མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་རྣམ་རྒྱལ་ལཊ་ཀྱི་སྐུ་ཕུང་ཞུགས་འབུལ་གནང་།

བོད་ཀྱི་དུས་བབ།
༢༠༡༧/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༧ ཉིན་སུད་སིའི་མེ་འཁོར་ས་ཚིགས་ཤིག་ནས་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱི་སྐུ་ཕུང་ཟླ་འདིའི་ཕྱི་ཚེས་བཞི་ཉིན་ཞུགས་འབུལ་དང་ཞལ་ཆེམས་ཡི་གེ་ཡོངས་བསྒྲགས་གནང་འདུག

ཟླ་འདིའི་ཕྱི་ཚེས་བཞི་ཉིན་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་སུད་སིར་གནས་སྡོད་བོད་རིགས་ ༢༠༠ ལྷག་མཉམ་འཛོམས་ཐོག ས་གནས་ལུ་ཛན་ནང་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་དང་། ཁོང་གི་ཞལ་ཆེམས་ཡི་གེ་བོད་དབྱིན་གཉིས་ཀྱི་ཐོག་ནས་འགྲེམ་སྤེལ་ཡོངས་བསྒྲགས་གནང་ཡོད་པ་དང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་སུད་སི་གཞུང་ལ་བྲིས་པའི་དབྱིན་ཡིག་གི་ཞལ་ཆེམས་ངོ་མ་དེ་ཉིན་ཤས་རྗེས་འབྲེལ་ཡོད་ལ་རྩིས་སྤྲོད་རྒྱུ་ཞལ་བཞེས་གནང་ཡོད་འདུག

འདིའི་ཐད་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་འགྲེམ་སྤེལ་བའི་ནང་། ཕ་རྡོ་རྗེ་ཚེ་བརྟན་དང་། མ་ཀ་ནམ་བརྒྱུད་པ་རིན་ཆེན་སྒྲོལ་མ་གཉིས་ཀྱི་བུ་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱི་སྐྱེས་ཚེས་༡༩༨༥་ཟླ་༡ ཚེས་༡༩ ཉིན་དང་། སྐྱེས་ཡུལ་རྒྱ་གར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཡིན་འདུག་ལ། འདས་པོ་ཁོང་ནི་སྤྱི་དོན་ཐོག་ལྷག་བསམ་ཆེ་བསྐྱེད་གནང་མཁན་ཞིག་ཡིན་པ་མ་ཟད། རྒན་གཞོན་གོ་རིམ་གྱི་ཀུན་སྤྱོད་དང་ལྡན་པའི་བོད་མི་ཞིག་ཡིན་འདུག ཁོང་གཞིས་ཆགས་ནང་བཞུགས་ཡུན་རིང་གཞིས་གྲོང་གི་སྤྱི་མིའི་ལས་འགན་བསྟུན་མར་ལོ་གསུམ་རིང་གནང་ཡོད་པ་དང་། ཨོ་རི་ས་ས་གནས་དབུ་མའི་ལམ་ལས་འགུལ་ཁང་གི་ས་རྒྱུན་ལོ་གསུམ་རིང་གནང་། ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་རྩེད་མོ་ཚོགས་པའི་རྒྱུན་ལས་ལོ་ངོ་བརྒྱད་རིང་གནང་ཡོད་པ་བཅས། དམ་པ་ཁོང་ནི་རྒྱུན་དུ་སྤྱི་དོན་ཐོག་ལྷག་བསམ་དང་འགན་འཁུར་ཚགས་ཚུད་གནང་མཁན་ཞིག་དང་། ཚང་མས་ཆེ་བསྟོད་གནང་སའི་བོད་རིགས་གཞོན་སྐྱེས་ཤིག་ཡིན་པ་ས་གནས་གཞིས་ཆགས་ལས་ཁང་ནས་འགྲེལ་བརྗོད་ལས་ཤེས་ཐུབ། ཅེས་འཁོད་འདུག

དམ་པ་ཁོང་ནི་༢༠༡༧ ཟླ་༩་ཚེས་༧ ཉིན་ས་གནས་ཀྱི་དགོང་དྲོའི་ཆུ་ཚོད་ ༠༩ ཙམ་ལ་Emmenbrucke ཞེས་པའི་ས་གནས་སུ་སྐྱོད་བཞིན་པའི་མེ་འཁོར་ཞིག་གི་འོག་མཆོངས་ཏེ་རང་སྲོག་བཅད་ཡོད་པ་དང་། ཁོང་གི་ལུས་ལ་ཞམ་ཆེམས་ཤོག་ལྷེ་གཉིས་ཅན་ཞིག་ཡོད་པ་མ་གཏོགས་དེ་མིན་ལག་འཁྱེར་ཡི་གེ་སོགས་ངོ་རྟགས་ཆོད་ཐུབ་པའི་ཡིག་ཆ་གང་ཡང་མེད་པ་དང་། ཁོང་གིས་སུད་སི་གཞུང་དང་ས་གནས་གང་དུའང་སྐྱབས་བཅོལ་ཞུས་མེད་མ་ཟད། དེབ་སྐྱེལ་ལ་སོགས་གང་ཡང་གནང་མེད་པར་བརྟེན་ཟླ་དེའི་ཕྱི་ཚེས་༡༡ བར་ངོ་རྟགས་ཆོད་མ་ཐུབ་པར་ས་གནས་ཉེན་རྟོག་པས་བོད་རིགས་ཁ་ཤས་ལ་སྐད་ཆ་དྲིས་རྗེས། ས་གནས་ལུ་ཛན་འཐུས་མི་གཉིས་ནས་མཁྱེན་རྟོགས་བྱུང་སྟེ་ཉེན་རྟོག་པ་དང་ཁོ་ཚོའི་བར་འབྲེལ་བ་བྱུང་ཡོད་པ་དང་། དེའི་རྗེས་དམ་ཁོང་ངོ་ཤེས་མཁན་སུད་སིར་གནས་སྡོད་བློ་བཟང་དཔལ་ལྡན་ལགས་ཀྱིས་ཉེན་རྟོག་པར་འབྲེལ་བ་ཞུས་ནས་ཕ་མ་དང་ཉེན་རྟོག་པའི་བར་འབྲེལ་བ་མཐུད་དེ།  ཁོང་ཕ་མ་དེ་གཉིས་ཀྱི་བུ་དངོས་གནས་ཡིན་མིན་DNA ཁྲག་བརྟག་དཔྱད་བྱས་པ་བརྒྱུད་ཁོང་གཉིས་ཀྱི་བུ་ཡིན་པ་ར་འཕྲོད་བྱུང་། ཕ་མ་གཉིས་ཀྱིས་ས་གནས་བོད་རིགས་ཚོགས་པའི་ངོས་ནས་འགན་འཁུར་བཞེས་དགོས་པའི་འབོད་སྐུལ་གནང་བ་ལྟར། ད་ལྟ་ས་གནས་བོད་རིགས་མི་མང་གིས་འགན་འཁུར་བཞེས་མུས་ཡིན་པ་རེད།

ས་གནས་མི་མང་གི་ངོས་ནས་སུད་སི་གཞུང་ལ་ཁོང་གི་སྐོར་སྙན་ཞུ་ཕུལ་ཟིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་སུད་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལྷན་ངོ་བཅར་གྱིས་ཞུ་གཏུགས་ཀྱང་བྱས་ཟིན་པ་དང་། ད་ལོའི་ཟླ་༡༢ ཚེས་༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་ཉིན་གྱི་ཞུ་གཏུག་ལས་འགུལ་སྐབས་ཁོང་གི་གནས་ཚུལ་ཞུ་གཏུག་གནང་རྒྱུའི་ལས་འཆར་འགྲོ་བཞིན་པ་དང་། སུད་སི་རི་ཁོན་ཆོས་འཁོར་དགོན་དུ་ས་གནས་མི་མང་གི་གོ་སྒྲིག་འོག་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཟིན་པ་དང་། ཡབ་ཡུམ་གཉིས་ལ་ཐུགས་གསོའི་ཡི་གེ་དང་མཆོད་མེ་ཞལ་འདེབས་བཅས་ཕུལ་ཡོད་པ་མ་ཟད། ས་གནས་ལུ་ཛན་ཚོགས་ཆུང་གི་ངོས་ནས་བདུན་ཚིགས་མ་ཆད་པར་སྲུང་བརྩི་དང་ཞེ་དགུ་རྒྱས་པ་ཞིག་འཚོགས་གཏན་ཁེལ་ཡོད་པ་རེད།

སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ནང་དུ། གསལ་བསྒྲགས་འདི་བརྒྱུད་དམ་པ་ཁོང་གི་ཡབ་ཡུམ་གཉིས་ལ་ཐུགས་གསོ་དང་། དམ་པ་ཁོང་གི་མཛད་སྤྱོད་ལ་གུས་འདུད་ཞུ་རྒྱུ་ཡིན། འོན་ཀྱང་བོད་མི་སེམས་ཤུགས་ཅན་རྣམས་ཀྱིས་རང་སྲོག་གཏོང་བ་ནི་ཧ་ལས་པའི་ཕངས་པོ་ཡིན་པ་དང་། ལྷག་པར་ང་ཚོ་རང་དབང་ལུང་བར་གནས་པའི་བོད་མི་རྣམས་ཀྱིས་རང་སྲོག་མི་གཏོང་བར་གསོན་པོར་གནས་པའི་ཐོག་སྡིངས་ཆ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་གནང་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་དགོས་པ་ལས། རང་སྲོག་བཏང་ན་ཧ་ཅང་ཕངས་པོ་ཡིན་པ་མ་ཟད། འཛིན་སྐྱོང་བཀའ་ཤག་ནས་ཀྱང་དེའི་སྐོར་ངོས་ལེན་མེད་པའི་བཀའ་ཕེབས་པར་སོང་། བོད་མི་རྣམས་ཀྱི་གོང་ཞུས་རྣམས་སྙིང་བཅིངས་ཐོག་མ་འོངས་པར་དེ་རིགས་རྩ་བ་ནས་མི་ཡོང་བའི་འབོད་སྐུལ་ནན་ཏན་ཞུ་རྒྱུ། ཞེས་འཁོད།

གསར་འགོད་པ། ཙ་ཡུས་ཕུན་ཚོགས།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༤ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 9 སྔོན།

    བོད་མིའི་ལས་དབང་རྒྱལ་སྤྱིའི་མདུན་དུ་ལྷག་།
    བོད་མིའི་ལས་དབང་ཆབ་སྲིད་ཁ་ཕྱོགས་རག་།
    བོད་མིའི་ལས་དབང་རང་དབུའི་བར་དུ་ལྷག་།
    བོད་མིའི་ལས་དབང་བོད་རྒྱའི་འབྲེལ་བར་རག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese