མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོང་པ་བློ་བཟང་དར་རྒྱས་ལ་ལོ་ ༡༠ ཡི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་ཚོང་པ་བློ་བཟང་དར་རྒྱས་ཀྱིས་ས་ཁང་འཛུགས་སྐྲུན་ལས་གཞིའི་ཁྲོད་དངུལ་འབོར་ཆེན་གཡོ་ལེན་བྱས་པ་དང་ཁྲིམས་འགལ་གྱི་དངུལ་ཉར་བ་སོགས་ཀྱི་ནག་ཉེས་འོག་ལོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

TibetTimes3གཟའ་པ་སངས་ཉིན་ཨ་རིའི་སེ་ཊལ་དུས་བབ་གསར་ཁང་ (seattletimes) གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་རིགས་ཚོང་པ་བློ་བཟང་དར་རྒྱས་(མིང་གཞན་ལ་བསྟན་པ་དར་རྒྱས་ཀྱང་ཟེར་གྱི་ཡོད་འདུག)ཀྱིས་ས་ཁང་ཉོ་འཚོང་གི་ཁེ་ལས་གཉེར་ཏེ། གཞན་གྱི་ལག་ནས་མ་དངུལ་འབོར་ཆེན་གཡོ་ལེན་བྱས་པ་དང་། ཁོ་རང་གི་དངུལ་ཡོངས་རྫོགས་ཨ་རིའི་དངུལ་ཁང་སོགས་སུ་མ་བཅུག་པར། རྒྱན་འཛུགས་ཁང་གི་དངུལ་བྱང་བརྒྱུད་ནས་ཁྲལ་མ་འཇལ་བར་ཉར་ཐབས་བྱས་པ་སོགས་ཀྱི་ཉེས་དོན་འོག ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིའི་སེ་ཊལ་ཁྲིམས་ཁང་གིས། ཉུང་མཐར་ལོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། སྒོར་ས་ཡ་ ༢༤ ཉེས་ཆད་དང་ཁོ་རང་གི་ལས་གཞི་ཡོངས་རྫོགས་བཀག་སྡོམ་བྱས་པ་བསྒྲགས་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༤ ཚེས་ ༦ ཉིན་དངོས་སུ་བཙོན་འཇུག་བྱ་འཆར་ཡོད་འདུག

ཁྲིམས་ཁང་གི་གསལ་བསྒྲགས་ལྟར་ན། བོད་རིགས་ཚོང་པ་བློ་བཟང་དར་རྒྱས་ཀྱིས། རྒྱ་རིགས་མ་དངུལ་འཛུགས་མཁན་ ༢༨༠ ཚོང་འབྲེལ་བྱས་ཏེ། ཨ་རིའི་གནས་སྤོ་མ་དངུལ་འཛུགས་སྐྲུན་ལས་རིམ་ (EB-5 Immigrant Investor Pilot Program) བརྒྱུད་ཁོར་ཚོར་ཨ་རིའི་ལག་དེབ་ལྗིང་ཁུ་ (green card) མཁོ་སྤྲོད་བྱེད་ཐུབ་ཚུལ་བཤད་པ་དང་། ཁོ་རང་གི་ས་ཁང་འཛུགས་སྐྲུན་ལས་གཞིའི་ནང་མ་དངུལ་ཨ་སྒོར་ས་ཡ་ ༡༥༠ ཙམ་འཇོག་ཏུ་བཅུག་ཡོད་འདུག

ཨ་རིའི་མ་དངུལ་འཛུགས་སྐྲུན་འགན་སྲུང་ཚོགས་ཆུང་ (SEC) གིས། བློ་བཟང་དར་རྒྱས་ཀྱིས་ཁྲིམས་འགལ་ཐོག་སེ་ཊལ་ (Seattle) གྲོང་ཁྱེར་ནང་པོ་ཏ་ལ་ཞེས་པའི་ས་ཁང་མང་པོ་འཛུགས་སྐྲུན་དང་། ཨེ་ཝི་རི་ཌ་སྤྱི་མང་ཁྲོམ་རྭ་ (Everett Public Market) ཉོ་འཚོང་སོགས་ཀྱི་ལས་གཞིའི་ཐད་མ་དངུལ་ཨ་སྒོར་ས་ཡ་ ༡༢༥ བཏང་ཡོད་པ་མ་ཟད། ཁོས་ད་དུང་མ་རྐང་འཛུགས་མཁན་ཚོའི་ལག་ནས་ཨ་སྒོར་ས་ཡ་ ༡༤ གཡོ་ལེན་བྱས་ཡོད་པ་དང་། བྷི་ལི་ཝུ (Bellevue) གྲོང་ཁྱེར་དུ་ཨ་སྒོར་ས་ཡ་ ༢.༥ སྤྲད་ནས་ཁོའི་བཟའ་ཟླ་ཊ་མེ་ཨ་གྷ་སེ་ (Tami Agassi) དང་བུ་མོ་གཉིས་ལ་སྡོད་ཁང་ཞིག་ཀྱང་ཉོས་ཡོད་སྐོར་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། བོད་རིགས་ཚོང་པ་བློ་བཟང་དར་རྒྱས་ཀྱིས། ཨ་རིའི་སེ་ཊལ་ (Seattle) གྲོང་ཁྱེར་དང་ཨེ་ཝི་རི་ཊ་ (Everett) གྲོང་ཁྱེར། ཀེར་ཀ་ལན་ཌི་ (Kirkland) དང་ཤཱོ་རི་ལེན་ (Shoreline) གྲོང་ཁྱེར་བཅས་ཀྱི་ནང་ས་ཁང་འཛུགས་སྐྲུན་གྱི་ལས་འཆར་བཟོས་ཡོད་པ་མ་ཟད། ལས་གཞི་དེ་དག་ཨ་རིའི་མངའ་སྡེ་ཨོ་རི་གྷོན་ (Oregon) དང་ཁ་ལེ་ཧྥོར་ནེ་ཡ་ (California) བཅས་ཀྱི་ནང་རྒྱ་བསྐྱེད་རྒྱུའི་འཆར་གཞི་ཡང་ཡོད་འདུག

15894345_10208266884490747_1982953644821050894_nཕྱི་ལོ་ ༢༠༠༦ ལོ་ནས་བློ་བཟང་དར་རྒྱས་ཀྱིས་ཨ་རིའི་ནང་ས་ཁང་འཛུགས་སྐྲུན་གྱི་ཁེ་ལས་གཉེར་མགོ་བཙུགས་ཏེ། ཐོག་མར་ཨེ་ཝི་རི་ཊ་གྲོང་ཁྱེར་ནང་ཡོད་པའི་ཨེ་ཝི་རི་ཌ་སྤྱི་མང་ཁྲོམ་རྭ་ (Everett Public Market) ཉོ་འཚོང་བྱས་ཡོད་པ་དང་། ཕྱིས་སུ་གྲོང་ཁྱེར་དེའི་ནང“པོ་ཏ་ལ”ཞེས་པའི་སྡོད་ཁང་མང་པོ་འཛུགས་སྐྲུན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོ་ནས་ཁོས་ཕྱོགས་གཅིག་ནས་ས་ཁང་ཉོ་འཚོང་དང་འཛུགས་སྐྲུན་གྱི་ཁེ་ལས་གཉེར་བ་དང་། ཕྱོགས་གཞན་ཞིག་ནས་ཨ་རིའི་གནས་སྤོ་མ་དངུལ་འཛུགས་སྐྲུན་ལས་རིམ་ (EB-5 Immigrant Investor Pilot Program) བརྒྱུད་དེ་ཚོང་པ་གཞན་གྱི་ལག་ནས་མ་རྐང་བསྡུ་ལེན་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༢ ནས་ ༢༠༡༥ ལོའི་བར་ཁོས་ཡིག་ཆ་རྫུན་མ་བཟོས་ཏེ། རྒྱ་རིགས་ཚོང་པ་མ་དངུལ་འཇོག་མཁན་ ༢༨༢ ཡི་ལག་ནས་མ་དངུལ་ཨ་སྒོར་ས་ཡ་ ༡༥༣ བླངས་ཡོད་པ་དང་། རྒྱ་རིགས་དེ་ཚོའི་གྲས་ཀྱི་མ་དངུལ་འཇོག་མཁན་ ༢༠༢ ཡིས་པོ་ཏ་ལ་ཞེས་པའི་ས་ཁང་འཛུགས་སྐྲུན་ལས་གཞིའི་ནང་མ་དངུལ་ཨ་སྒོར་ས་ཡ་ ༤༣.༦ བཞག་ཡོད་པ་དང་། རྒྱ་རིགས་ ༢༠༢ ཡིས་པོ་ཏ་ལ་ལྕོགས་མཁར་ཞེས་པའི་ས་ཁང་འཛུགས་སྐྲུན་ལས་གཞིའི་ནང་མ་དངུལ་ཨ་སྒོར་ཁྱོན་ས་ཡ་ ༡༡༠ བཞག་ཡོད་འདུག

བློ་བཟང་དར་རྒྱས་ཀྱིས་ཨེ་ཝི་རི་ཊ་ས་ཁང་འཛུགས་སྐྲུན་ལས་གཞིའི་ཐད་ (Voya Insurance and Annuity Co) ཚོང་གཉེར་ཁང་ནས་ཨ་སྒོར་ས་ཡ་ ༢༥ ཡི་བུ་ལོན་བླངས་ཡོད་པ་དང་། པོ་ཏ་ལ་ལྕོགས་མཁར་འཛུགས་སྐྲུན་ལས་གཞིའི་ཐད་ (Shanghai Binshun Investment Management Co) ཚོང་གཉེར་ཁང་ནས་ཨ་སྒོར་ས་ཡ་ ༣༠ དང་། འཛུགས་སྐྲུན་ལས་གཞི་གཞན་གྱི་ཐད་ཨ་སྒོར་ས་ཡ་ ༣༠ བུན་དངུལ་བླངས་ཡོད་སྐོར་སོགས་གསར་ལམ་ཐོག་བཀོད་འདུག

TibetTimes2བོད་རིགས་བློ་བཟང་དར་རྒྱས་ཀྱི་ཕ་ཡུལ་རྒྱལ་རོང་ཡིན་པ་དང་ད་ལྟ་རང་ལོ་ ༤༣ ཡིན་འདུག ཁོ་བོད་ནས་ག་དུས་ཡོང་མིན་གསལ་ཁ་མེད་ཀྱང་། སྔར་གྲྭ་བ་ཡིན་པ་དང་། རྒྱ་གར་དུ་ཡོང་སྟེ་དྷ་རམ་ས་ལ་སོགས་སུ་ལོང་མང་བསྡད་མྱོང་ཡོད་འདུག ༡༩༩༧ ལོར་གཞན་ལ་བུ་ལོན་གཡར་ཏེ་ཨ་རིར་ཕྱིན་ཡོད་ཅིང་། ༢༠༠༤ ཁོ་ཨ་རིའི་ཊི་ནེ་སི་རྩེད་མཁན་གྲགས་ཅན་ཨན་ཌ་རི་ཨ་གྷ་སེ་ (Andre Agassi) ཡི་སྲིང་མོ་ཊ་མེ་ཨ་གྷ་སེ་ (Tami Agassi)དང་གཉེན་སྒྲིག་བྱས་ཏེ་ད་ལྟ་བུ་མོ་གཅིག་ཡོད་འདུག ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༨ པའི་ནང་ལ་ཆེས་ཐོག་མར་ཁོ་རང་གི་ནག་ཉེས་ཕྱི་ལོགས་སུ་ཐོན་ཡོད་པ་དང་། འདས་པའི་ལོ་གཅིག་ལྷག་རིང་ཁྲིམས་བཤེར་ཞིབ་འཇུག་བྱས་པ་བརྒྱུད་དེ་ཟླ་འདིའི་ཚེས་ ༥ ཉིན་ཁྲིམས་ཐག་གཅོད་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. བསེ་རུ་ཟང་ཐལ། says:
    ལོ་ 9 སྔོན།

    ངས་ཁྱེད་ངོ་མི་ཤེས་ཀྱང་། ཕོ་ཁྱོ་ག་ཟེར་ན་འདི་འདྲ་དགོས། འདི་འདྲའི་བོད་རིགས་ཤིག་ཐོན་ཐུབ་པར་འགྲིག་བཞག སྤོབས་པ་སྐྱེད་ཡག་རེད ། དེང་སྐབས་འཛམ་གླིང་འདིར་ཕྱུག་བདག་ཡིན་ན་རྐུན་མ་མིན་པའི་ཁྱབ་ཟེར་ཆོག ཁྱེད་རྐུན་མ་མ་རེད། ངོ་མ་མ་རེད། ལྷག་པར་དུ་ང་ཚོ་བོད་པའི་སྤྱི་ཚོགས་ནང་རྐུན་མ་ཡིན་ན་ཉམ་ཆུང་རྒྱབ་རྟགས་མེད་མཁན། སྤྱི་རྒྱུ་ཆང་ངེ་ཆུང་ངེ་དང་ཙག་ཙིག་རང་དོན་དུ་སྤྱོད་མི་ཤེས་མཁན་ཞིག་ཡིན་དགོས། ངོ་མ་ཡིན་ད། ཁྱེད་ཏོག་ཙམ་མགོ་བདེ་སོང་བ་རེད། རྒྱར་རྒན་ཁ་ཤས་ཀྱིས་མགོ་བསྐོར་བཏང་འདུག ཕྱིན་ཆད་ནས་གཟོན་གྱིས། ཁོང་ཚོས་བོད་བཟས་པ་དེ་ལ་རྐུན་མ་རེད་ཟེར་ནས་ངོས་ལེན་བྱེད་མཁན་མི་འདུག གས་གནང་གི་མ་རེད། བཙོན་ནས་མགྱོགས་པོ་ཐོན་ཤོག ༧རྒྱལ་བ་རིན་པོ་ཆེ་གཅིག་མཇལ། བཟོད་སྲོལ་ཅིག་ཞུས། དེ་ནས་ནེའུ་ཡོག་བོད་མིའི་སྤྱི་ཁང་དེ་ལེགས་སྒྲུབ་ཡོང་སླད་རོགས་རམ་ཏོག་ཙམ་ཅིག་བྱོས་དང། བོད་མིར་འཕྲལ་ཕུགས་གཉིས་ཀར་ཞབས་འདེགས་བླ་མེད་ཡིན་པར་རིམ་པས་ར་འཕྲོད་ཡོང་གི་རེད། དེ་ནས་བོད་ཕྱི་ནང་གི་་མི་ཆེ་ཆུང་ཚང་མས་ཁྱེད་རང་ལ་ལྷ་གསོལ་ཀླུ་གསོལ་གྱིས་བཀུར་རྒྱུ་ཡིན་ཡིན་པ་རེད། བློ་བཟང་དར་རྒྱས་དར་ཤོག བློ་བཟང་དར་རྒྱས་རྒྱས་ཤོག །

    Reply
  2. རིན་ཆེན་ says:
    ལོ་ 9 སྔོན།

    ཞབས་འདྲེན་པ་།

    Reply
  3. དཔལ་ཆེན་དོན་གྲུབ། says:
    ལོ་ 9 སྔོན།

    མྱི་ངར་བ་རེད། ཨ་སྒོར་ས་ཡ་མང་པོ་ཡར་སྐོར་མར་སྐོར་བྱེད་ཐུབ་པ་གཅིག་པུའང་རིག་སྟོབས་ཧ་ཅང་ཆེ་བའི་རྟགས་རེད།

    Reply
    • འབྲོང་བུ་སོག་ཚ། says:
      ལོ་ 9 སྔོན།

      རྐུན་མ་ལ་མྱི་ངར་མ་ཟེར་ན། ང་ཚོ་བོད་མིའི་བཟང་སྤྱོད་ཟེར་བ་དེ་ག་པར་ཕྱིན་སོང་། ཐུགས་རྗེ་གཟིགས་འགན་འཁྱེར་རོགས་གནང་།

      Reply
      • བཀྲིས་སྟོབས་རྒྱལ། says:
        ལོ་ 9 སྔོན།

        རང་ཅག་བོད་ལ་དེང་གི་དུས་སུ་ཨ་རིར་ན་ཨ་སྒོན་ཕོན་ཆེར་འདི་འདྲ་ཞིག་གི་ཉོ་ཚོང་བྱས་ཐུབ་པའི་མི་སྣ་ཞིག་བྱུང་ཡོད་པ་ནི་ཆེས་སྤོབས་པ་སྐྱེས་འོང་པའི་གནས་ཞིག་རེད།
        མ་ཟད་ཁོང་གིས་རྒྱ་མི་མང་དག་ལ་དངུལ་ཕོན་ཆེར་མགོ་སྐོར་བྱས་ཐུབ་པ་ནི་ལས་སླ་མོ་ཞིག་མ་རེད།

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese