མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒྱུས་དགེ་རྒན་གྲགས་ཅན་ཞིག་དྲ་ལམ་ནས་ཕུད།

བོད་ཀྱི་དུས་བབ།
༢༠༡༧/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་༡༡ ཉིན་རྒྱ་ནག་གི་སྐད་གྲགས་ཆེ་བའི་ལོ་རྒྱུས་དགེ་རྒན་ཡན་ཐུང་ཧྥེ་རྒྱ་ནག་གི་ཝེ་ཕོ་དྲ་གནས་ནས་ཕྱིར་འཕུད་བཏང་ཡོད་འདུག

ཉིན་འགའི་སྔོན་མའོ་འདས་གྲོངས་སུ་སོང་ནས་ལོ་ངོ་༤༡ འཁོར་བའི་རྗེས་དྲན་ཉིན། རྒྱ་ནག་གི་ལོ་རྒྱུས་དགེ་རྒན་གྲགས་ཅན་ཡན་ཐུང་ཧྥེ་(Yuan Tengfei)ཡིས་ཝེ་པོ་དྲ་བར་དེ་རིང་ནི་ཉི་མ་ཡག་པོ་ཞིག་རེད། གནམ་གཤིས་ཡག་པ་དང་ངའི་སེམས་ཁམས་ཧ་ཅང་སྐྱིད་པོ་འདུག་ཅེས་བྲིས་ཡོད་པ་དང་། ཉིན་གསུམ་གྱི་རྗེས་སུ་གཞུང་ཕྱོགས་ནས་ཁོང་གི་ཝེ་པོ་དྲ་གནས་སྒོ་བརྒྱབ་ཡོད་འདུག  ཁོང་ནི་ནམ་རྒྱུན་རྒྱ་ནག་དམར་ཤོག་གཞུང་ལ་སྐྱོན་བརྗོད་དང་མའོ་རིང་ལུགས་ལ་མི་དགའ་མཁན་ཞིག་ཡིན་འདུག

ད་ཐེངས་ཁོང་གི་ཝེ་པོ་དྲ་གནས་གཏན་འགོག་བྱེད་དོན་གསལ་ཁ་ཅི་ཡང་མེད་ན་ཡང་། ཕལ་ཆེར་ཁོང་གིས་ཉིན་རྒྱུན་དྲ་འབྲེལ་བ་ཚོ་དང་འཆད་འཁྲིད་ཀྱི་བརྗོད་གཞི་རྒྱ་ནག་གི་རིག་གནས་གསར་བརྗེ་དང་མདུན་མཆོངས་ཆེན་མོ་སོགས་ཀྱི་སྐོར་ཡིན་པ་དང་། ཁོང་གི་འཆད་འཁྲིད་མང་པོ་ཞིག་ཏུ་མའོ་ལ་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པའི་རྐྱེན་གྱིས་ཡིན་སྲིད་སྐོར་བརྗོད་ཀྱི་འདུག

ངེས་གསལ་བྱུང་བ་ཞིག་ལ་ཁོས་སློབ་ཕྲུག་ཚོར་རྒྱ་ནག་པེ་ཅིང་གི་མའོ་ཡི་དྲན་རྟེན་ཁང་གི་མདུན་གྱི་མའོ་ཡི་འདྲ་སྐུ་ལ་གུས་ཞབས་བྱེད་པའི་ཚབ་ལ་སྡུག་དམོད་བྱེད་དགོས་པ་རེད། ཁོ་ཚོ་ནི་དམག་འཁྲུག་དང་མི་གསོད་ཀྱི་ཉེས་ཅན་པ་རེད་ཅེས་བརྗོད་མྱོང་ཡོད་འདུག

མའོ་འདས་གྲོངས་སུ་སོང་ནས་ལོ་ངོ་བཅུ་ཕྲག་བཞི་ལྷག་འགྲོ་བཞིན་ཡོད་ན་ཡང་། རྒྱ་ནག་ནང་དུ་ད་དུང་མའོ་ལ་དགའ་ཞེན་ཅན་དང་མའོ་ཡི་རིང་ལུགས་གལ་ཆེན་འཛིན་མཁན་ཁག་ཅིག་ཡོད་ན་ཡང་། རྒྱ་ནག་གི་སློབ་གསོ་བ་ཚོའི་ཁྲོད་མའོ་ལ་མི་དགའ་མཁན་མང་པོ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་པ་རེད།

འདས་ལོར་རྒྱ་ནག་ཧྲན་ཏུང་གཙུག་ལག་སློབ་གཉེར་ཁང་(Shandong University)གི་སློབ་དཔོན་ཞིག་གིས། མའོ་ཡི་ལོ་ ༡༢༣ གྱི་སྐྱེས་སྐར་ཉིན་ཚེ་སྲོག་ས་ཡ་མང་པོ་དམར་གསོད་གཏོང་མཁན་ཞེས་སྡུག་དམོད་བྱས་ཡོད་པ་དང་། རྒྱ་ནག་ཧི་པའེ་ཞིང་ཆེན་(Hebei)གྱི་སློབ་དཔོན་ཞིག་གིས་སྤྱི་ཚོགས་དྲ་རྒྱའི་སྒང་དུ་མའོ་ལ་གདོན་འདྲེ་ཞེས་སྡུག་དམོད་བཏང་ཡོད་པ་རེད། དེ་བཞིན་ད་ལོའི་ཟླ་ ༧ པའི་ནང་རྒྱ་ནག་ཆིན་ཧྭ་སློབ་ཆེན་གྱི་རིག་གནས་གསར་བརྗེ་སྐོར་གྱི་སློབ་ཚན་མེད་པ་བཟོས་ཡོད་འདུག

ཡན་ཐུང་ཧྥེ་ནི་རྒྱ་ནག་པེ་ཅིང་དུ་ཡོད་པའི་རྒྱལ་སའི་དགེ་འོས་སློབ་ཆེན་(Capital Normal Universityདུ། རྒྱ་ནག་གི་ལོ་རྒྱུས་ ཐོག་སློབ་མཐར་ཕྱིན་ཡོད་པ་དང་། དེ་ནས་བཟུང་ཁོང་གིས་རྒྱ་ནག་རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་ཁག་ཏུ་ལོ་རྒྱུས་སློབ་འཁྲིད་དང་གདན་ཞུའི་འཆད་འཁྲིད་སོགས་གནང་གི་ཡོད་འདུག ༢༠༠༨ ལོར་ཁོང་གི་འཆད་འཁྲིད་བརྙན་རིས་ཁག་ཅིག་པེ་ཅིང་དམའ་འབྲིང་གསབ་འཁྲིད་སློབ་གྲྭ་(cram school)དྲ་ཐོག་ལ་བཞག་པ་ནས་རྒྱ་ནག་གི་མཐོ་རིམ་སློབ་ཆེན་ཁག་ཏུ་ཁོང་སྐད་གྲགས་ཆེན་པོ་ཆགས་ཏེ། སློབ་མ་ཚོས་ཁོང་ལ་ཆེས་ངོ་མཚར་བའི་ལོ་རྒྱུས་དགེ་རྒན་ཞེས་འབོད་ཀྱི་ཡོད་པ་དང་། ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་ཁོང་ལ་དེ་རིང་གི་རྒྱ་ནག་ནང་གི་ཆེས་གྲགས་ཆེ་བའི་དགེ་རྒན་ཞེས་ངོ་སྤྲོད་གནང་ཡོད་འདུག

ཁོང་གིས་སྔ་གཞུག་ཏུ་རྒྱ་ནག་གི་ལོ་རྒྱུས་སྐོར་གྱི་དེབ་དང་ལོ་རྒྱུས་སློབ་འཁྲིད་སྐོར་གྱི་དེབ་མང་པོ་ཞིག་ཕུད་ཡོད་པ་དང་། ཁག་ཅིག་རྒྱ་ནག་ནང་དུ་ཚོང་འགྲེམས་ཡག་ཤོས་ཀྱི་དེབ་ཆགས། ཉེ་སྔོན་ཁོང་གིས་ཝེ་པོ་དྲ་རྒྱ་བརྒྱུད་ནས་ཁོ་རང་གི་དྲ་འབྲེལ་བ་ཚོར་མུ་མཐུད་དུས་ཚོད་ཁོམ་དུས་དང་བསྟུན་ནས་ཁ་བརྡ་དང་འཆད་འཁྲིད་བྱེད་ཀྱི་ཡོད་པ་དང་། ཁོང་ལ་ད་ལྟ་ཝེ་པོ་དྲ་བའི་རྗེས་འཇུག་པ་ས་ཡ་ ༡༦ ལྷག་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་སྒྲགས།

ཆུ་ཚོད་ ༡༢ སྔོན་ལ།
Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese