མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དབང་ཐེངས་ ༣༤ པའི་བྱུང་ཧིན་སྒོར་ས་ཡ་སུམ་བརྒྱ་ལྷག་ནས་ས་ཡ་ ༢༧༢ ལྷག་བཏང་རྗེས་ལྷག་མ་ཚང་མ་སྤྱི་ཚོཊ་བདེ་རྩར་གཏོང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

དུས་དབང་ཐེངས་ ༣༤ པའི་ཁྱོན་བསྡོམས་འགྲོ་སོང་གི་བརྒྱ་ཆ་ ༢༩ ལྷག་ཙམ་ཡོན་བདག་ཁག་གི་བསྡུ་འབབ་ཁོངས་ནས་བྱུང་བ་དང་། དེ་འཕྲོས་བརྒྱ་ཆ་ ༧༠ ལྷག་ཙམ་དད་ལྡན་ཆོས་ཞུ་བ་རྣམ་པའི་ཞལ་འདེབས་ལས་བྱུང་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གོ་སྒྲིག་ཚོགས་ཆུང་ནས་དུས་དབང་གི་བྱུང་སོང་ལྷག་གསུམ་གྱི་མཐའ་བསྡོམས་རྩིས་ཁྲ་གསལ་བསྒྲགས་གནང་བ་ལྟར་ན། ཐེངས་འདིའི་དུས་དབང་སྐབས་ཁྱོན་ཧིན་སྒོར་༣༠༣,༦༤༡,༠༣༤(ས་ཡ་སུམ་བརྒྱ་གསུམ་དང་དྲུག་འབུམ་བཞི་ཁྲི་ཆིག་སྟོང་བརྒྱ་མེད་སུམ་ཅུ་སོ་བཞི)བྱུང་ཡོད་པ་དང་། འགྲོ་སོང་ཧིན་སྒོར་༢༧༢,༦༩༢,༥༩༩ (ས་ཡ་ཉིས་བརྒྱ་དོན་གཉིས་དང་དྲུག་འབུམ་དགུ་ཁྲི་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་གོ་དགུ)བཏང་རྗེས། ཧིན་སྒོར་ ༣༠,༩༤༨,༤༣༥ (ས་ཡ་སུམ་ཅུ་དང་དགུ་འབུམ་བཞི་ཁྲི་བརྒྱད་སྟོང་བཞི་བརྒྱ་སུམ་ཅུ་སོ་ལྔ)་ལྷག་ཡོད་པ་རྣམས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྔོན་བསྩལ་རྩ་འཛིན་ལམ་སྟོན་ཇི་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་རྩར་གཏང་སྟེ། ལྷག་བསྡད་ཀྱི་དངུལ་འབོར་ཀླད་ཀོར་བཟོས་གནང་ཡོད་འདུག དུས་དབང་ཐེངས་ ༣༤ པ་གཞུང་འབྲེལ་ཐོག་གོ་སྒྲིག་གནང་བ་ལྟར་བོད་མིའི་སྒྲིག་འཛུགས་ནས་འགྲོ་གྲོན་འཆར་རྩིས་འདང་ངེས་གནང་ཡོད་ཀྱང་། དུས་དབང་གི་ཁྱོན་བསྡོམས་ཀྱི་འགྲོ་སོང་གི་བརྒྱ་ཆ་ ༢༩ ལྷག་ཙམ་ཡོན་བདག་ཁག་གི་བསྡུ་འབབ་ཁོངས་ནས་བྱུང་བ་དང་། དེ་འཕྲོས་བརྒྱ་ཆ་ ༧༠ ལྷག་ཙམ་དད་ལྡན་ཆོས་ཞུ་བ་རྣམ་པའི་ཞལ་འདེབས་ལས་བྱུང་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ནས་དུས་དབང་གོ་སྒྲིག་ཆེད་ས་གནས་གནད་ཡོད་མི་སྣར་ཆེད་བཅར་དང་།  ལས་བྱེད་ ༡༣༠ ལྷག་གིས་ཉིན་གྲངས་ ༢༠ ནས་ ༩༠ བར་གྲ་སྒྲིག་གནང་བར་འགྲོ་སོང་བཏང་བ་སོགས་མ་གཏོགས་དུས་དབང་གི་མཛད་རིམ་་ལ་འགྲོ་སོང་གཏོང་དགོས་ཁེལ་མི་འདུག

གསར་འགོད་ལྷན་ཚོགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་དུས་དབང་གི་མཐའ་བསྡོམས་སྔོན་རྩིས་དང་འབྲེལ་བའི་གསལ་བཤད་ཁག་ཅིག་གནང་སྐབས། མཐའ་བསྡོམས་རྩིས་ཁྲ་གསལ་བསྒྲགས་ད་བར་འགོར་བའི་རྒྱུ་རྐྱེན་ནི། དངུལ་ཁང་བརྒྱུད་ཞལ་འདེབས་བྱུང་ཁག་ཅིག་གི་ཞིབ་གནས་རྩད་གཅོད་བྱ་རྒྱུ་དང་། ད་སྔོན་སོང་འཆར་གྱི་ངོ་བོར་ཡོད་པའི་འགྲོ་གྲོན་ཁག་ཅིག་གི་སོང་ཁྲ་ངོ་མ་རྒྱ་བལ་འབྲུག་གསུམ་གྱི་ས་གནས་སོ་སོ་ནས་འབྲེལ་ཡོད་ལས་ཁུངས་བརྒྱུད་འབུལ་འབྱོར་དགོས་པ་དངོས་འབྲེལ་རྒྱུ་མཚན་ཅི་རིགས་ལ་བརྟེན་ནས་ཕྲན་བུ་འབུལ་འགྱངས་བྱུང་བ། བྱུང་སོང་ཁ་འཐབ་ཀྱི་དངུལ་ལྷག་ཇི་ཐོན་ངེས་མཚམས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྔོན་བསྩལ་རྩ་འཛིན་ལམ་སྟོན་གྱི་འབྲུ་དོན་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་རྩ་ཁོ་ནར་སྨིན་གཏོང་གནང་ཕྱོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་གསེང་དང་འབྲེལ་ཐག་གཅོད་གཏན་འབེབས་གནང་དགོས་པའི་བརྒྱུད་རིམ་བཅས་ལ་བརྟེན་ནས་བྱུང་བ་དང་། དེ་བཞིན། གོང་གསལ་མཐའ་བསྡོམས་བྱུང་སོང་དངུལ་འབོར་དང་གསལ་བསྒྲགས་སྔ་མའི་ཚོད་རྩིས་བྱུང་སོང་དངུལ་འབོར་དབར་བར་ཁྱད་ཕྲན་བུ་ཕྱིན་ཡོད་པ་ནི། གསལ་བསྒྲགས་སྔ་མའི་ནང་གསེས་དངུལ་འབོར་ཁག་ཅིག་ཡོང་བསྡད་དང་སོང་འཆར་གྱི་ངོ་བོར་ཡོད་པ་དང་། ཕྱི་དངུལ་གྱི་ཛ་ཐང་ཐོག་མའི་ཚོད་རྩིས་ལྟར་མ་གནས་པ་བཅས་ཀྱི་དབང་གིས་བྱུང་ཡོད་སྐོར་སོགས་གསུངས་སོང་།

དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྔོན་བསྩལ་རྩ་འཛིན་ལམ་སྟོན་ཇི་བཞིན་དངུལ་དངུལ་ལྷག་ས་ཡ་ ༣༠ བརྒལ་བ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་རྩར་སྨིན་གཏོང་བགོ་འགྲེམས་གནང་གཏན་འཁེལ་བ།

བོད་བརྒྱུད་ནང་བསྟན་གྱི་རྟེན་གཞི་བྱེས་ཁྲོད་རིས་མེད་དགོན་སྡེ་ཁག་གི་དཔེ་འཁྲིད་དགེ་རྒན་དང་སློབ་གཉེར་བ་མང་པོ་མཆིན་པའི་གཉན་ཚད་ལ་བརྟེན་ནས་དུས་མིན་རྐྱེན་འདས་ཤོར་བའི་གནས་ཚུལ་ཐོན་དང་འཐོན་བཞིན་པ་སོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་སྔོན་འགོག་དང་སྨན་བཅོས་ཚད་ལྡན་ཐུབ་སླད་འཕྲོད་བསྟེན་ལས་ཁུངས་ནས་ཛ་དྲག་ལས་གཞི་སྤེལ་རྒྱུའི་མ་དངུལ་ཆེད་ཧིན་སྒོར་ ༡༠,༠༠༠,༠༠༠ (ས་ཡ་བཅུ་ཐམ་པ་) གནང་རྒྱུ།

ནང་སྲིད་ལས་ཁུངས་ཀྱི་གཟིགས་སྐྱོང་འོག་ཡོད་པའི་རྒས་གསོ་ཁང་རྣམས་ཀྱི་ནང་ཆས་གསར་བཟོའི་འགྲོ་སོང་ཆེད་འཆར་རྩིས་ཟུར་འབྱོར་ལྟར། ཧིན་སྒོར་ ༤,༩༨༠,༡༥༠ (ས་ཡ་བཞི་དང་དགུ་འབུམ་བརྒྱད་ཁྲི་སྟོང་མེད་བརྒྱ་དང་ལྔ་བཅུ་ཐམ་པ) གནང་རྒྱུ།

མ་སུ་རི་བོད་ཁྱིམ་སློབ་གྲྭའི་རོགས་ཚོགས་གཙོ་བོ་ sos ནས་གློ་བུར་སློབ་ཡོན་རོགས་དངུལ་གནང་མཚམས་བཞག་པ་ལ་བརྟེན་ནས་གཞི་རིམ་སློབ་ཐོན་པ་མང་པོར་མཐོ་རིམ་སློབ་ཡོན་སྤྲོད་དམིགས་མེད་པའི་ཛ་དྲག་དཀའ་ངལ་སེལ་སླད། ཧིན་སྒོར་ ༤,༠༠༠,༠༠༠ (ས་ཡ་བཞི་) གནང་རྒྱུ།

བཞུགས་སྒར་དུ་ལོ་ལྟར་ས་གནས་ཧིན་བོད་མཛའ་ཚོགས་སོགས་ས་གནས་ཡུལ་མིའི་ཚོགས་སྡེ་ཁག་ཅིག་ནས་ཧི་མཱ་ལ་ཡའི་དུས་སྟོན་ (Himalayan Festival) ཞེས་པ་གོ་སྒྲིག་གནང་བཞིན་ཡོད་པ་དེར་བོད་མིའི་སྒྲིག་འཛུགས་ནས་ཡུལ་མིར་མཐུན་འབྲེལ་དང་རིག་གཞུང་མཉམ་འབྲེལ་ལ་དམིགས་ཏེ་དུས་སྟོན་དེའི་འགྲོ་གྲོན་ཐོག་རོགས་སྐྱོར་གང་འཚམས་རེ་ནང་སྲིད་ལས་ཁུངས་བརྒྱུད་གནང་མུས་ཡིན་པ་དེའི་མ་དངུལ་ཆེད།    ཧིན་སྒོར་ ༢,༠༠༠,༠༠༠ (ས་ཡ་གཉིས་) ནང་སྲིད་ལས་ཁུངས་ལ་གནང་རྒྱུ།

ལྡེ་ར་ལྡུན་ཁྱབ་ཁོངས་རཱཇ་པུར་ལ་རྟེན་གཞི་བྱེད་པའི་མྱོས་རྫས་ངན་གོམས་བཅོས་ཐབས་ཁང་ཞི་བདེ་ཁང་གསར་ཞེས་པ་དེར་བོད་རིགས་ན་གཞོན་ཁག་ཅིག་ཡོད་པ་ཁོང་ཚོའི་འཚོ་གོས་གནས་སྟངས་ཧ་ཅང་ཞན་པོ་ཡོད་གནས་དངོས་སུ་ར་འཕྲོད་བྱུང་འདུག་པས། ཁོང་ཚོར་གྱོན་ཆས་གསར་ཉོ་སོགས་གཟིགས་རྟོག་ཇི་དགོས་ཆེད་འཕྲོད་བསྟེན་ལས་ཁུངས་བརྒྱུད་རོགས་སྐྱོར་ཧིན་སྒོར་ ༣༥༠,༠༠༠ (སུམ་འབུམ་ལྔ་ཁྲི་ཐམ་པ་) ཞི་བདེ་ཁང་གསར་ལ་གནང་རྒྱུ།

རྒྱ་གར་བྱང་རྒྱུད་གཞིས་ཆགས་ཆུང་ཁག་ཅིག་ཏུ་མང་ཚོགས་ནས་བསྟན་སྲིད་སྤྱི་རིམ་ཆེད་ལོ་ལྟར་ཆག་མེད་ མ་ཎི་དུང་སྒྲུབ་གསོག་སྒྲུབ་ཞུ་བཞིན་ཡོད་རུང་། དེ་ལྟར་བྱ་རྒྱུར་མཐུན་རྐྱེན་དང་འགྲོ་གྲོན་གྱི་དཀའ་ངལ་ཅི་ཆེ་ཡོད་གནས་དངོས་སུ་ར་འཕྲོད་བྱུང་འདུག་པས། མང་ཚོགས་ཁྲོད་ནས་གལ་ཆེའི་སྤྱི་རིམ་དེ་དག་མུ་མཐུད་རྒྱུན་སྐྱོང་ཐུབ་སླད། ཆོས་རིག་ལས་ཁུངས་བརྒྱུད་ཚོགས་སྡེ་དེ་དག་ལ་རོགས་དངུལ་ཧིན་སྒོར་ ༥༩༣,༨༤༠    (ལྔ་འབུམ་དགུ་ཁྲི་སུམ་སྟོང་བརྒྱད་བརྒྱ་བཞི་བཅུ་ཐམ་པ་) བགོ་འགྲེམས་གནང་རྒྱུ་ཡིན་འདུག

མཇུག་ཏུ་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་ཐེངས་   ༣༤ པའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གཙོ་བོ་དང་གོ་སྒྲིག་འགན་འཁུར་ཡོངས་རྫོགས་བོད་མིའི་སྒྲིག་འཛུགས་ནས་འཁུར་གནང་རྒྱུ་བྱས་པ་ལྟར། གོ་སྒྲིག་འགན་དབང་ཆ་ཚང་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་བཀའ་ཤག་ཐོག་བབས་པ་ལྟར། དུས་དབང་གི་ལས་དོན་ཞུ་སྒོ་མཐའ་དག་ཁྲིམས་སྒྲིག་འགྲོ་ལུགས་དང་ཡོངས་སུ་མཐུན་ཞིང་། བྱ་སྤུ་གནོན་གྱི་གོ་རིམ་དང་ལྡན་པ། མང་ཚོགས་ཞབས་ཞུའི་ལས་དོན་རྣམས་ཀྱང་གནད་དུ་སྨིན་པ་བྱུང་ཡོད་ཅེས་དགའ་སྤྲོ་དང་སྤོབས་པ་ཆེན་པོས་ཞུ་བ་དང་ཆབས་གཅིག ཐེངས་ ༣༤ པའི་དུས་འཁོར་དབང་ཆེན་གྱི་གྲ་སྒྲིག་འགན་འཁུར་གནང་མཁན་དབུ་ལས་ཡོངས་དང་། ལྷག་པར་དངོས་སུ་ལས་དོན་འགན་འཁུར་གནང་མཁན་ཚོགས་ཆུང་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ།  དང་བླངས་ཚོགས་སྡེ་ཁག་གི་འགོ་ལས་རྣམ་པ་བཅས་ཚང་མར་ལེགས་སོའི་བསྔགས་བརྗོད་དང་འབྲེལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese