མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཁ་རྡུང་ནང་ནས་ཚུར་བྱོན་ཏེ་རྒྱལ་སྤྱི་ཡི་བསྟོད་བསྔགས་ཁྲོད་ནས་ཕྱིར་ཕེབས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༣ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སོག་ཡུལ་ནང་གི་མཛད་འཕྲིན་ཁག་གྲུབ་སྟེ། ཕྱིར་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། ཐེངས་འདིར་༧གོང་ས་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་སྐྱོང་བཞིན་པའི་སྐབས་དང་བསྟུན་ཏེ་སོག་ཡུལ་དུ་ཕེབས་པ་ཞིག་ཡིན་ཞིང་ཁ་སང་ཕྱིར་ཉི་ཧོང་དུ་ལོག་ཕེབས་ཡོད་པ་རེད།

tibettiems1

ཐེངས་འདིར་༧གོང་ས་མཆོག་གདན་འདྲེན་ཞུ་མཁན་གཙོ་བོ་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་ཡིན་པ་དང་། དགོན་པ་འདི་ཐོག་མ་ཁཱལ་ཁ་རྗེ་བཙུན་དམ་པ་སྐུ་འཕྲེང་ལྔ་བས་ཕྱི་ལོ་ ༡༨༠༥ ལོ་ཕྱག་བཏབ་མཛད་ཅིང་། དུས་རབས་ཉི་ཤུའི་མགོ་སྟོད་དུ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སོག་ཡུལ་དུ་ཕེབས་སྐབས་ཟླ་ཤས་རིང་དགའ་ལྡན་དགོན་དུ་བཞུགས་ཏེ། ད་ལྟ་སྐུ་གོང་མའི་དྲན་རྟེན་གཟིམ་ཁང་དེར་བསྐྱར་གསོ་གནང་ཡོད་འདུག

༧གོང་ས་མཆོག་ཐེངས་འདིར་སོག་ཡུལ་དུ་ཆིབས་བསྒྱུར་ཐད་རྒྱ་ནག་གཞུང་གིས་གནོན་ཤུགས་དང་བསྒྲགས་གཏམ་སྣ་ཚོགས་སྤེལ་ཡོད་ཅིང་། ཕྱི་ཚེས་ ༡༧ ཉིན་ཏེ་ཁོང་སོག་ཡུལ་དུ་མ་ཕེབས་པའི་སྔར་ཉིན། རྒྱ་ནག་གཞུང་གི་མགྲིན་ཚབ་པས། ཏཱ་ལའི་བླ་མ་རྒྱ་གར་ལ་སྐྱབས་བཅོལ་དུ་ཕྱིན་པ་ནས་ཆོས་ལུགས་ཀྱི་མིང་ཐོག་རྒྱ་ནག་ཁ་བྲལ་གྱི་བྱ་འགུལ་སྣ་ཚོགས་སྤེལ་ཡོད། ཏཱ་ལའི་བླ་མ་སོག་ཡུལ་དུ་ཕེབས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། སོག་ཡུལ་ནས་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱས་པར་ཡང་ངོ་རྒོལ་ཡོད། ཅེས་བཤད་འདུག

རྒྱལ་སྤྱིའི་སྲིད་དོན་པ་དང་རྩོམ་པ་པོ་མང་པོ་ཞིག་གིས་སོག་ཡུལ་གྱི་གདན་ཞུལ་བསྔགས་བརྗོད་གནང་ཡོད་པ་དང་། ཁ་སང་ཡུ་རོབ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་སྐུ་ཞབས་ཐོ་མ་སི་མཱན་ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ། ཐེངས་འདིར་སོག་ཡུལ་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་གདན་འདྲེན་ཞུས་པར་སྔགས་བརྗོད་ཞུ་རྒྱུ་དང་། སྤྱིར་སོག་ཡུལ་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་སྟབས་མི་མང་ཚོས་༧ཏཱ་ལའི་བླ་མ་གདན་འདྲེན་ཞུས་ཏེ་ཁོང་གི་མདུན་ནས་བཀའ་ཆོས་ཞུ་བ་ནི་ཧ་ཅང་འོས་འཚམས་ཤིག་ཡིན་པ་དང་། ཐེངས་འདིར་སོག་ཡུལ་གྱིས་ཀུན་ཁྱབ་རིན་ཐང་གི་ཆེད་དུ་ཕྱིའི་གནོན་ཤུགས་ལ་གདོང་ལེན་བྱེད་སྟངས་དེར་རྒྱལ་ཁབ་གཞན་པ་ཚོས་ཀྱང་མིག་དཔེ་བལྟས་ཏེ་ཁོང་ཉིད་གདན་འདྲེན་ཞུ་དགོས་སྐོར་སོགས་འཁོད་འདུག

ཕྱི་ཚེས་ ༢༡ ཉིན་སོག་ཡུལ་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་མུན་ཀ་ཨོར་གྷེལ་ (Munkh-Orgil)ལགས་ཀྱིས་ཐེངས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཕེབས་པ་དེ་སོག་ཡུལ་གཞུང་གི་ཆབ་སྲིད་དང་འབྲེལ་བ་མེད་པར་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཞིག་ཡིན་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ཟོས་ཏེ་པེ་ཅིན་ནས་སོག་ཡུལ་རྒྱལ་སའི་བར་སྐྱོད་བཞིན་པའི་གནམ་གྲུ་དེ་སྐྱོད་མཚམས་བཞག་ཡོད་འདུག

ལོ་འདི་གར་སོག་ཡུལ་གྱི་དཔལ་འབྱོར་ཉམས་ཆག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་ནི་སོག་ཡུལ་གྱི་དཔལ་འབྱོར་ཚོང་འབྲེལ་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་ཡང་། ཐེངས་འདིར་༧གོང་ས་མཆོག་སོག་ཡུལ་དུ་གདན་འདྲེན་ཞུ་རྒྱུར་སོག་ཡུལ་གྲོས་ཚོགས་ནང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་ཞིག་ཡིན་འདུག

tibettimes2ཐེངས་འདིར་ཕྱི་ཚེས་ ༡༨ ཉིན་༧གོང་ས་མཆོག་སོག་ཡུལ་རྒྱལ་སའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས། མཁན་པོ་བླ་མ་ཆོས་ཀྱི་རྒྱ་མཚོ་མཆོག་དང་། རྒྱ་གར་གཞུང་ཚབ་པ་མཆོག རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག དེ་བཞིན་སོག་ཡུལ་གྱི་དགོན་སྡེ་ཁག་གི་མཁན་པོ་བཅས་ཕེབས་བསུར་བཅར་ཡོད་པ་དང་ཚེས་ ༡༩ ཉིན་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

ཚེས་ ༢༠ ཉིན། སོག་ཡུལ་རྒྱ་གར་གཞུང་ཚབ་ཆེན་མོ་སྐུ་ཞབས་སུའུ་རེ་ཞི་བྷ་བུ་(Dr. Suresh Babu) མགྲོན་འབོད་གནང་བ་ལྟར་གསོལ་སྟོན་ཞིག་ཏུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དེའི་རྗེས་རྒྱལ་ས་ཨུ་ལན་པ་ཋིར་ཚོགས་ཁང་ཆེན་མོའི་ནང་མི་མང་ ༡༠༠༠༠ ལྷག་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བསྩལ་ཡོད། ཉིན་དེར་༧གོང་ས་མཆོག་གི་བཀའ་ཆོས་གསན་པར་སོག་ཡུལ་གྱི་མངའ་སྡེ་མང་པོ་ནས་ཕེབས་ཡོད་པ་མ་ཟད། ཨུ་རུ་སུའི་ཁོངས་གཏོགས་བྷོ་རུ་ཡ་ཐི་དང་ཏུ་ཝ། ཁཱལ་མུག་སོགས་ནས་ཀྱང་ཕེབས་ཡོད་འདུག

ཚོགས་ཁང་ཆེན་མོ་འདི་རྒྱ་ནག་གི་རོགས་རིམ་འོག་བརྒྱབ་སྟེ་ ༢༠༡༡ ལོར་ཐོག་མར་ལེགས་འགྲུབ་སྒོ་འབྱེད་གནང་བ་ཞིག་ཡིན་འདུག

ཚེས་ ༢༢ ཉིན། ༧གོང་ས་མཆོག་གིས་སོག་ཡུལ་རྒྱ་ས་ཨུ་ལན་བྷ་ཋིར་གྱི་རིག་གཞུང་ལྟེ་གནས་ཁང་དུ། སོག་རིགས་གཞོན་སྐྱེས་ཚོར་བཀའ་སློབ་གནང་སྐབས། སོག་པོའི་གོང་མ་ཇི་གྷི་སི་ཁཱེན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་སྐོར་དང་། མ་འོངས་པར་ཡང་ཁོང་ཉིད་བསྐྱར་དུ་སོག་ཡུལ་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་ཡོད་སྐོར་སོགས་བཀའ་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་བཀའ་གནང་དོན། “ བོད་དང་ཆེན་པོ་ཧོར་གྱི་ཡུལ་གཉིས་ལོ་ངོ་སྟོང་ཕྲག་རིང་ནས་མཛའ་བརྩེའི་འབྲེལ་བ་ཡོད། ལྷག་པར་དུ་སོག་ཡུལ་དུ་ནང་ཆོས་དར་ཁྱབ་བྱུང་རྗེས་ཡུལ་གཉིས་བར་ཆོས་ཡོན་གྱི་འབྲེལ་བ་བྱུང་བ་རེད།” ཅེས་དང་། “སོག་ཡུལ་ལ་མཚོན་ན་ལོ་རྒྱུས་ཐོག་ནས་ནང་པའི་རྒྱལ་ཁབ་གཅིག་རེད། བར་སྐབས་དམར་པོའི་དབང་སྒྱུར་འོག་དཀའ་ངལ་ཧ་ཅང་འཕྲད་ཀྱང་ད་དུང་ཆོས་དད་མ་བརླག་པར་རྒྱུན་འཛིན་ཐུབ་པ་བྱུང་བ་རེད། ད་ཆ་རང་དབང་སླར་གསོ་བྱུང་སྟབས་རང་གི་ཕ་མེས་ནས་དར་བའི་ནང་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེན་ཊའི་བཞེད་སྲོལ་དྲི་མ་མེད་པའི་གཞུང་ལུགས་དེ་དག་ལ་དོ་སྣང་རིམ་བཞིན་བསླེབ་བཞིན་ཡོད། རྨང་གཞི་དེའི་ཐོག་རིམ་བཞིན་སློབ་གཉེར་མང་ཙམ་གནང་གལ་ཆེ།” ཅེས་སོགས་གསུངས་འདུག

ཚེས་ ༢༡ ཉིན་ནང་པའི་ལྟ་གྲུབ་དང་ཚན་བར་གྱི་རྒྱལ་སྤྱིའི་ལྷན་ཚོགས་སྟེང་ཆིབས་བསྒྱུར་བསྐྱངས་ཏེ། སྐབས་རེ་ངོས་རང་ཕྱེད་ཀ་ནང་པ་དང་ཕྱེད་ཀ་ཚན་རིག་པ་ཡིན། ལོ་ངོ་ ༣༠ ལྷག་རིང་ངོས་ཀྱིས་ཚན་རིག་པ་དང་ལྷན་གཙོ་བོ་དབང་རྩ་ Neurology དང་འཇིག་རྟེན་ཁམས་ཀྱི་རིག་པ། Cosmology ལྷག་པར་ཀོན་ཊམ་དངོས་ཁམས་རིག་པའི་ Quantum Physics རྣམ་གཞག་དང་སེམས་ཁམས་རིག་པའི་རྣམ་གཞག་ Psychology སྐོར་ལ་གཙོ་བོ་བགྲོ་གླེང་བྱ་རྒྱུ་བྱུང་། རྣམ་གཞག་དེ་དག་ཐོག་ནང་པའི་གཞུང་ལུགས་ནང་དུའང་འགྲེལ་བཤད་རྒྱག་རྒྱུ་ཡོད་སྟབས་ཕན་ཐོགས་ཧ་ཅང་འདུག ནང་པའི་མཁས་པ་ཚོས་ཚན་རིག་པ་ལས་དངོས་ཁམས་རིག་པའི་རྣམ་གཞག་སྐོར་ལ་བློ་སྐྱེད་བླང་ཐུབ་པ་དང་། ཚན་རིག་པ་ཚོས་ནང་པའི་གཞུང་ནས་བློའི་རྣམ་གཞག་ཕྱུག་པོ་ཡོད་པ་ལས་བློ་སྐྱེད་བླང་ཐུབ་པ་བཅས་ཕྱོགས་གཉིས་ཀར་ཁེ་ཕན་ཐོབ་ཐུབ་པ་བྱུང་ཡོད། ཅེས་སོགས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༢ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. ཐུབ་བསྟན། says:
    ལོ་ 9 སྔོན།

    བོད་བཙན་པའི་རྗེས་ལ་བསྐྱར་དུ་རྒྱལ་ཁབ་ཀྱི་རྣམ་པ་བྱུང་བ་ནི་སོག་པའི་བཀའ་དྲིན་རེད། སོག་པོས་བོད་ལ་རང་བཙན་ཅན་གྱི་རྒྱལ་ཁབ་གནང་བ་རེད། ལོ་རྒྱུད་དེའི་སྐོར་མདོར་ཙམ་བཀོད་ན།
    གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཐོག་མར་མདོ་ཁམས་བཟུང་བ་དང་། དེ་ནས་རིམ་བཞིན་གཙང་སྡེ་སྲིད་ཀརྨ་བསྟོན་སྐྱོང་དབང་པོ་དབང་དུ་བསྡུས། གཙང་པ་སྡེ་སྲིད་རྗེས་འབྲངས་པ་དང་བཅས་པ་ཆམ་ལ་ཕབ། རབ་བྱུང་བཅུ་གཅིག་པའི་ཆུ་རྟ(༡༦༤༢)ལོའི་ཟླ་ ༣ པར་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་ལྡན་འབྲས་སྤུངས་ནས་གཞིས་རྩེར་གདན་དྲངས། ཚོམས་ཆེན་དུ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་། བསོད་ནམས་ཆོས་འཕེལ་སོགས་བོད་སོག་གི་དཔོན་རིགས་མང་པོ་ཚོགས། དབུས་སུ་དེ་སྔ་ཧོར་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པར་ཕུལ་བའི་མ་སྐྱེས་དགྲའི་རྟེན་སྐལ་རྒྱལ་བ་ཉི་མའི་གཉེན་གྱི་འཕེལ་གདུང་རྒྱལ་མཁར་རྩེར་བཞུགས་པར་གྲགས་པ་དང་། ཁྲུས་ལུང་མ་ཎི་མའམ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་གསལ་མེ་ལོང་སོགས་ནང་རྟེན། བླ་སྐུ་ལི་མ་རྒྱ་ནག་ལས་མཚོན་པའི་མཆོད་རྟེན་མང་པོ། དེ་བཞིན་གནའ་རྫས་ཁྱད་པར་ཅན་དུ་མ་རྒྱལ་མཆོག་ལྔ་པ་ཆེན་མོར་ཕུལ་བ་དང་འབྲེལ་གཙང་པ་རྒྱལ་པོའི་ཕོ་བྲང་གཞིས་ཀ་བསམ་གྲུབ་རྩེས་ཐོག་དྲངས་བོད་ཁྲི་སྐོར་བཅུ་གསུམ་གྱི་དབང་ཆ་ཡོངས་རྫོགས་ཕུལ་བ་ཡིན་ཞེས་ཁྱབ་བསྒྲགས་མཛད། ཕྱག་མཛོད་བསོད་ནམས་ཆོས་འཕེལ(མཚན་གཞན་བསོད་ནམས་རབ་བརྟན་དང་། རྒྱ་ལོ་ཆོས་མཛད་ཟེར།)ལ་སྡེ་སྲིད་ཀྱི་གོ་གནས་གནང་། ཕྱི་ནང་གི་སྲིད་ཀྱི་ལས་དོན་མཐའ་དག་གི་འགན་ཁུར་དགོས་པའི་བཀའ་ཕབ། དེ་ནས་བཟུང་གནམ་བསྐོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་པ་ཡིན་ནོ།།

    Reply
  2. ལྷོ་བ། says:
    ལོ་ 9 སྔོན།

    རྒྱ་ནག་གཞུང་གིས་རང་ཉིད་མཚུངས་མེད་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ངོས་འཛིན་གནང་ཞོར་དུ། བོད་ཀྱི་བླ་སྲོག་གོང་ས་ཏཱ་ལའི་བླ་མཆོག་འགྲོ་བ་མིའི་སེམས་ཀྱི་ཕུལ་བྱུང་གཙོ་འཛིན་ཞིག་ཡིན་པ་མ་མཐོང་ཁུལ་གྱིས། རྒྱལ་སྤྱིའི་ཁྱོན་དུ་གོང་ས་མཆོག་གི་མཛད་འཕྲིན་ལ་ངོ་རྒོལ་བྱེད་པ་འདི། མཐར་གཏུག་ན་རྒྱ་ནག་རང་གི་ཆེ་མཐོང་གཅོག་བྱེད་དང་། རང་དབང་ལྡན་པའི་མི་མང་དུང་ཕྱུར་མང་པོས་དོགས་ཟོན་སྐྱོན་བརྗོད་བྱ་ཡུལ་ཞིག་ཆགས་གཞི་ཁོ་ན་ཡིན་པ་གསལ་བོ་རེད།

    Reply
  3. རིན་ཆེན་ལྷུན་འགྲུབ། says:
    ལོ་ 9 སྔོན།

    ཐོག་མ་བོད་ལ་རྒྱལ་ཁབ་སྤྲོད་མཁན་སོག་པོ་རེད། རྗེས་ལ་བོད་པའི་རྒྱལ་ཁབ་འཕྲོག་མཁན་རྒྱ་ནག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese