མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་མི་ཕུད་དེ་གྲོང་ཚོ་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༧/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་དྲག་པོའི་དམག་དཔུང་གིས་ཡུལ་དེའི་ནུབ་རྒྱུད་ཀྱི་རཱ་ཁེན་ (Rakhine) མངའ་སྡེ་ནང་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ་ ༤༧༡ ཡོད་པའི་གྲས་ནས་གྲོང་ཚོ་ ༡༧༦ སྟོང་པ་བཟོས་ཡོད་འདུག

དེ་རིང་བྷེ་བྷེ་སེ་དང་སེ་ཨན་ཨན་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས། འབར་མའི་ནུབ་རྒྱུད་ཀྱི་རཱ་ཁེན་ (Rakhine) མངའ་སྡེ་ནང་ཡོད་པའི་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ་མང་པོ་བརྙན་པར་ནང་བླངས་ནས་བརྒྱུད་ལམ་ཁག་ཏུ་བཏང་སྟེ་འབར་མའི་དྲག་པོའི་དམག་དཔུང་གིས་ཡུལ་དེའི་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ་ཁག་གི་མཐའ་སྐོར་ནས་བྲོས་བྱོལ་དུ་འགྲོ་བའི་མི་མང་ནང་གང་བྱུང་མེ་མདས་བརྒྱབ་པ་དང་། གྲང་ཚོ་མང་པོ་མེར་སྲེག་བཏང་སྟེ། ད་ཆར་རཱ་ཁེན་མངའ་སྡེའི་ནང་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ་ ༤༧༡ ཡོད་པའི་གྲས་ནས་གྲོང་ཚོ་ ༡༧༦  སྟོང་པ་བཟོས་ཡོད་སྟབས། འབར་མའི་དྲག་པོའི་དམག་དཔུང་གི་བྱ་སྤྱོད་དེ་ནི་མི་སྤྱོད་ལས་འདས་པའི་ནག་ཉེས་ཚབས་ཆེན་ཆགས་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པས། འབར་མའི་དྲག་པོའི་དམག་དཔུང་གིས་ཡུལ་དེའི་ནུབ་རྒྱུད་ཀྱི་ཟིང་འཁྲུག་ཁྲོད་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ཐོག་དམ་དྲག་ཤུགས་ཆེན་བྱེད་པ་དང་། ཡུལ་མིའི་སྡོད་གནས་མེད་པ་བཟོ་བ། ཟིང་འཁྲུག་ཡུལ་དངོས་ཀྱི་ཡུལ་མི་ཚོར་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་འགྱུར་མ་གནང་བ་མ་ཟད། ད་དུང་དྲག་ཤུགས་ལ་བརྟེན་ནས་རཱོ་ཧན་གྷ་ཁ་ཆེའི་ཡུལ་མི་ཚོ་ཕྱིར་ཕུད་གཏོང་བཞིན་པ་དེ་ནི་མི་སྤྱོད་ལས་འདས་པའི་གནས་སྟངས་ཚབས་ཆེན་ཆགས་ཡོད་པ་དང་། ད་ལྟ་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ནི་འཛམ་གླིང་སྟེང་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བའི་མི་འབོར་མང་ཤོས་དེ་ཆགས་ཡོད་སྐོར་བརྗོད་འདུག

འབར་མའི་དྲག་པོའི་དམག་དཔུང་གི་དམག་སྤྱི་ཨུན་ཧ་ལེན་ (Aung Hlaing) ཟེར་བ་ཞིག་གིས། འབར་མའི་ནང་གི་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ནི་སྔོན་ཆད་བྷང་ལ་དྷེ་ཤཱི་ནས་ འབར་མའི་ནང་ཁྲིམས་གྱིས་གནས་སྤོས་པ་ཡིན་སྟབས། འབར་མ་རྒྱལ་ཁབ་ཀྱི་ངོས་ནས་ཁོ་ཚོ་འབར་མའི་མི་སེར་ལ་ངོས་ལེན་བྱེད་ཐབས་མེད། ཅེས་བརྗོད་འདུག

བྷང་ལ་དྷེ་ཤཱི་ཕྱོགས་ནས། རཱོ་ཧན་གྷ་གྲངས་ཉུང་མི་རིགས་ནི་འབར་མའི་མི་སེར་ཡིན་པ་དང་། འབར་མའི་སྲིད་གཞུང་གིས་ད་ཆར་བྷང་ལ་དྷེ་ཤཱིའི་ནང་འབྱོར་བའི་རཱོ་ཧན་གྷ་སྐྱབས་བཅོལ་མི་མང་ཕྱིར་འབར་མའི་ནང་ལེན་དགོས་པ་དང་། ད་ཆར་བྷང་ལ་དྷེ་ཤཱིའི་སྨན་ཁང་ཁག་ནང་རཱོ་ཧན་གྷ་སྐྱབས་བཅོལ་ནད་པ་ཚབས་ཆེན་ ༡༠༠ ལྷག་ཡོད་པ་དང་། ཁོ་ཚོ་ཚང་མ་འབར་མའི་དྲག་པོའི་དམག་དཔུང་གི་མེ་མདའ་དང་འགད་རྫས་ཁྲོད་རྨས་སྐྱོན་བྱུང་བ་ཡིན་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་ནས་ད་ལྟའི་བར་དུ་འབར་མའི་ནང་གི་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ཀྱི་མི་མང་ ༤༠༠༠༠༠ མ་ཟིན་ཙམ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤཱིའི་ནང་བྲོས་བྱོལ་དུ་འབྱོར་ཡོད་པ་ དང་། ཡུལ་བྱོལ་བ་མང་ཤོས་བུད་མེད་དང་བྱིས་པ་ཡིན་འདུག འབར་མའི་ནང་གི་ཟིང་འཁྲུག་གི་འབྱུང་རྐྱེན་གཙོ་བོ་ཡུལ་དེའི་ནུབ་རྒྱུད་ཀྱི་རཱ་ཁེན་ (Rakhine) མངའ་སྡེ་ནང་ཡོད་པའི་ཁ་ཆེ་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ (Muslim) Rohingya ethnics minority) དང་ནང་པའི་རཱ་ཁེན་གྲངས་མང་མི་རིགས་ (Buddhist) Rakhine ethnics majority) གཉིས་བར་གྱི་སྡོད་གནས་རྩོད་གླེང་ཡིན་པ་དང་། དེ་ཡང་ས་ཁུལ་དེའི་ནང་པའི་རཱ་ཁེན་གྲངས་མང་མི་རིགས་ཀྱིས་ཁ་ཆེ་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ནི་འབར་མའི་མི་སེར་མིན་སྟབས། ཁོ་ཚོ་རཱ་ཁེན་མངའ་སྡེའི་ནང་བསྡད་མི་ཆོག་ཅེས་བཤད་ཀྱི་ཡོད་པ་དང་། འབར་མའི་སྲིད་གཞུང་གིས་ནུབ་རྒྱུད་ཀྱི་རཱ་ཁེན་ (Rakhine) མངའ་སྡེ་ནི་ནང་པའི་རཱ་ཁེན་གྲངས་མང་མི་རིགས་ཀྱི་མངའ་སྡེ་ཡིན་པ་དང་། ས་ཁུལ་དེའི་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ནི་སྔོན་ཆད་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤཱི་དང་རྒྱ་གར་གྱི་ནུབ་བྷན་གྷལ་གཉིས་ནས་འབར་མའི་ནང་ཁྲིམས་འགལ་གྱིས་གནས་སྤོ་བྱས་པ་ཡིན་པས། ཁོ་ཚོ་ཕྱིར་སོ་སོའི་རྒྱལ་ཁོངས་སུ་ལོག་དགོས་ལུགས་བཤད་ཀྱི་ཡོད་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་སྒྱུར་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. དོན་གྲུབ་བཟང་པོ། says:
    ལོ་ 9 སྔོན།

    རྙོག་དྲ་ཡོད་ས་མང་ཆེ་བ་ཁ་ཆེ་མི་རིགས་དང་འབྲེལ་བ་འདུག
    དེ་དངོས་གནས་ཁོ་རང་ཚོས་མི་རིགས་རིང་ལུགས་ཀྱི་གོམས་གཤིས་ཡག་ཤོས་སྤྱོད་ལམ་ཡག་ཤོས་ཤིག་ཡིན་པར་འདྲ།
    འཇིགས་སྐུལ་རིང་ལུགས་འབྱུང་ས་འབྱུང་ཁུངས་ཡང་ཁ་ཆེ་མི་རིགས་ནས་རེད་ལོ་རྒྱུས་ཐོག་དམག་རྒྱག་ནས་ཁ་ཆེའི་ཆོས་ལུགས་དབང་བསྒྱུར་མཁན་ཁ་ཆེ་བ་རེད་ལ་ལོ་རྒྱུས་ཡོད་རིང་ལྡན་པའི་རིག་གནས་ཤུལ་བཞག་མེད་པར་བཟོ་མཁན་ཡང་ཁ་ཆེ་མི་རིགས་རེད།འཛམ་གླིང་ཐོག་ཁ་ཆེ་མི་རིགས་ཀྱི་འགྲོ་་བ་མི་རིགས་ལ་ཕན་ཐོགས་པའི་ལེགས་སྐྱེལ་གང་ཡང་མཐོང་གི་མི་འདུག
    འོ་ན་ད་འཛམ་གླིང་འདིར་ཐོག་མི་རིགས་ཀྱི་གད་སྙིད་ཨང་དང་པོ་དེ་མི་རིགས་གང་རེད་ཟེར་ན།ངས་བལྟས་ན་ཁ་ཆེའི་མི་རིགས་ཡིན་ནམ་སྙམ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 9 སྔོན།

    དུས་རབས་ཉི་ཤུ་རྩ་གཅིག་ནང་འཛམ་གླིང་མི་མང་འཚོ་
    བཞིན་པ་ནས་ཆོས་ལུགས་དང་མི་རིགས་སྤྱི་ཚོགས་ཀྱི་འབྱུང་ཁུང་སོགས་ས་མཚམས་ལས་འགལ་ཚར་བར་ངོས་འཛིན་བྱེད་བཞིན་པའི་སྐབས་འདིར་འབར་མའི་ནང་གི་གནས་ཚུལ་དེ་ཚོ་སེམས་སྐྱོ་དགོས་པ་ཞིག་མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese