མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་རུམ་ཕི་གཞུང་གསར་བས་བསླངས་པའི་དངངས་འཚུབ།

བོད་ཀྱི་དུས་བབ།
༢༠༡༧/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཊི་རུམ་ཕི་ཡིས་ལས་འཁུར་དམ་འབུལ་ཐོག ཨ་རིའི་རྒྱལ་མང་གི་ཁེ་ཕན་དང་བདེ་སྲུང་གཙོ་བོར་འཛིན་རྒྱུ་ཡིན་སྐོར་བཤད་རྗེས། ཨེ་ཤ་ཡའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཊི་རུམ་ཕི་ལ་སྐྱོན་བརྗོད་དང་། རྒྱལ་ཁབ་ཕན་ཚུན་བར་གྱི་དཔལ་འབྱོར་འབྲེལ་ལམ་ཐོག་དཀའ་རྙོག་འབྱུང་སྲིད་པར་ཞེད་སྣང་བསླངས་ཡོད་འདུག

davos-GettyImages-506262244-640x480

ཊི་རུམ་ཕི་ཡིས། ཕྱིའི་རྒྱལ་ཁབ་ཁག་ནས་ཨ་རིར་གནས་སྤོ་བྱས་ཡོད་པ་རྣམས་དང་ལས་བཟོ་བ་ཚོས་ཨ་རིའི་མི་མང་གི་ལས་གནས་ལ་གོད་ཆགས་ཆེན་པོ་བཟོས་ཡོད་སྟབས། ཨ་རིའི་སྟོབས་འབྱོར་སླར་གསོ་བྱ་རྒྱུ་ནི་ཨ་རིའི་གཞུང་གསར་བའི་ལས་འགན་གཙོ་བོ་ཡིན་སྐོར་བརྗོད་ཡོད་པ་དེར། ཉི་ཧོང་གི་གཞུང་འབྲེལ་བརྒྱུད་ལམ་ (Yomiuri Shimbun)ཞེས་པའི་སྟེང་། ཨ་རིའི་གཞུང་གསར་བའི་འོག་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་རྒྱལ་མཚམས་རྩོད་གླེང་ནང་ཚུད་སྲིད་སྟབས། ཕོ་བྲང་དཀར་པོའི་ངོས་ནས་སྐུ་ཞབས་ཊི་རུམ་ཕི་ཡི་གཏམ་སྤྱོད་ལ་འགན་འཁུར་དགོས། ཞེས་བཀོད་འདུག

རྒྱ་ནག་མི་མདམངས་ཉིན་རེའི་གསར་འགྱུར་ནང་། ཨ་རིའི་གཞུང་གསར་བས་ཨ་རྒྱའི་བར་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་གལ་ཆེན་རང་བཞིན་ཤེས་དགོས་པ་དང་། གལ་ཏེ་ཨ་རིའི་གཞུང་གསར་བས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མ་བཏང་ཚེ་པེ་ཅིན་གཞུང་གིས་ཡ་ལན་ནན་པོ་བསློག་རྒྱུ་ལས་ལམ་ཁ་གཞན་མེད་སྟབས། རྒྱལ་ཁབ་གཉིས་ཀས་ནས་བསམ་ཤེས་དང་། རྩོད་ཉོག་ལ་སྟངས་འཛིན་བྱས་ན་བཟང་ཚུལ་འཁོད་འདུག

ཨོ་སི་ཊོར་ལི་ཡའི་བརྒྱུད་ལམ་ (Sydney Morning Herald) ཞེས་པའི་སྟེང་། ང་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཞིག་ཨ་རི་དང་རྒྱ་ནག་གི་ཚོང་ཟོག་སྐྱེལ་འདྲེན་ལ་བརྟེན་ཡོད་སྟབས། ཨ་རིའི་སྲིད་གཞུང་གསར་པའི་བྱེད་སྟངས་ཀྱིས་ང་ཚོར་དཀའ་ངལ་འཕྲད་སྲིད་སྟབས། ང་ཚོས་ཉོ་ཚོང་སྐྱེལ་འདྲེན་དང་། ཨུ་རུ་སུའི་གནད་དོན། འཛམ་གླིང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐད་གྲོས་ཆོད་གསར་བ་ཞིག་འཇོག་རྒྱུར་བསམ་བློ་གཏོང་དགོས། ཞེས་འཁོད་འདུག

རྒྱ་གར་བང་ཆེན་ (Indian Express) སྟེང་། རྒྱ་གར་གྱིས་ཨ་རིའི་རང་སྲུང་རིང་ལུགས་ཀྱི་ཕྱི་འབྲེལ་སྲིད་ཇུས་དང་། དམངས་གཙོའི་ལམ་ལུགས་ཁ་རུ་ཁྱེར་ཏེ། དེང་གི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་བབ་ལ་འགན་འཁུར་མེད་པའི་གཏམ་སྤྱོད་དེ་རིགས་ལ་གདོང་ལེན་བྱ་རྒྱུར་གྲ་སྒྲིག་བྱེད་དགོས་ཚུལ་འཁོད་འདུག

གཞན། ཉེ་ཆར་གསར་ལམ་ཁག་ཅིག་གི་བཅར་འདྲིའི་ལན་དུ་སྐུ་ཞབས་ཊི་རུམ་ཕི་ཡིས། ཡུ་རོབ་རྒྱལ་ཁབ་ཁག་ཡུ་རོབ་མཐུན་ཚོགས་ནང་མུ་མཐུད་སྡོད་འདོད་ཡོད་མེད་ལ་མང་མོས་འོས་བསྡུ་བྱ་དགོས་སྐོར་དང་། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ལས་ཕྱིར་བུད་པ་དེ་ཧ་ཅང་ལེགས་ཚུལ་བཤད་ཡོད་སྟབས། སུད་སིར་འཚོགས་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྟེང་། ཆབ་སྲིད་དང་དཔལ་འབྱོར་གྱི་མགོ་ཁྲིད་མང་པོ་ཞིག་གིས་དངོས་ཤུགས་ཅི་རིགས་ནས་བརྡ་ལན་སྤྲད་ཡོད་པ་རེད།

ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་རྗུ་ནག་ཀིར་ (Juncker) གྱིས། གལ་ཏེ་ཨ་རིའི་གཞུང་གསར་བས་ཡུ་རོབ་རྒྱལ་ཁབ་ཁག་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འབུད་པར་སྐུལ་མ་བཏང་ཚེ། ཡུ་རོབ་མཐུན་ཚོགས་ངོས་ནས་ཨ་རིའི་བྱང་ཤར་མངའ་སྡེ་ (Ohio) ཨ་རི་ལས་ལོགས་སུ་འབུད་པར་འབོད་སྐུལ་གཏོང་ངེས་ཡིན། ཞེས་བརྗོད་འདུག

ཧྥ་རིན་སའི་དཔལ་འབྱོར་བློན་ཆེན་མེ་ཆིལ་ (Michel Sapin) གྱིས། སྐུ་ཞབས་ཊི་རུམ་ཕི་ཡིས་དེ་སྔོན་རྒྱལ་སྤྱིའི་ཚོང་དོན་གྲོས་ཆོད་ཁག་བཀག་སྡོམ་དང་། གྲོས་ཆོད་གསར་པ་འཇོག་དགོས་ཚུལ་བཤད་པ་དེ་དག་དངོས་སུ་ལག་བསྟར་བྱས་ཚེ། དེས་རྒྱལ་སྤྱིའི་ཚོང་འབྲེལ་ཐོག་གནོན་སྐྱོན་ཆེན་པོ་ཐེབས་ངེས་ཡིན་སྟབས། ཕོ་བྲང་དཀར་པོའི་ངོས་ནས་གནད་དོན་དེ་དག་ཐོག་དབུ་མའི་ལམ་གྱི་སྲིད་ཇུས་ཤིག་འཛིན་དགོས་སྐོར་བཤད་འདུག

དེ་བཞིན། ཊི་རུམ་ཕི་ཡིས་དེ་སྔ་ཨ་རིས་འཇར་མན་གྱི་རླངས་འཁོར་མང་པོ་ཉོ་བཞིན་ཡོད་ཀྱང་། འཇར་མན་གྱིས་ཨ་རིའི་རླངས་འཁོར་གཅིག་ཀྱང་ཉོ་ཡི་མེད་སྟབས། ཁོས་མ་འོངས་པར་འཇར་མན་གྱི་ཚོང་ཟོག་དཔྱ་ཁྲལ་བརྒྱ་ཆ་ ༣༥ སྤར་རྒྱུ་ཡིན་སྐོར་བཤད་ཡོད་སྟབས། འཇར་མན་གྱི་ནོར་སྲིད་བློན་ཆེན་སི་ཆུ་བྷལ་ (Schäuble) ལགས་ཀྱིས་ཨ་རིའི་གཞུང་གསར་བས་རྒྱལ་སྤྱིའི་ཉོ་འཚོང་གྲོས་ཆོད་ཁག་ལ་བརྩི་འཇོག་བྱེད་དགོས་ཚུལ་བརྗོད་འདུག

ཨུ་རུ་སུའི་སྲིད་བློན་མི་ཌ་ཝི་ཌི་ཝ་ (Medvedev) ཡིས། ཨོ་བྷ་མའི་གཞུང་གིས་ཨ་རི་དང་ཨུ་རུ་སུའི་འབྲེལ་ལམ་དེ་ཚད་དམའ་ཤོས་སུ་བསྐྱལ་ཡོད་པ་དང་། ཊི་རུམ་ཕི་ཡིས་ཨུ་རུ་སུར་སྲིད་བྱུས་གང་འདྲ་འཛིན་མིན་ད་ལྟ་ད་དུང་ཁ་གསལ་མེད་ཀྱང་། ཨ་རིས་ད་བར་དུ་ཨུ་རུ་སུར་སྲིད་ཇུས་དེ་འདྲ་ཞིག་འཛིན་དགོས་པའི་རྒྱུ་མཚན་གསལ་བཤད་བྱེད་པའི་རེ་བ་ཡོད། ཨུ་རུ་སུའི་ཕྱོགས་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་གྲ་སྒྲིག་ཡོད། ཅེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese