཇི་ལྟར་ཕམ་པར་བརྒྱབ་པ་ཡིན་ནམ།

དང་པོ། ཊི་རུམ་ཕི་ཡིས་མདུན་སྐྱོད་དང་གསར་བརྗེའི་ལངས་ཕྱོགས་ཀྱིས་ཨ་རི་བ་ཧ་ཅང་མང་པོ་ཞིག་གི་སེམས་ནང་གི་སྡུག་ཡུས་ཆུང་ཙག་རིགས་ངོམས་པར་བྱས་པ།

ཊི་རུམ་ཕི་ཡི་ལམ་ལྷོང་ནི། གཅིག་ནས་འོས་འགྲན་འཐབ་རྩོད་ཀྱི་ལམ་ལྷོང་རེད།

ཉམས་ཞིབ་གྲུབ་འབྲས་ལྟར་ན། འོས་འཕེན་མཁན་ཚོས་རང་ཉིད་རྒྱུ་མཚན་གྱི་རྗེས་སུ་འབྲང་པར་སྙམ་ཡང་། གནས་ཚུལ་ཁ་ཤས་འོག་གདམ་ག་གཞན་ཡང་བཟོ་སྲིད་པ་ཡིན།

དཔེར་ན། ཊོ་རོན་ཊོ་སློབ་ཆེན་(Toronto university)གྱི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་ཇོལ་ཨིན་བྷ་(Joel Inba)ཡིས་དེ་སྔོན་ཞིབ་འཇུག་ཅིག་གནང་ཡོད། དེས་ང་ཚོའི་སེམས་སུ་སུན་སྣང་སློང་བའི་འབྱུང་ཁུངས་དག་འཚོལ་ཐུབ། ཁོས་དེ་སྔོན་ཉམས་ཞིབ་ཚོགས་པ་ཞིག་ལ་མིའི་སུན་སྣང་གི་ཤུགས་ཚད་ལ་ཚོད་ལྟ་ཞིག་བྱས་ཡོད་པ་དང་། ཁོ་ཚོར་རང་གིས་བྱ་དངོས་ལ་འཛིན་པའི་སུན་སྣང་གི་ཤུགས་ཚད་མཐོ་དམན་བཞིན་སྐར་གྲངས་རིམ་པར་བསྒྲིག་དགོས་པའི་ལམ་སྟོན་བྱས་ཡོད་པ་དང་། དེ་དག་གི་དོན་ཚན་དུ་འཁོད་པ་ནི། “ཕོ་བའི་རེངས་ཁུམ་གྱི་ན་ཚ།” “ཁྱོད་ཀྱིས་རང་གི་གྲོགས་པོ་ཞིག་གིས་གཟའ་འཁོར་རེར་གཞི་ནས་གསང་དོར་ཐེངས་རེར་བརྗེ་བོ་རྒྱག་གི་ཡོད་པ་ཤེས་རྟོགས་བྱུང་སྐབས།” སོགས་ཡིན་པ་མ་ཟད། ཉམས་ཞིབ་ཚོགས་པ་དེར་རྗེས་སུའང་ཁོ་ཚོའི་ཆབ་སྲིད་བསམ་བློ་ལ་དྲི་བ་བཀོད་ཡོད།

ཉམས་ཞིབ་འབྲས་བུར་གསལ་བ་ནི། མི་ཚོས་སོ་སོར་ན་ཚ་ཕོག་ཡོད་པར་སྙམ་དུས། ཁོ་ཚོས་རིགས་རྒྱུད་མི་གཅིག་པར་དམིགས་བསལ་གྱིས་སེམས་འཛིན་བྱེད་ཀྱིན་ཡོད། ཁོ་ཚོའི་གོམས་གཤིས་སུ་འདི་འདྲ་དང་མདོག་དབྱིབས་མི་གཅིག་པའི་མི་ཚོགས་ལ་དགའ་པོ་མེད། དེ་བཞིན། ཉིས་སྟོང་བཅུ་བཞི་ལོར་ཨ་རིའི་ཉམས་ཞིབ་ཅིག་གིས་ཤེས་རྟོགས་བྱུང་བར། རང་ཉིད་ཀྱི་ལུས་ཁམས་མི་བདེ་བར་ཚོར་བའི་འོས་འཕེན་མཁན་པ་དེ་ཚོས། དེ་བས་ཀྱང་ཕྱི་ཚུལ་ལ་འགུག་ཤུགས་ཆེ་བའི་འོས་མིར་འདེམས་ཤོག་སྤྲོད་སྲིད་ཅིང་། གཟུགས་གཞི་སྐྱོ་བའི་འོས་མིར་སུན་སྣང་སྐྱེ་བ་ཡིན།

0 (1)

ཊི་རུམ་ཕི་ཡི་རྒྱབ་སྐྱོར་བ།

དེར་བརྟེན། ལམ་ལྷོང་ཅན་གྱི་འོས་འགྲན་པ་ཁ་ཤས་ཀྱིས། རྟག་པར་འདི་འདྲའི་སེམས་ཁམས་ཅན་ལ་བློ་འགུག་དང་ནུས་པ་གང་ཐུབ་འདོན་ཞིང་། འོས་འཕེན་མཁན་མང་པོའི་ནང་སེམས་ཀྱི་སྡུག་ཡུས་ཆུང་ཙག་རྣམས་ཚིམ་པར་བྱས་ཏེ། དེ་འཕྲོར་འོས་ཤོག་དེ་ལས་མང་བ་ཐོབ་ཀྱི་ཡོད། ལྷག་པར་དུ་ཌོ་ནལ་ཊི་རུམ་ཕི་ནི་འདི་ཉིད་བཀོལ་སྤྱོད་བྱེད་པར་བྱང་ཆུབ་ཡོད།

དཔེ་མཚོན་ཞིག་བགྲང་ན། ཨ་རིའི་རྒྱལ་དམངས་མི་ཉུང་བ་ཞིག་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་མེ་སི་ཁོ་(Mexico)ཡི་མི་མང་པོ་ཨ་རིར་གནས་སྤོ་བྱེད་བཞིན་པའི་ཁྲིམས་འགལ་དེ་དག་ལ་མི་དགའ་ཞིང་། འོས་འགྲན་གཏམ་བཤད་ཁྲོད་དུ་ཊི་རུམ་ཕི་ཡིས་ཀྱང་མེ་སི་ཁོ་ཡིས་ཨ་རིར་ “ཕྱི་གཏོང་ནག་ཉེས།” དང་། མེ་སི་ཁོ་ནས་ཡོང་བའི་གནས་སྤོ་བ་ཡིན་ཟེར་མཁན་“མང་ཆེ་བ་སྨྱོས་རྫས་དང་བཙན་གཡེམ་གྱི་ནག་ཉེས་བཟོ་མཁན་”རེད། ད་དུང་མེ་སི་ཁོ་ལ་འགྲོ་སོང་གཏོང་བཅུག་སྟེ། རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་བར་གྱང་བརྩིག་ཏུ་འཇུག་དགོས་པ་དང་། ཁྲིམས་འགལ་གནས་སྤོ་བ་དང་འཇིགས་སྐུལ་པ་ཨ་རིར་སིམ་འཛུལ་བྱེད་པར་བཀག་འགོག་བྱེད་དགོས་སྐོར་སོགས་བཤད་ཡོད། འདི་འདྲའི་གཏམ་སྤྱོད་དག་ནི། ཨ་རིའི་མ་ལུས་ཀུན་འདུས་ཀྱི་རིག་གནས་དང་རྩ་བ་ནས་འཚམས་པོ་མེད་ནའང་ཁྲིམས་འགལ་ཐོག་ནས་གནས་སྤོ་བྱེད་བཞིན་པར་འདོད་པ་མེད་པའི་རྣམ་འགྱུར་འཛིན་མཁན་ཨ་རིའི་མི་མང་འབོར་ཆེན་ཞིག་གི་ཡིད་ཚིམ་ཡོད།

དཔེ་མཚོན་གཞན་ཞིག་ནི། ཊི་རུམ་ཕི་ཡིས་རྒྱབ་སྐྱོར་བ་ཚོར་སྤེལ་བའི་གསལ་བསྒྲགས་ཤིག་ཏུ། “ཁ་ཆེ་བ་ཧ་ཅང་མང་པོ་ཞིག་གིས་ཨ་རིར་འཁོན་སེམས་འཆང་ཡོད་སྟབས། ང་ཚོའི་འཐུས་མིས་གནས་ཚུལ་གསལ་པོ་བཟོ་མ་ཐུབ་བར་དུ། ངེས་པར་དུ་ཕྱོགས་ཡོངས་ནས་ཁ་ཆེ་བ་ཨ་རིར་འཛུལ་བ་རྩ་འགོག་བྱེད་དགོས།” གཞན་ཡང་། ཊི་རུམ་ཕི་འོས་བསྡུ་ཚོགས་པའི་འགན་འཛིན་ཁེ་ལིས་ཡཱེལ་གྱིས་ཀྱང་སིས་ཨན་ཨན་གསར་ཁང་(CNN)ལ། “ཁ་ཆེ་བ་ཨ་རིར་འཛུལ་བར་མཐའ་གཅིག་ཏུ་བཀག་སྡོམ་བྱེད་དགོས་པ་མ་ཟད། དེ་ནི་གནས་སྤོ་ཁ་ཆེ་བ་ཙམ་མིན་པར་ཨ་རིར་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་ཁ་ཆེ་རྣམས་ཀྱང་ཚུད་ཡོད། ཨ་རིའི་མི་མང་པོ་ཞིག་གིས་འཇིགས་སྐུལ་བ་སོ་སོའི་ཉེ་འཁྲིས་སུ་ཡོད་པར་སེམས་ཁྲལ་བྱེད་བཞིན་ཡོད་པ་མ་ཟད། འོན་ཀྱང་ཁ་ཆེའི་ལྟ་ཚུལ་ལ་ངོ་རྒོལ་བྱེད་པར་སྟབས་བདེ་པོ་མེད། ཊི་རུམ་ཕི་ཡིས་ཨ་རི་བའི་སེམས་ནང་གི་སྐད་ཆ་བཤད་རོགས་བྱས་ཡོད་སྟབས། རང་བཞིན་གྱིས་རྒྱབ་སྐྱོར་ཀྱང་ཐོབ་ཀྱི་ཡོད་པ་རེད།”

སྤྱིར་བཏང་གཏམ་བཤད་འདི་དག་ལ་སྙིང་པོ་དེ་ཙམ་མེད་པ་དང་། ཁ་ཤས་ནི་གཞི་རྩའི་རྒྱུན་ཤེས་དང་སྤྱིར་བཏང་གི་ལྟ་ཚུལ་ཙམ་རེད། དེ་ལ་བརྟེན་ནས་རྩོད་གཞི་ཡང་སྣ་ཚོགས་བྱུང་བ་རེད། ཡིན་ཡང་ཊི་རུམ་ཕི་ཡིས་ “མདུན་སྐྱོད་” དང་ “གསར་བརྗེ་” ཡི་རྣམ་འགྱུར་གྱི་བར་ནས། ཏན་ཏན་གྲུབ་འབྲས་ལྡན་པ་ཞིག་བྱུང་བ་ནི། ཨ་རིའི་མང་ཚོགས་ཀྱི་སེམས་ནང་གི་དཀའ་ངལ་མང་པོར་སྣེ་ཁྲིད་དེ། ཁོ་རང་ཚོའི་ཕྱིའི་ལུས་ངག་ཏུ་འཐོན་མི་རུང་བའི་ནང་སེམས་ཀྱི་སྡུག་ཡུས་མང་དག་ཅིག་ཡིད་ཚིམ་པར་བྱས་ཡོད་ཅིང་། ཨ་རིའི་མི་མང་ལ་སྔར་གྱི་སྲིད་འཛིན་འོས་མི་དག་དང་རྩ་བ་ནས་མི་འདྲ་བའི་སྣང་བརྙན་ཞིག་བསྐྲུན་ཡོད། དེར་བརྟེན། རྩོད་གླེང་ཡོད་བཞིན་དུ་ཊི་རུམ་ཕི་ཨ་རིའི་སྲིད་འཛིན་འོས་མིར་ཞུགས་པ་ནས་ཁ་ལས་རླུང་རྟ་དགུང་དུ་དར་ཡོད།

གཉིས་པ། “ཐོད་རྒལ་གྱི་སྲིད་འཛིན་འོས་མི་” ཡི་ཐོབ་ཐང་གིས་ཁྱིམ་རྒྱུད་ཆབ་སྲིད་བཅིང་གྲོལ་བཏང་ཞིང་ཕྱོགས་གཅིག་ནས་གཉིད་དུ་ཡུར་བའི་ཨ་རིའི་རྒྱལ་ཁབ་སད་དུ་བཅུག་ཡོད།

རྒྱུན་ཤེས་སྟེང་ནས་བཤད་ནའང་ཧེ་ལ་རེ་དང་བསྡུར་ན། ཊི་རུམ་ཕི་ནི་གཏན་ནས་ཚད་ལོན་མེད་པའི་སྲིད་འཛིན་འོས་མི་ཞིག་རེད། སྲིད་དོན་བསྒྲུབས་པའི་ལོ་རྒྱུས་མེད་པ་དང་། སྤྱི་ཚོགས་ནང་ཁོ་ལ་ལབ་གླེང་དང་མི་ཁས་སྦགས་ཤིང་། མ་གཞི་ནས་ཁོ་རང་ཁ་འབེལ་པོ་ཅན་ཞིག་རེད། ཁོས་བརྙན་འཕྲིན་ལས་རིམ་ཞིག་བསྒྲུབས་པའི་རྩོད་གླེང་ཁྲོད། ཨ་རིའི་སྲིད་དོན་པར་ངན་སྨྲས་སྐྱོན་བརྗོད་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྔ་མ་ཇཱོན་མེ་ཁེན་(John McCain) ཝེ་ཐི་ནམ་གྱི་དོན་རྐྱེན་སྐབས་ཀྱི་འཇུ་བཟུང་ལ་ཟུར་ཟ། འཛེམ་བག་མེད་པར་འགྲན་རྩོད་ཁ་གཏད་བ་ཞིག་ག་སྒེར་གྱི་ལག་འཕྲིན་ཨང་གྲངས་སྤྱི་བསྒྲགས་སོགས་བྱས་ཡོད། ཐ་ན་ཨ་རིའི་སྲིད་འཛིན་ལས་ཐོག་པ་ཨོ་བྷ་མས་ཀྱང་ཊི་རུམ་ཕི་རྩ་བ་ནས་ཨ་རིའི་སྲིད་འཛིན་གསར་པ་དེར་མི་འགྱུར་ཅེས་བཤད་ཡོད།

དེར་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་ཚང་མས། ལོ་ངོ་བརྒྱད་སྔ་རོལ་གྱི་འོས་འགྲན་ཕམ་ཉེས་དང་བསྡུར་ན། དེ་རིང་གི་ཧེ་ལ་རེ་ལ་ཆ་རྐྱེན་ཆེན་པ་བཞི་ཚང་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། དཔེར་ན། སྲིད་གཞུང་ནང་ཁུལ་དུ་རྒྱབ་སྐྱོར་ཚད་མཐོ་ཞིང་ཨོ་བྷ་མས་ཀྱང་ཁོང་ནི་རང་གི་རྒྱུད་འཛིན་པ་ཞིག་ཡིན་པར་མཐའ་གཅིག་ཏུ་ངོས་འཛིན་བྱས་ཡོད། འོས་འགྲན་མ་དངུལ་འཐུས་ཚང་གྲ་སྒྲིག་བྱས་ཏེ་སྔ་ཕྱིར་བསྡོམས་པའི་ཨ་སྒོར་དུང་ཕྱུར་ ༢༥ ཙམ་ཡིན་པ་དང་། འོས་བསྡུའི་ཁྱབ་བསྒྲགས་ལས་རིམ་ཚོགས་ཆུང་སྟོབས་ཆེ་བ། གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཆེད་མཁས་པའི་འབྲེལ་ལམ་ཟབ་པ། དཔེ་མཚོན་གཞན་ཞིག་ནི། འོས་འཕེན་མཁན་གྱི་ནུས་པ་བཟང་བ་དང་ན་གཞོན་དང་བུད་མེད་འགུག་ཤུགས་ཆེ་བ་བཅས་ཀྱི་ཆ་རྐྱེན་ཚང་ཡོད་སྟབས། ཊི་རུམ་ཕི་དང་བསྡུར་ན་ཧེ་ལ་རེ་ནི་སྔོན་ཚུད་ནས་རྒྱལ་ཁ་ཐོབ་པར་གདེང་ཚོད་དང་རེ་བས་ཁེངས་ཡོད།

0 (2)

ཊི་རུམ་ཕི་ཡི་འོས་འགྲན་འདུ་ཚོགས་ལ་བལྟས་པ་ཙམ་གྱིས་མི་དཀར་ཀྱི་རྣམ་པས་ཁེངས་ཡོད།

ཡིན་ཡང་། བརྟག་དཔྱད་པས་སྣང་མེད་དུ་འཇོག་པ་ནི། ཊི་རུམ་ཕི་དང་ཧེ་ལ་རེ་སུ་ཡིན་རུང་། ཁོ་ཚོས་ཁ་གཏད་ཡུལ་ཐམས་ཅད་ད་ལྟ་ལོ་ངོ་བརྒྱད་ཀྱི་སྔ་རོལ་དང་རྩ་བ་ནས་མི་འདྲ་བའི་ཨ་རིའི་རྒྱལ་ཁབ་ཅིག་ཆགས་ཡོད།

ཨ་རིའི་དུས་དེབ་<<Forbes>> ༢༠༡༥ ལོའི་ལོ་མཇུག་ཏུ་འགྲེམ་སྤེལ་བྱས་པའི་ཞིབ་འཇུག་གྲུབ་དོན་ཞིག་གཞིར་བཟུང་བྱས་ན། ༢༠༡༥ ལོའི་ Forbes ཨ་རིའི་ཕྱུག་བདག་རེའུ་མིག་སྟེང་གི་མདུན་གྲལ་གྱི་མིང་ཐོའི་ནང་གི་མི་སྣ་བཞི་བརྒྱ་ཡོད་པ་དེ་དག་གི་རྒྱུ་ནོར་དེ། ཨ་རིའི་རིམ་པ་དམའ་བ་དང་འབྲིང་བའི་མི་མང་ཡོངས་ཀྱི་རྒྱུ་ནོར་ཡོད་ཚད་ལས་ཀྱང་མང་བ་མ་ཟད། རིགས་རྒྱུད་མི་འདྲ་བའི་ཨ་རི་བ་རྣམས་ཀྱི་བར་དུ་དཔལ་འབྱོར་ཡོང་འབབ་ཁ་འཐོར་དུ་འགྲོ་བཞིན་ཡོད། ན་ནིང་ཨ་རིའི་མི་རིགས་དཀར་པོའི་རྒྱུ་ནོར་ནི་ཕལ་ཆེར་ཨ་ཧྥི་རི་ཁའི་མི་རྒྱུད་ཀྱི་རྒྱུ་ནོར་ལས་ལྡབ་ ༢༢ ཡིན་པ་དང་། ཧེ་སི་ཕི་ནི་(Hispanic)ཡི་རྒྱུ་ནོར་གྱི་ལྡབ་ ༡༥ ཆགས་ཡོད།

ཨ་རིའི་དཔལ་འབྱོར་གྱི་འགལ་ཟླའི་ཉམ་ཉེས་དང་རྒྱལ་ནང་གི་དབུལ་ཕྱུག་བར་ཁྱད་སོགས་ལ་གཡོལ་ཐབས་མེད་པར་གྱུར་བའི་ཆབ་སྲིད་ནང་འགལ་ཛ་དྲག་དང་། དེ་མིན་སྤྱི་ཚོགས་རིག་གནས་ཀྱི་གས་ཆག་བཅས་ཀྱིས་ད་ལྟའི་བར་གྱི་ཨ་རིའི་ཁྱིམ་རྒྱུད་ཆབ་སྲིད་འཛིན་སྐྱོང་ལ་ཨ་རིའི་མི་མང་ཉིན་རེ་བཞིན་མི་དགའ་བར་འགྱུར་བཞིན་ཡོད། ཁོ་ཚོའི་མིག་མདུན་དུ། ཁྱིམ་རྒྱུད་ཆབ་སྲིད་དེས་སྒེར་སྡོམ་དབང་ཤུགས་ཀྱི་ཛ་དྲག་སློང་རྐྱེན་ཙམ་ལས། ཁོ་ཚོ་བསྐྱར་དུ་ཨ་རིའི་རྨི་ལམ་མངོན་འགྱུར་བྱེད་པར་ཁྲིད་མི་སྲིད། དེར་བརྟེན། སྔ་མའི་སྲིད་འཛིན་ཁི་ལིན་ཏོན་(Clinton)གྱི་ལྕམ་ཧེ་ལ་རེར་ཆ་བཞག་ན། ཕམ་ཉེས་བྱུང་བ་ནི་རང་བྱུང་གི་གནས་བབ་ལེགས་པོ་ཞིག་ཡིན།

ཊི་རུམ་ཕི་ཡི་མངོན་སྟངས་མི་འདྲ་བ་གཞན་ཞིག་ནི། ཏན་ཏན་ཁ་སྦུག་དོག་པོ་ཡིན་པའི་ཨ་རའི་རྒྱལ་དམངས་མང་ཆེ་བ་གཉིད་ལས་དཀྲོག་ཏེ། རྣམ་པ་མི་འདྲ་བ་འབྱུང་སྲིད་པའི་གནས་ཚུལ་རྣམས་ཁོ་ཚོར་གསལ་སྟོན་བྱས་ཡོད། ཊི་རུམ་ཕི་ཡི་འོས་འགྲན་གཏམ་བཤད་ནི་ “ཆབ་སྲིད་ཡང་དག་” ཅིག་མིན་ནའང་། མཐའ་གཅིག་ཏུ་ཨ་རིའི་མི་མང་ངར་ཤུགས་སློང་ཞིང་། སྐད་ཅོར་རྒྱག་པར་དམིགས་ཏེ་ཨ་རིའི་རྒྱལ་དམངས་དཀྱུས་མའི་ཁེ་ཕན་ལ་སེམས་འཁུར་བྱས་ཡོད། ཕོན་ཆེ་བའི་ཨ་རི་བར་ཆ་བཞག་ན། ཁོ་ཚོའི་ཡིད་ཆེས་ནི། ཧེ་ལ་རེ་དང་བསྡུར་ན། སྲིད་དོན་གྱི་ཉམས་མྱོང་རྩ་བ་ནས་མེད་པའི་ཊི་རུམ་ཕི་ཡིས་སྒེར་གྱི་ཁེ་ཕན་དེ་ལས་ལྷག་པར་འདོན་ཐུབ་ཅིང་། གྲངས་མང་བའི་ཨ་རི་བའི་ཁེ་ཕན་རྒྱལ་ཁབ་ཀྱི་ཐབས་ཇུས་དང་མཐུན་པར་བཟོ་ཐུབ་པ། ཁོ་ཚོས་གནད་འགག་འདི་དག་ཡང་དག་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་སྟབས། ཊི་རུམ་ཕི་ལུས་སྟེང་དུ་ཡོད་པའི་བློ་ཡུལ་ལས་འདས་པའི་སྐྱོན་ཆ་ “སྣ་ཚོགས་” ཀྱང་དེ་ཙམ་གལ་ཆེན་མིན།

སྒྲིག་སྲོལ་ཕྱི་རོལ་གྱི་ཊི་རུམ་ཕི་ཡིས། ལམ་ལྷོང་ལྡན་པའི་ཐོག་ནས་ཨ་རིའི་མང་ཚོགས་ཀྱི་སྒྲིག་སྲོལ་ལ་མི་རངས་བའི་རྣམ་འགྱུར་དག་སད་དུ་བཅུག་པ་དང་། རང་ཉིད་ལ་དེ་ལས་མང་བའི་བསྒྲུབ་ཐུབ་ཚོད་ཅིག་སྤྲད་དེ། རང་བཞིན་གྱིས་ཁོ་རང་འོས་འགྲན་ལམ་ལྷོང་དང་བར་ཐག་ཇེ་ཉེར་བཏང་ཡོད།

གསུམ། ཨ་རིའི་རྨི་ལམ་ཡོད་པའི་རིམ་པ་དམའ་འབྲིང་གི་རྒྱལ་དམངས་མང་ཆེ་བར་བསྟུན་ཐབས་བྱས་ཡོད། འདི་ནི་མི་སེར་གྱི་རྒྱལ་ཁ་ཐེངས་གཅིག་ཡིན།

དོ་སི་པ་(白屌丝)ཐོབ་པ་ནི་གནམ་འོག་ཐོབ་པ་ཡིན་ཞིང་། ཁྱད་པར་དུ་སྲིད་འཛིན་འདེམ་བསྐོའི་ཁྲོད་དུ་གལ་ཆེ་ཤོས་མང་ཚོགས་རིམ་པ་དམའ་བ་དང་འབྲིང་བའི་རྒྱབ་སྐྱོར་འཐོབ་དགོས་པ་མ་ཟད། ཊི་རུམ་ཕི་ཆེས་མཐའ་མའི་རྒྱལ་ཁ་ཐོབ་པའི་རྐྱེན་རྩ་གཅིག་ཀྱང་འདི་རེད།

ད་ལྟ་ཊི་རུམ་ཕི་ཡི་འོས་འགྲན་བརྒྱུད་རིམ་ལ་ཕྱིར་མིག་ཅིག་བལྟས་ན། ལས་སླ་པོས་རྟོགས་ཐུབ་པ་ནི་ཁོས་ཐོག་མཐའ་བར་གསུམ་དུ་དམངས་གཙོ་ཚོགས་པའི་འགག་རྩ་ཆེ་ཤོས་དེ་བཟུང་ཡོད། དེ་ནི་སྤྱི་ཚོགས་ཁྲོད་དུ་དམངས་གཙོ་ཚོགས་པའི་དབང་ཤུགས་རིམ་པ་ཨ་རིའི་དམའ་རིམ་མང་ཚོགས་དང་བར་ཐག་རིང་དུ་ཕྱིན་ཡོད། སྣང་ཚུལ་ཙམ་ལ་ཊི་རུམ་ཕི་ཡིས་བརྙན་འཕྲིན་དུ་རྩོད་གླེང་ངམ་འོས་འགྲན་གཏམ་བཤད་ཀྱི་འབྲེལ་ཡོད་ནང་དོན་ལ་དོགས་འདྲི་དང་འབྲེལ་ཡོད་ཀྱི་རྩོད་གླེང་བྱུང་ནའང་། དེ་ཚོ་ཚང་མ་ནི་ཨ་རིའི་རིམ་པ་དམའ་བ་དང་འབྲིང་བའི་ཡོངས་ཁྱབ་སེམས་ཁུར་གྱི་བརྗོད་གཞི་ཡིན་པ་མ་ཟད། ཊི་རུམ་ཕི་ཡིས་འགྲོས་དོན་རྐྱང་པས་ཐག་ཆོད་བྱེད་ཐབས་དེ་ཚོ་བཏོན་པའམ་ཐབས་ལམ་མཐོང་ཐུབ་པ་ཡིན། རིམ་པ་དམའ་འབྲིང་གི་ཉིན་རྒྱུན་འཚོ་བའི་སྐོར་ལ་སེམས་ཁུར་བྱས་སྟབས། ཨ་རིའི་རྨི་ལམ་ནང་དུ་ཡོད་བཞིན་པའི་དངོས་ཡོད་ཀྱི་རེ་བ་དང་བར་སྟོང་བཅས་བྱིན་ཡོད། ཊི་རུམ་ཕིས་གནད་འདིས་ཨ་རི་བ་དཀྱུས་མར་འགུག་ཤུགས་སྤྲད་དེ། ཧེ་ལ་རེ་ཡི་ཆབ་སྲིད་བཞེད་དགོངས་ཀྱི་ཉིང་བཅུད་རིང་དུ་དབྱུང་ཡོད།

0 (3)

ཊི་རུམ་ཕི་ཡི་བུད་མེད་ལབ་གླེང་སྐོར་ལ་རྩོད་གླེང་མང་པོ་རྒྱག་དགོས་བྱུང་ཡོད་ཀྱང་། སྔར་བཞིན་བུད་མེད་མི་ཉུང་བའི་རྒྱབ་སྐྱོར་ཀྱང་ཐོབ་ཡོད།

མ་ཟད་ཊི་རུམ་ཕི་མ་གཞི་ནས་ལེགས་གྲུབ་ཅན་གྱི་ཚོང་པ་སྟེ། སྒོར་མོ་དུང་ཕྱུར་མང་པོའི་ཕྱུག་བདག་རེད། གཞན་ཡང་སྟོབས་ཤུགས་ཆེ་བའི་ཚོང་ལས་དེ་དག་རྒྱལ་ཁབ་བདག་གཉེར་ཐོག་ནུས་པ་ཡོད་པ་ཞིག་རེད། ཨ་རིའི་རིམ་པ་དམའ་བ་དང་འབྲིང་བའི་རྒྱལ་དམངས་ཚོས་རང་བཞིན་གྱིས་འདི་ལྟར་སྙམ་སྟེ། མི་སྒེར་ལ་དཔལ་འབྱོར་བརྩོན་ལེན་གྱི་གནད་དོན་མེད་པའི་རྐྱེན་གྱིས་ཊི་རུམ་ཕི་ཡིས་ལུས་སྟོབས་དང་། སེམས་ཤུགས་ཡོད་ཚད་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དོ་དམ་སྟེང་བཀོལ་ངེས་ཡིན་པ་མ་ཟད། ཁོ་རང་ཚོང་ལས་སྟེང་ནས་ལམ་ལྷོང་ཆེན་པོ་བྱུང་བ་དེས་ཊི་རུམ་ཕི་ལ་འདི་ལྟ་བུའི་འཛིན་སྐྱོང་ལས་བརྒལ་བའི་ནུས་ཤུགས་འཛོམས་ཡོད་པ་བདེན་དཔང་བྱས་ཡོད།

དེ་བཞིན། དབྱེ་ཞིབ་མི་སྣས་བསྟན་དོན་ཐམས་ཅད། འོས་འགྲན་བརྒྱུད་རིམ་ཁྲོད་དུ་ཊི་རུམ་ཕི་ཡི་ཁྱིམ་ཚང་གིས་ཀྱང་སྐར་གྲངས་མི་ཉུང་བ་ཞིག་བསྣན་ཡོད་པ་དང་། ལྷག་པར་དུ་བུ་མོ་ཨ་ཝན་ཁ་(Ivanka)ཡི་ཉམས་འགྱུར་གྱིས་སྤྱི་ཚོགས་འབྲེལ་ལམ་སྟེགས་བུར་ཡོངས་ཁྱབ་ཀྱི་ལྟ་རུབ་རྒྱག་པ་དང་བསྟོད་བསྔགས་བྱས་ཡོད། ཕོན་ཆེ་བའི་ཨ་རིའི་རིམ་པ་དམའ་འབྲིང་གི་རྒྱལ་དམངས་ངོས་ནས་བཤད་ན། ཁྱིམ་ཚང་གི་སྤྲོ་སྣང་དང་ལམ་ལྷོང་ཡང་སྲིད་འཛིན་འོས་མིར་ཚང་དགོས་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་ཞིང་། ཊི་རུམ་ཕི་ཡི་ཁྱིམ་ཚང་ཁྱེར་ནས་ཧེ་ལ་རེ་ཡི་ཁྱིམ་ཚང་དང་བསྡུར་ན། ཧེ་ལ་རེའི་སྐུ་ཟླ་ཁི་ལིན་ཏོན་གྱི་དེ་སྔའི་ཁྱིམ་ཚང་གསར་འགྱུར་མི་ལེགས་པ་དེ་དག་དང་། གཞན་ཡང་འོས་འགྲན་རྒྱུད་རིམ་ཁྲོད་དུ་ཁྱིམ་ཚང་དང་འོས་འཕེན་མཁན་བར་ལྟོས་ས་ལྟོས་འཇོག་གིས་མི་འདང་པ། གཡོལ་ཐབས་མེད་པར་ཁྱིམ་ཚང་གི་གནས་ཚུལ་ཆེ་མ་ཆུང་གསུམ་མང་པོ་ཞིག་གི་ཐད་དུ་ཧེ་ལ་རེ་སྒེར་གྱི་སྣང་བརྙན་སྐར་གྲངས་མར་བཅག་ཡོད།

ངོས་མི་འདྲ་བ་ནས་ཊི་རུམ་ཕི་ཡིས་ཀྱང་གཟུགས་ལྡན་ནམ་གཟུགས་མེད་ཀྱིས་ཨ་རིའི་རྨི་ལམ་ཡོད་པའི་རིམ་པ་དམའ་བ་དང་འབྲིང་བའི་རྒྱལ་དམངས་མང་ཆེ་བར་བསྟུན་མཁས་བྱས་ཡོད། འདིས་ཁོ་རང་ཆེས་མཐའ་མཇུག་ཏུ་བསམ་ཡུལ་ལས་འདས་པའི་རྒྱལ་ཁ་ཐོབ་བཅུག་ཡོད། རྩ་བའི་ཆ་ནས་འདི་ནི་མི་སེར་གྱི་རྒྱལ་ཁ་ཐེངས་གཅིག་རེད།

མཇུག་བྱང་།

ཊི་རུམ་ཕི་ཡི་ཆེས་མཐའ་མའི་འགག་རྩ་ “ལྡོག་འཐབ་” ཀྱི་མཇུག་འབྲས་ནི། བརྒྱུད་ལམ་ཁག་ཧ་སང་དུ་བཅུག་པ་མ་ཟད། ཐ་ན་ཊི་རུམ་ཕི་རང་ཉིད་ཀྱང་གང་འཚམ་ཧ་སང་ཡོད་ངེས། གལ་སྲིད་འོས་འཕེན་པའི་བསམ་ཚུལ་ངོས་གནས་དེར་དབྱེ་ཞིབ་བྱས་ན། ཡོད་ཚད་རྩ་བ་ནས་བསམ་ཡུལ་ལས་འདས་པ་ཞིག་ཆགས་མེད། རྒྱུ་མཚན་ནི། འོས་འགྲན་བརྒྱུད་རིམ་ཁྲོད་དེ་ལྟར་རྩོད་གླེང་མང་པོ་བྱུང་ཡོད་ཀྱང་། ཨ་རི་བ་ཚོས་ཀྱང་ཕར་བལྟས་ན་ཨ་རིའི་རྨི་ལམ་མངོན་འགྱུར་བྱེད་པར་སྣེ་ཁྲིད་ཐུབ་པའི་འོས་མི་དེ་དག་འདེམས་འདོད་ཡོད། ཡམ་ཡོམ་ཅན་གྱི་ཨ་རིར་དགོས་པ་ནི་བྱང་ཆུབ་པའི་སྲིད་དོན་པ་ཞིག་མ་རེད། དེ་ལས་ལྡོག་སྟེ་ཕྱི་ཚུལ་ལ་ “རེ་བ་” དང་ “ནུས་པ་” ཡོད་པའི་མགོ་ཁྲིད་ཅིག་རེད། འདི་ནི་དོན་ངོ་མའི་ཨ་རིའི་རྒྱལ་ཁབ་ཡིན་པ་མ་ཟད། འདི་ནི་དོན་ངོ་མའི་ཨ་རིའི་འདེམས་བསྐོའི་རིག་གནས་ཀྱང་ཡིན་ནོ།།

མ་རྩོམ་འབྲེལ་ཐག https://view.inews.qq.com/a/CUL2016111102621308?from=singlemessage

འབྲེལ་ཡོད་གསར་འགྱུར།

སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༣ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༤ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

༢༠༢༥/༠༧/༠༢
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese