མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཁྲོམ་རྭའི་དཔལ་འབྱོར་འཕེལ་རྒྱས་ཚོད་དཔག་ལས་བརྒལ།

བོད་ཀྱི་དུས་བབ།
༢༠༡༧/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ད་ལོའི་དཔལ་འབྱོར་འཕེལ་ཚད་དེ་ཕྱི་ཟླ་ ༤ བ་ནས་ ༧ པའི་བར་གྱི་ཟླ་གསུམ་རིང་ལ་ ༦.༩ ཟིན་ཡོད་ཅིང་། དེ་ནི་དཔལ་འབྱོར་སྔོན་རྩིས་ཚོད་དཔག་ལས་བརྒལ་ཡོད་འདུག

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ད་ལོའི་ལོ་ཕྱེད་རིང་གི་དཔལ་འབྱོར་འཕེལ་ཚད་དེ་རྒྱ་ནག་གཞུང་གི་དཔལ་འབྱོར་དམིགས་ཚད་ལས་བརྒལ་ཡོད་ཀྱང་། ད་ལོའི་ལོ་ཕྱེད་རིང་གི་དཔལ་འབྱོར་འཕེལ་ཚད་དེ་ན་ནིང་གི་ཟླ་གསུམ་གྱི་འཕེལ་ཚད་དང་གཅིག་པ་ཆགས་ཡོད་འདུག

དཔལ་འབྱོར་ཉམས་ཞིབ་པ་པ་ཚོས། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དལ་མོ་ཡིན་པའི་རྒྱུ་མཚན་གཙོ་བོ་ད་ལོ་ནས་བཟུང་སྲིད་གཞུང་གིས་གཞུང་གི་རྒྱུ་དངོས་གཡར་འཇོག་དང་ས་ཆ་བག་གཏོང་སོགས་ལ་སྟངས་འཛིན་ཤུགས་ཆེ་རུ་བཏང་ཡོད་པས་ཡིན་སྐོར་བརྗོད་ཡོད།

རྒྱ་ནག་གིས་ ༢༠༡༧ ལོའི་ལོ་ཕྱེད་རིང་གི་དཔལ་འབྱོར་འཕེལ་ཚད་དེ་ ༦.༥ ཡིན་པར་ཚོད་དཔག་བྱས་ཡོད་ཀྱང་། ཉེ་སྔོན་བཏོན་པའི་སྙན་ཐོ་ལྟར་ན། ད་ལོའི་ལོ་ཕྱེད་རིང་གི་དཔལ་འབྱོར་འཕར་ཚད་དེ་སྔའི་ཚོད་དཔག་ལས་བརྒལ་ཏེ་ ༦.༩ ཆགས་ཡོད་འདུག

རྒྱ་ནག་གིས་ཁང་པ་བག་གཏོང་དང་རྒྱུ་ནོར་གཡར་འཇོག་གི་ཁྲོམ་རྭའི་ཚད་གཞི་དམའ་རུ་སོང་ཡོད་ན་ཡང་། ད་ལོའི་ལོ་ཕྱེད་རིང་དངོས་ཟོག་མ་འཛུགས་ཀྱི་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ་ ༨།༥ ལ་ཟིན་ཡོད་པ་དང་། དེ་ནི་ ༢༠༡༦ ལོའི་ད་ལྟའི་དུས་ཚོད་འདིའི་འཕེལ་ཚད་དང་གཅིག་པ་ཆགས་ཡོད་འདུག

དཔལ་འབྱོར་ཉམས་ཞིབ་པ་ཁ་ཤས་ཀྱིས་རྒྱ་ནག་གཞུང་གིས་དངོས་ཟོག་གཡར་གཏོང་གི་ལམ་ལུགས་ཇེ་དམ་དུ་གཏོང་གི་ཡོད་པ་དེས་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པར་བརྗོད་ཡོད། རྒྱ་ནག་གི་དཔལ་འབྱོར་ཉམས་ཞིབ་པ་ལཱ་རེ་སི་ཕིན་(Iris Pang)གྱིས་ “དངོས་ཟོག་བུན་གཡར་དང་བག་གཏོང་གི་གོང་ཚད་འཕར་བ་དང་སྟངས་འཛིན་ཤུགས་ཆེ་རུ་བཏང་བ་དེས་ལོ་གཅིག་གི་དཔལ་འབྱོར་འཕེལ་ཚད་ཀྱི་ལོ་ཕྱེད་ཀའི་ཟླ་རྗེས་མ་དག་ལ་ཤུགས་རྐྱེན་ཐེབས་སྲིད་ན་ཡང་། ཤུགས་རྐྱེན་དེའང་ང་ཚོས་བསམ་པ་ལྟར་རྒྱ་ནག་རྒྱལ་ཡོངས་སུ་ཐེབས་ཐུབ་པ་ཞིག་མིན་པར། དཔལ་འབྱོར་ལྟེ་བའི་གྲོང་ཁྱེར་རིམ་པ་དང་པོ་དག་ཁོ་ནར་ཐེབས་སྲིད་ན་ཡང་། གྲོང་ཁྱེར་རིམ་པ་གསུམ་པ་དང་བཞི་བའི་དག་གི་དཔལ་འབྱོར་འཕེལ་ཚད་ཅུང་ཙམ་ཡར་རྒྱས་ཕྱིན་ཏེ། དཔལ་འབྱོར་འཕེལ་ཚད་མར་ཆགས་པའི་རིམ་པ་དང་པོའི་གྲོང་ཁྱེར་ཁག་གི་རྗེས་ཟིན་ཡོང་དུས་སྤྱིའི་དཔལ་འབྱོར་གནས་བབ་གཅིག་པ་ཆགས་ཡོང་གི་ཡོད་པ་རེད།”ཅེས་བརྗོད་འདུག

རྒྱ་ནག་གི་ལོ་ངོ་ ༢༦ རིང་གི་དཔལ་འབྱོར་འཕེལ་ཚད་དེ་ ༢༠༡༦ ལོ་ནས་ཇེ་ཞན་དུ་ཕྱིན་ཡོད་ན་ཡང་། གཟའ་ཟླ་བའི་ཉིན་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དཔྱད་ཞིབ་རེའུ་མིག་ཅིག་བཏོན་པ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་བསྐྱར་དུ་ཡར་རྒྱས་འགྲོ་བཞིན་ཡོད་པ་བསྟན་ཡོད་ལ། དངོས་ཟོག་ཐོན་སྐྱེད་བཟོ་གྲྭ་ཁག་གི་དཔལ་འབྱོར་འཕེལ་ཚད་ཟླ་ ༦ པའི་ནང་བརྒྱ་ཆ་ ༧.༦ ལ་བསླེབས་ཏེ་སྔོན་དཔག་ལས་ ༦.༥ ལས་བརྒལ་ཡོད་འདུག

དེ་བཞིན། ཉེར་མཁོའི་དངོས་ཟག་གི་འཕར་ཚད་དེ་ ༢༠༡༦ ལོའི་ཟླ་ ༦ པའི་ནང་གི་འཕར་ཚད་དང་བསྡུར་ན་བརྒྱ་ཆ་ ༡༡ འཕར་ཡོད་པ་དང་། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་དུས་རྒྱུན་གྱི་ཚོད་དཔག་ལས་བརྒལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

སྐར་མ ༣༦ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཇི་ཙམ་ཕྱིན་ཀྱང་རྒྱ་ནག་ནང་དཔལ་འབྱོར་གྲལ་རིམ་གྱིྈམཐའ་རུ་ཡོད་པའི་འབྱོར་མེད་གྲལ་རིམ་ས་ཡ་མང་པོ་ཡོད་པ་དེ་ཚོ་ལ་བལྟས་ན་རྒྱ་ནག་གི་དཔལ་འབྱོར་ཇི་ཙམ་ཡར་རྒྱས་ཕྱིན་ཀྱང་ཧང་སང་གི་མི་འདུག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese