མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇ་སི་ཊིན་བྷི་བྷར་ཡང་རྒྱ་ནག་གིས་བཀག་འགོག་བྱས་པའི་གྲས་སུ་ཚུད།

བོད་ཀྱི་དུས་བབ།
༢༠༡༧/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་གཞས་པ་གྲགས་ཅན་ཇ་སི་ཊིན་བྷི་བྷར་(Justin Bieber)ལགས་སུ་མི་མང་གི་འདོད་བློ་དང་མི་མཐུན་པའི་ཀུན་སྤྱོད་ཞན་ལུགས་བརྗོད་དེ་རྒྱ་ནག་གཞུང་གིས་ཁོ་པའི་རོལ་དབྱངས་སྤྲོ་སྟོན་རྒྱ་ནག་ཏུ་འཚོག་རྒྱུ་བཀག་སྡོམ་བྱས་ཡོད།

ཇ་སི་ཊིན་བྷི་བྷར་ཕྱི་ལོ་༢༠༡༤ཟླ་༡ཚེས་༢༣ཉིན་ར་བཟི་བ་དང་ལག་ཁྱེར་མེད་པར་རླངས་འཁོར་བཏང་བ། འཛིན་བཟུང་ལས་གཡོལ་ཐབས་བཅས་བྱས་རྐྱེན་ཉེན་རྟོག་པས་བཀག་ཉར་བྱེད་སྐབས་ཀྱི་འདྲ་པར།

ཧོང་ཀོང་རང་དབང་གསར་ཁང་གིས་ ༢༠༡༧།༧།༢༡ ཉིན་སྤེལ་བའི་གནས་ཚུལ།

བྷི་བྷར་གྱིས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༣ ནས་རང་ཉིད་ཀྱི་གཞས་ཀྱི་བརྙན་འཁོར་གསར་ཤོས་དེ་དྲིལ་བསྒྲགས་བྱེད་བཞིན་ཡོད། ཁོ་པས་ཟླ་ ༩ ཚེས་ ༢༧ ཉིན་ཧོང་ཀོང་དུ་རོལ་དབྱངས་སྤྲོ་སྟོན་སྐོང་འཚོགས་བྱས་ཡོད་ཀྱང་སྐམ་ས་ཆེན་མོར་གྲོ་སྒྲིག་བྱེད་ཐུབ་མེད།

ཁོ་པར་དུང་ཞེན་ཅན་ཞིག་གིས་གཟའ་ཉི་མའི་ཉིན་པེ་ཅིན་གྲོང་ཁྱེར་རིག་གཞུང་དོན་གཅོད་ཁང་གི་དྲ་ཚིགས་ཐོག་ “ཇ་སི་ཊིན་བྷི་བྷར་ནི་རིག་རྩལ་ཆེ་ལ། གཟེངས་རྟགས་མང་པོ་ཐོབ་པའི་གྲགས་ཅན་གཞས་པ་ཞིག་རེད། ཁོང་ལ་དགའ་ཞེན་ཆེ་བའི་སྐམ་ས་ཆེན་མོའོ་མི་རྣམས་ལ་ཁོང་གི་སྙན་དབྱངས་ལ་རོལ་བའི་ཐོབ་ཐང་མེད་པ་གང་ཡིན་ནམ།” ཞེས་འབྲི་འགོད་བྱས་ཡོད།

རིག་གཞུང་དོན་གཅོད་ཁང་དེས་གཟའ་མིག་དམར་ཉིན། ཁོ་པར་དུང་ཞེན་ཅན་ཚོའི་ཚོར་སྣང་ལ་དོ་ཁུར་ཡོད་ཚུལ་དང་ལྷན། “ཇ་སི་ཊིན་བྷི་བྷར་རིག་རྩལ་ལྡན་པ་ཞིག་ཡིན་རུང་། རྩོད་རྙོག་ཅན་གྱི་ཕྱི་རྒྱལ་གྱི་ན་གཞོན་གཞས་པ་ཞིག་རེད།” ཅེས་དང་། “ང་ཚོས་གོ་ཤེས་ཐུབ་པ་ནི། ཁོ་པ་སྤྱི་ཚོགས་ཀྱི་གལ་ཆེའི་མི་སྣ་ཞིག་ཡིན་པའི་ཆ་ནས་ཕྱི་རྒྱལ་གྱི་སྤྱི་ཚོགས་འཚོ་བ་དང་རྒྱལ་ནང་དུ་རོལ་དབྱངས་སྤྲོ་སྟོན་གྱི་སྐབས། དམངས་ཀྱི་འདོད་བློ་དང་མི་མཐུན་པའི་ཀུན་སྤྱོད་ཞན་པའི་སྐྱོན་ཆ་ཆེན་པོ་ཡོད་པ་དེ་ཡིན།” ཞེས་ལན་འདེབས་བྱས་ཡོད་པ་དང་། “ཁྲོམ་རར་རོལ་དབྱངས་སྤྲོ་སྟོན་གྱི་དགོས་མཁོ་སྟངས་འཛིན་དང་། རྒྱལ་ཁབ་ཏུ་རོལ་དབྱངས་སྤྲོ་སྟོན་གྱི་ཁྲོམ་རྭའི་ཁོར་ཡུག་གཙང་མ་ཡོང་སླད། ཀུན་སྤྱོད་མི་བཟང་བའི་མི་སྣ་ངོ་སྤྲོད་བྱེད་པ་ནི་འོས་ཤིང་འཚམས་པ་མིན། འོན་ཀྱང་ཁོ་པ་ལོ་ན་ཆེ་རུ་འགྲོ་རིམ་བཞིན་ཀུན་སྤྱོད་ཡར་རྒྱས་དང་། མང་ཚོགས་ཀྱིས་དངོས་གནས་དགའ་མོས་བྱེད་པའི་གཞས་པ་ཞིག་ཏུ་གྱུར་བའི་རེ་བ་བྱེད་ཀྱི་ཡོད་” ཅེས་འབྲི་བཀོད་བྱས་ཡོད།

པེ་ཅིན་གྲོང་ཁྱེར་རིག་གཞུང་དོན་གཅོད་ཁང་གི་རྒྱ་ཡིག་དྲ་ཚིགས།

ཕྱི་ལོ་ ༢༠༡༣ ལོར་བྷི་བྷར་གྱིས་རྒྱ་ནག་གི་པེ་ཅིང་གྲོང་ཁྱེར་དང་། ཏཱ་ལེན། ཧྲང་ཧེ་བཅས་སུ་རོལ་དབྱངས་སྤྲོ་སྟོན་བྱས་ཡོད།

ཕྱི་ལོ་ ༢༠༡༤ ལོར་བྷི་བྷར་གྱིས་ཉི་འོང་གི་ཊོག་ཡོ་གྲོང་ཁྱེར་དུ་ཡོད་པའི། རྩོད་རྙོག་ཅན་གྱི་ཡ་སུ་ཀུ་ནི་(Yasukuni )ལྷ་ཁང་མདུན་དུ་བླངས་པའི་རང་ཉིད་ཀྱི་འདྲ་པར་ཞིག་དྲ་ལམ་དུ་སྤེལ་བར་བརྟེན། རྒྱ་ནག་ནས་ཁ་རྡུང་དང་སྐྱོན་བརྗོད་དྲག་པོ་བྱས་ཡོད། ལྷ་ཁང་དེ་ནི་རྒྱ་ཕྱོགས་ནས་ཉི་འོང་གིས་དམག་སར་ནག་ཉེས་བསགས་ཏེ་སྲོག་ཁྲིམས་ཕོག་པའི་དཔོན་རིགས་ལ་དྲན་གསོ་བྱེད་པའི་མཚོན་རྟགས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྷ་ཁང་དེར་ལྟ་སྐོར་ལ་འགྲོ་སྐྱོད་བྱེད་མི་སུ་ཡིན་རུང་སྐྱོན་བརྗོད་བྱེད་ཀྱི་ཡོད།

སྐབས་དེར་བྷི་བྷར་གྱིས་ཨིན་སི་ཊ་གྷ་རམ་(Instagram)བརྒྱུད་ “ང་ཉི་འོང་དུ་ཡོད་སྐབས་ལྷ་ཁང་སྙིང་རྗེ་མོ་ཞིག་མཐོང་བ་དེར། རླངས་འཁོར་ཁ་ལོ་བར་སྐྱོད་དགོས་པར་བཤད་པ་ཡིན། དེ་གསོལ་འདེབས་བྱ་ཡུལ་གྱི་ལྷ་ཁང་ཞིག་ཡིན་པར་འཁྲུལ་བ་རེད། སུ་ལ་ཕོག་ཐུག་ཕྱིན་ཡོད་ཀྱང་དགོངས་གསོལ་ཞུ་རྒྱུ་ཡིན། ང་རྒྱ་ནག་ལ་དགའ་ཞེན་ཆེ་ལ་ཉི་འོང་ལ་དགའ་ཞེན་ཆེ།”ཞེས་བྲིས་ཡོད་པ་རེད།

དེ་སྔོན་བོད་མིའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཐུགས་འབྲེལ་ཡོད་པའི་རྒྱུ་མཚན་གྱིས་ནུབ་ཕྱོགས་པའི་གཞས་པ་མང་པོ་རྒྱ་ནག་གིས་བཀག་འགོག་བྱས་ཡོད།

ཨ་མི་རི་ཀའི་རོག་རོལ་དབྱངས་རུ་ཁག་བྷོན་ཇོ་ཝི་(Bon Jovi)ཡིས། ཕྱི་ལོ་ ༢༠༡༠ ལོར་ཐེ་ཝན་དུ་རོལ་དབྱངས་སྤྲོ་སྟོན་ཞིག་གི་སྐབས། སྡིངས་ཆའི་གྱང་ངོས་སུ་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཞུས་པར་བརྟེན། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༩ རུ་ཁག་དེས་རྒྱ་ནག་ཏུ་གོ་སྒྲིག་བྱས་པའི་རོལ་དབྱངས་སྤྲོ་སྟོན་བཀག་འགོག་བྱས་པ་རེད།

ཨ་མི་རི་ཀའི་པོབ་རོལ་དབྱངས་རུ་ཁག་དམར་སྨུག་ལྔ་(Maroon 5)ཞེས་པའི་རུ་ཁག་གི་མི་ཞིག་གིས་༸གོང་ས་མཆོག་ལ་ཊུའི་ཊར་(Twitter)ཐོག་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་རྐྱེན། ཕྱི་ལོ་ ༢༠༡༥ ལོར་ཧྲང་ཧེ་གྲོང་ཁྱེར་དུ་གོ་སྒྲིག་བྱས་པའི་རོལ་དབྱངས་སྤྲོ་སྟོན་ཕྱིར་འཐེན་བྱེད་དུ་བཅུག་ཡོད་པ་རེད།

དབྱིན་ཇིའི་རོག་རོལ་དབྱངས་རུ་ཁག་ཨོ་སེ་སི་(Oasis)ཡི་གྷི་ཊར་(guitarist)དཀྲོལ་མཁན་ནོལ་གྷ་ལ་གྷར་(Noel Gallagher)གྱིས་ཕྱི་ལོ་ ༡༩༩༧ ལོར་བོད་རང་བཙན་རོལ་དབྱངས་དུས་སྟོན་ནང་མཉམ་ཞུགས་བྱས་པར་བརྟེན། རོག་རོལ་དབྱངས་རུ་ཁག་དེས་ཕྱི་ལོ་ ༢༠༠༩ ལོར་གོ་སྒིག་བྱས་པའི་རོལ་དབྱངས་སྤྲོ་སྟོན་ཕྱིར་འཐེན་བྱས་པ་དང་། ཨའེ་སེ་ལན་ཌའི་གཞས་པ་ཇོག་ (Bjork) གིས་བོད་དོན་ལས་འགུལ་སྤེལ་བར་བརྟེན། ཕྱི་ལོ་ ༢༠༠༨ ལོའི་ཧྲང་ཧེ་རུ་གོ་སྒྲིག་བྱས་པའི་རོལ་དབྱངས་སྤྲོ་སྟོན་བཀག་འགོག་བྱས་ཡོད།

ཧོང་ཀོར་རང་དབང་གསར་ཁང་གིས་ཇེ་སེ་ཊིན་བྷི་བྷར་གྱི་རོལ་དབྱངས་འཛིན་སྐྱོང་དོ་དམ་ཁང་ལ་གནད་དོན་དེ་སྐོར་བསམ་ཚུལ་ཇི་ཡོད་འབྲེལ་གཏུགས་བྱས་ཡོད།

ཀི་རི་སི་ཁེན་(Kris Cheng)གྱིས་བྲིས། སྐལ་ལྡན་གྱིས་བསྒྱུར།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese