མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ཟེར་བ་དེ་ཅི་ཞིག་ཡིན་པ་དང་། སྲིད་ཇུས་དེ་ཇི་ལྟར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གྱི་རྨང་རྡོར་གྱུར་བ་རེད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་སྲིད་འཛིན་ཚའེ་ཡེན་ཝན་གྱིས་ཨ་རིའི་བདམས་ཐོན་སྲིད་འཛིན་ཊི་རུམ་ཕི་ལ་ཁ་ར་བཏང་བ་དང་། དེའི་རྗེས་ཊི་རུམ་ཕི་ཡིས་གསར་འགོད་པར་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དོན་མེད་སྐོར་བཤད་པ་སོགས་གསར་ལམ་ཁག་ཏུ་གླེང་གཞི་ཆེན་པོ་ཆགས་ཡོད་སྟབས། འོག་ཏུ་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་གསར་ཁང་གི་ཆེད་སྒྲིག་བོད་སྒྱུར་བྱས་ཡོད།

Screen Shot 2016-12-13 at 3.10.25 PM

ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཌོ་ནལ་ཌི་ཊི་རུམ་ཕི་ཡིས་ཨ་རིའི་ (FNS) གསར་ཁང་གི་བཅར་འདྲི་བརྒྱུད་ནས། ཨ་རིའི་གཞུང་གིས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དོན་མེད་སྐོར་བརྗོད་ཡོད་པ་དང་། དེ་ནི་ཟླ་འདིའི་ཟླ་མགོར་སྐུ་ཞབས་ཊི་རུམ་ཕི་ཡིས་ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་ལ་ཁ་པར་སྐུད་ལམ་ནས་འབྲེལ་མོལ་བྱས་ཏེ། ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་བར་ཆད་བཏང་བའི་རྗེས་ཀྱི་པེ་ཅིན་གཞུང་ལ་བསླངས་པའི་དོ་ཕོག་གཉིས་པ་དེ་ཆགས་ཡོད།

དེ་རིང་རེས་གཟའ་ཟླ་བའི་ཉིན་པེ་ཅིན་གཞུང་གིས་ཊི་རུམ་ཕི་ཡི་གཏམ་བརྗོད་དེ་ལ་བློ་འཚུབ་ཆེན་པོ་ཡོད་ལུགས་དང་། གལ་ཏེ་ཨ་རིས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིས་ཇུས་ལ་འགལ་འཛོལ་བཟོས་པ་ཡིན་ན། དེས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལའང་ཉེན་ཚབས་བཟོ་སྲིད་སྐོར་བཤད་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཅེས་པའི་གསར་ཁང་གི་རྩོམ་སྒྲིག་པའི་དཔྱད་བརྗོད་ནང་། ཊི་རུམ་ཕི་ནི་ཕྱི་འབྲེལ་སྲིད་ཇུས་ལ་རྨོངས་ཏེ་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ཐད་ཀྱི་གྲོས་ཆོད་ཁག་རྡོག་རོལ་བཏང་བ་རེད་ཅེས་ཊི་རུམ་ཕི་ལ་ཡ་ལན་སྤྲད་ཡོད་པ་རེད།

རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ནང་། ཐའེ་ཝན་མཚོ་འགག་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱས་ཡོད་ལ། ངོས་འཛིན་དེ་ཇི་ལྟར་བྱུང་བ་ཡིན་ནམ། རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ཀྱི་བྱུང་རིམ་ལོ་རྒྱུས་དེ་འདས་པའི་ངོ་ལོ་ ༤༠ རིང་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གྱི་རྨང་རྡོར་གྱུར་བའི་གནས་ཚུལ་གཤམ་གསལ།

ཕྱི་ལོ་ ༡༩༤༩ ནས་ ༡༩༧༡ བར།

ཕྱི་ལོ་ ༡༩༤༩ ལོར་ཨུ་རུ་སུ་དམར་ཤོག་མཉམ་འབྲེལ་སྲིད་གཞུང་ (Soviet Union) གི་དཔུང་རོགས་ལ་བརྟེན་ནས་གོ་གུང་གཉིས་ཀྱི་སྡེ་གཟར་ཁྲོད་དུ། རྒྱ་ནག་དམར་ཤོག་ཚོགས་པར་རྒྱལ་ཁ་ཐོབ་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། གོ་མན་ཏང་སྲིད་གཞུང་ཐའེ་ཝན་གླིང་ཕྲན་ལ་མཐར་སྐྲོད་བཏང་བ་རེད།

ཀོ་རི་ཡའི་དམག་འཁྲུག་རྗེས་སུ། ཨ་རིས་སྔར་ལས་ལྷག་པའི་སྒོས་ནས་ཐའེ་ཝན་ལ་དམག་དཔུང་དང་དཔལ་འབྱོར་གྱིས་རོགས་སྐྱོར་བྱས་ཡོད་ནའང་། སྐབས་དེར་རྒྱ་ནག་མི་སེར་རྒྱལ་ཁབ་དང་ཨ་རི་གཉིས་བར་གྱི་འབྲེལ་ལམ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།

རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་ཐའེ་ཝན་ཁོ་ན་མ་གཏོགས་དབང་བསྒྱུར་ཐུབ་མེད་ནའང་། ཕྱི་ལོ་ ༡༩༧༡ ལོར་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ནང་འཛུལ་ཏེ་རྒྱ་ནག་གི་འཐུས་ཚབ་བྱེད་བཞིན་ཡོད།

གང་ལྟར་ཨུ་རུ་སུ་དམར་ཤོག་མཉམ་འབྲེལ་སྲིད་གཞུང་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཁག་གིས་གུང་ཁྲན་རིང་ལུགས་པ་ནི་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ལ་ངོས་འཛིན་བྱས་ཡོད།

ཕྱི་ལོ་ ༡༩༧༢ ནས་ ༡༩༧༨ བར།

ཕྱི་ལོ་ ༡༩༧༡ ལོར་ཨ་རིའི་སྲིད་འཛིན་རེ་ཆར་ཌི་ནེ་ཁི་སོན་ (Richard Nixon) རྒྱ་ནག་ནང་རྒྱལ་དོན་སྐོར་སྐྱོད་བྱེད་བདེ་བའི་ཆེད་དུ། ལོ་དེའི་ཕྱི་ཟླ་ ༧ པར་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཧིན་རེ་ཁེ་སེན་རྗིར་ (Henry Kissinger) ལགས་གསང་བའི་ངང་ནས་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཕྱིན་ཏེ། གྲང་དམག་གི་དུས་ཟིང་སྐབས་སུ་བྱུང་བའི་ཕྱོགས་གཉིས་བར་གྱི་དུས་རབས་ཕྱེད་ཙམ་རིང་གི་འགལ་བ་ཞི་འགྲིག་བཟོས་ཏེ་འབྲེལ་ལམ་བསྐྱར་གསོ་བྱས།

ཕྱི་ལོ་ ༡༩༧༡ ཟླ་ ༡༠ བའི་ནང་རྒྱལ་ཚོགས་ཁོངས་ནས་ཐའེ་པེ་གཞུང་གི་རྐུབ་སྟེགས་ཤོར་ཏེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་རྒྱལ་ཚོགས་ཁོངས་ནས་རྒྱ་ནག་གི་ཁྲིམས་མཐུན་སྐུ་ཚབ་ཆགས།

ཕྱི་ལོ་ ༡༩༧༢ ཟླ་ ༢ བར་ཨ་རིའི་སྲིད་འཛིན་རེ་ཆར་ཌི་ནེ་ཁི་སོན་རྒྱ་ནག་ནང་རྒྱལ་དོན་སྐོར་སྐྱོད་བྱས་རྗེས། ཨ་རྒྱ་གཉིས་བར་གྱི་ཕྱི་འབྲེལ་གྲོས་ཆོད་ (Shanghai Communiqué) ལ་མིང་རྟགས་བཀོད་པའི་ནང་། རྒྱ་རིགས་མི་མང་ཐའེ་རྒྱ་གཉིས་ནང་འཚོ་སྡོད་བྱེད་བཞིན་ཡོད་ནའང་། ཨ་རིའི་གཞུང་གིས་རྒྱ་ནག་རྒྱལ་ཁབ་གཅིག་སྟེ། ཐའེ་ཝན་མཚོ་འགག་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱས།

དེ་མཚུངས་སུ། ཨ་རིའི་གཞུང་གིས་པེ་ཅིན་དང་ཐའེ་པེ་གཉིས་ལས་སུ་ཞིག་ཁྲིམས་མཐུན་སྲིད་གཞུང་ཡིན་མིན་ལ་ཞིབ་འགྲེལ་བསྐྱོན་མེད་པ་དང་། དེ་ནི་བསམ་གཟས་ནས་འཐབ་ཇུས་ལ་གསལ་ཁ་མ་བཏོན་པ་ཞིག་རེད།

ཕྱི་ལོ་ ༡༩༧༨ ནས་ ༡༩༩༥ བར།

ཕྱི་ལོ་ ༡༩༧༨ ལོར་ཨ་རིའི་སྲིད་འཛིན་ཇེམ་མེ་ཁར་ཊིར་ (Jimmy Carter) ལགས་ཀྱི་སྲིད་དབང་འོག་ཏུ། ཝ་ཤིན་ཊོན་གྱིས་ཨ་རྒྱ་གཉིས་བར་གྱི་ཕྱི་འབྲེལ་དཀའ་རྙོག་འདུམ་འགྲིག་བཟོས་ཏེ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་བསྐྱར་གསོ་བྱས་ཤིང་། སྐབས་དེའི་ཞི་འགྲིག་གྲོས་མོལ་ལ་བརྟེན་ནས། ཨ་རི་དང་ཐའེ་ཝན་གཉིས་བར་གྱི་གཞུང་ཕྱོགས་འབྲེལ་ལམ་ཆད་དེ་ཕྱི་ལོ་ ༡༩༧༩ ལོར་ཐའེ་པེ་གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་སྒོ་བརྒྱབ།

ཕྱི་ལོ་ ༡༩༧༨ ལོར་ཨ་རྒྱ་གཉིས་བར་བཞག་པའི་ཕྱི་འབྲེལ་གྲོས་ཆོད་ (Communiqué) དེ་ནི་ཝ་ཤིན་ཊོན་དང་པེ་ཅིན་གཞུང་གཉིས་བར་གྱི་ཕྱི་འབྲེལ་ཡིག་ཆ་གལ་ཆེ་ཤོས་ཤིག་ཡིན་པ་དང་། ཕྱི་འབྲེལ་ཡིག་ཆ་དེ་ལ་བརྟེན་ནས་པེ་ཅིན་གཞུང་གིས་རྒྱལ་ཁབ་ཁག་གིས་པེ་ཅིན་གཞུང་ལ་འབྲེལ་ལམ་འཛིན་འདོད་ན་རྒྱལ་ཁབ་དེས་ངེས་པར་དུ་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ལ་ངོས་ལེན་ཐོག་ནས་ཐའེ་ཝན་མཚོ་འགག་གི་གཞུང་ཕྱོགས་འབྲེལ་ལམ་གཅོད་དགོས་པའི་འདོད་ཚུལ་བཟུང་ཡོད།

ཡིན་ནའང་ཐའེ་ཝན་མཚོ་འགག་དེ་རྒྱ་ནག་གི་དབང་ཤུགས་ལས་སྲུང་སྐྱོབ་བྱེད་ཆེད། ཨ་རིའི་གྲོས་ཚོགས་ནས་ཐའེ་ཝན་ཕྱི་འབྲེལ་ཁྲིམས་གཞི་ (Taiwan Relations Act) བཏོན་པ་དང་། ཁྲིམས་གཞི་དེའི་འོག་ཝ་ཤིན་ཊོན་གྱིས་ཐའེ་ཝན་ལ་དྲག་ཆས་མཁོ་འཚོང་བྱེད་ཆོག་གི་ཡོད་ཅིང་། ཝ་ཤིན་ཊོན་ནས་ཐའེ་པེ་ལ་དྲག་ཆས་འཚོང་ཐེངས་རེར། པེ་ཅིན་གཞུང་ཕྱོགས་ནས་དེ་ལ་ཁོང་ཁྲོ་དང་ངོ་རྒོལ་བྱེད་ཀྱིན་ཡོད།

ཕྱི་ལོ་ ༡༩༩༥ ལོའི་གནས་བབ།

ཕྱི་ལོ་ ༡༩༩༥ ཟླ་ ༦ པར་ཨ་རིའི་གཞུང་གིས་ཐའེ་ཝན་སྲིད་འཛིན་ལི་ཏུན་ཧྭེ་ (Lee Teng-hui) ཨ་རིའི་ཁོར་ནིལ་གཙུག་ལག་སློབ་ཆེན་ (Cornell University) ནང་མགྲོན་འབོད་བྱས། གཙུག་ལག་སློབ་ཆེན་དེ་ནི་ཐའེ་ཝན་སྲིད་འཛིན་ལི་ཏུན་ཧྭེ་སློབ་མཐར་ཕྱིན་པའི་སློབ་ཆེན་ཡིན། པེ་ཅིན་གཞུང་ཕྱོགས་ནས་གནས་ཚུལ་དེས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྡོག་རོལ་བཏང་བའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་ནའང་། ཨ་རིའི་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་ཀྱི་ལངས་ཕྱོགས་དེ་ལ་འགྱུར་བ་མ་བཏང་།

ཕྱི་ལོ་ ༡༩༩༥ ལོའི་ལོ་སྨད་ནས་ ༡༩༩༦ ལོའི་ལོ་སྟོད་བར་ཐའེ་ཝན་མཚོ་འགག་གིས་ཐེངས་དང་པོར་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་འཛིན་འོས་བསྡུ་ཚུགས་སྐབས། ལི་ཏུན་ཧྭེ་ཐའེ་ཝན་གྱི་སྲིད་འཛིན་འོས་མིར་ལངས་པ་དང་། པེ་ཅིན་གཞུང་གིས་ཐའེ་ཝན་མཚོ་འགག་གི་མཐའ་འཁོར་གླིང་ཕྲན་ཁག་ནང་མེ་ཤུགས་འཕུར་མདེལ་འཕངས་ཏེ་འཇིགས་སྐུལ་བྱས།

ཡིན་ནའང་གནད་དོན་དེས་ལི་ཏུན་ཧྭེ་ཡི་རྒྱབ་སྐྱོར་མི་མང་ལ་འཇིགས་སྐུལ་མ་ཐེབས་པར། མཐར་ལི་ཏུན་ཧྭེ་ཐའེ་ཝན་མཚོ་འགག་གི་འོས་བསྡུའི་ལམ་ལུགས་ཀྱི་ཐོག་ནས་བདམས་ཐོན་བྱུང་བའི་སྲིད་འཛིན་ཐོག་མར་གྱུར།

ཕྱི་ལོ་ ༢༠༠༠ ལོར་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཁྲིན་ཧྲུ་པིན་ (Chen Shui-bian) ལ་སྲིད་འཛིན་རྒྱལ་ཁ་ཐོབ་རྗེས་ཐའེ་རྒྱ་གཉིས་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན།

ཕྱི་ལོ་ ༢༠༠༨ ལོར་ཐའེ་ཝན་གོ་མན་ཏང་གི་མཱ་ཡེན་ཇོ་ (Ma Ying-jeou) ལ་སྲིད་འཛིན་རྒྱལ་ཁ་ཐོབ་སྟེ། པེ་ཅིན་གཞུང་ལ་བཟང་ཕྱོགས་ཀྱི་འབྲེལ་ལམ་བཟུང་རྗེས། ཕྱོགས་གཉིས་བར་གྱི་དེ་སྔའི་དཀའ་རྙོག་ཁག་ཅིག་ཞི་འཇགས་སུ་སོང་མོད། འདི་ལོར་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ལྕམ་ཚའེ་ཡེན་ཝན་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་དང་། ཁོང་མོས་དམར་ཤོག་ཚོགས་པ་དང་གོ་མན་ཏང་སྲིད་གཞུང་གཉིས་ཀྱི་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ལ་ངོས་ལེན་མ་བྱས་པའི་དབང་གིས་སླར་ཡང་རྒྱ་ནག་དང་ཐའེ་ཝན་ཕྱོགས་གཉིས་བར་རྩོད་རྙོག་འབྱུང་མགོ་བརྩམས་ཡོད།

གསར་འགོད་པ། པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    ཨ་རིའི་སྲིད་འཛིན་འོས་ཐོབ་སྐུ་ཞབས་ཁྲིལ་རོམ་པུ་ལགས་ཀྱིས། ཨ་རི་ག་རེ་བྱས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་རྒྱུན་འཁྱོངས་བྱེད་དགོས་རེད།རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་དཀའ་ངལ་སེལ་རོགས་བྱས་སོང་ངམ།ལྷོ་རྒྱ་ནག་རྒྱ་མཚོ་ནང་དུ་དམག་དཔུང་རྒྱ་སྐྱེད་བྱས་ཏེ་ལྷོ་ཤར་ཡེ་ཤ་ཡའི་བརྟན་བརླིང་ལ་འཇིགས་སྣང་སྐུལ་བ་དང་། དེ་བཞིན་ཨ་རིའི་ཚོང་ཟོག་ལ་རྒྱ་ནག་གིས་དཔྱ་ཁྲལ་ཆེན་པོ་རྒྱག་པ་དང་རྒྱ་སྒོར་ཛ་ཐང་མ་བཅག་པ་སོགས་ལ་ལྟོ་དང་། དོན་དངོས་ཐོག་ཨ་རི་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ཁེ་ཕན་ག་རེ་འདུག ཅེས་བརྗོད་འདུག

    རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་ནས་སྑུ་ཞབས་ཁྲིལ་རོམ་པུ་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཐོག་ཉམས་མྱོང་མེད་པའི་བྱིས་པ་སེམས་མེད་ཅིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

    སྐུ་ཞབས་ཁྲིལ་རོམ་པུ་ལགས་ཀྱིས་ཕོ་བྲང་དཀར་པོ་ནང་མ་འཛུལ་སྔོན་དུ་རྒྱ་ནག་ལ་རྣམ་འགྱུར་ལེགས་པོ་མ་བསྟན་པར་ངང་འཚབ་སྐྱེས་བཅུག་པ་དང་། མ་འོངས་བར་སྐུ་ཞབས་ཁྲིལ་རོམ་པུ་ལགས་ཀྱིས་ཐའེ་ཝན་གནད་དོན་ལག་ཆ་བྱས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་མ་མ་ཐུབ་ན། བོད་དང་ཡུ་གུར་གནད་ཐོག་ནས་རྒྱ་ནག་ལ་ཉེན་བརྡ་གཏོང་སྲིད། བོད་པ་ཚང་མས་གཟབ་གཟབ་གསན་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese