མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་བརྙན་དགུ་འགྲན་སྡུར་ནང་ཞུགས།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་རྒྱལ་ཁབ་གསུམ་ནས་ཡོང་བའི་བརྙན་ཐུང་འགྲན་ཞུགས་གློག་བརྙན་དགུ་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་༡༠:༣༥ སྟེང་དྷ་ས་བོད་ཀྱི་ཟློས་གར་ཁང་དུ། སུད་སི་གྲོང་ཁྱེར་ཛུ་རེག་ནང་རྟེན་གཞི་བྱས་པའི་བོད་དོན་གློག་བརྙན་བཟོ་སྐྲུན་ཁང་གི་གོ་སྒྲིག་འོག ཉིན་གཉིས་རིང་གི་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་༨ པ་མགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་དྷ་ས་ཁུལ་གྱི་མི་མང་དང་ཕྱི་རྒྱལ་བ། གསར་འགོད་པ་སོགས་ཁྱོན་མི་གྲངས་༡༠༠ ལྷག་ཅིག་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་བུད་མེད་གློག་བརྙན་འཁྲབ་འཁྲིད་པ་བསྟན་འཛིན་ཟླ་གསལ་ལགས་ཀྱི་གློག་བརྙན་(༢)པ་སྟེ། རང་ཉིད་ཀྱི་གློག་བརྙན་བཟོ་སྐྲུན་དང་བོད་པའི་སྤྱི་ཚོགས་ཀྱི་རིན་ཐང་ལྟ་ཚུལ་གྱི་བཀག་རྒྱ་ཡིས་འཁྲབ་སྟོན་པ་མ་རྙེད་པའི་སྐོར་བརྗོད་བྱ་བྱས་པའི་རོ་ཡཱལ་ཁཱ་ཧྥེ་(Royal Cafe)ཞེས་པའི་གློག་བརྙན་བསྟན་སོང་། དེའི་རྗེས་(འཇིགས་བྲལ།)གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་ལ་རྗེས་དྲན་ཆེད། (རྨི་ལམ།)ཞེས་པ་བརྗོད་བྱར་བཟུང་བའི་བརྙན་ཐུང་འགྲན་བསྡུར་གྱི་གློག་བརྙན་ཁག་བསྟན་པ་དང་ལྟད་མོ་བར་འོས་བླུགས་བཅུག་སོང་།

བརྙན་ཐུང་འགྲན་བསྡུར་ནང་རྒྱ་གར་དང་ཨ་རི། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་ནས་བརྙན་ཐུང་དགུ་ཡོད་པ་དང་། ཧྥ་རན་སི་ནས་སྐལ་བཟང་ཚེ་རིང་གི་བརྙན་ཐུང་(ཡོ་སྒོར་ལྔ་ཡི་རྨི་ལམ་)དང་། རྒྱ་གར་དྷེ་ར་རྡུན་ནས་ཀུན་དགའ་རིན་ཆེན་གྱི་(མི་ཚེ་ནི་ཇ་ཕོར་བ་གང་།) རྒྱ་གར་དྷ་རམ་སཱ་ལ་ནས་འཇའ་དཔལ་རྡོ་རྗེ་ཡི་འགུལ་རིས་བརྙན་ཐུང་(རི་བོང་།) རྒྱ་གར་གྷོ་ཇི་རཱ་ཐི་ནས་འཇིགས་མེད་ཆོས་གྲགས་ཀྱི་(པོ་ཏཱ་ལ་དྲན་པ།) རྒྱ་གར་བྷིང་ལོར་ནས་སྐལ་ལྡན་མཁར་གྱི་(འགྲུལ་བཞུད།) ཨ་རིའི་ནེའུ་ཡོག་ནས་རྣམ་རྒྱལ་ལྷ་མོའི་(རྨི་ལམ།) རྒྱ་གར་དྷ་རམ་སཱ་ལ་ནས་ཤ་བོ་རྡོ་རྗེ་ཡི་(མཐའ་མཇུག་གི་ཟིན་ཐོ།) རྒྱ་གར་དྷ་རམ་སཱ་ལ་ནས་བློ་བཟང་བསྟན་འཕེལ་གྱི་(འཕགས་པ་ཐོགས་མེད་ཀྱི་རྨི་ལམ།) རྒྱ་གར་དྷེ་ར་རྡུན་ནས་བུ་དབྱངས་ཀྱི་(ཨ་ཅག)་བཅས་རེད་འདུག

གློག་བརྙན་དུས་སྟོན་འདིའི་ཐོག་བོད་ཕྱི་ནང་གཉིས་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཆེན་ཁག་ཅིག་གི་གློག་བརྙན་ཏེ།  བོད་ནང་གི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་གྱི་(གཡང་མདའ།)དང་(ཐར་ལོ།) བཙན་བྱོལ་ནང་དུ་ཚེ་རིང་དོན་གྲུབ་ལགས་ཀྱི་(Mystic mountain)། (Shenpenn Khymsar)ལགས་ཀྱི་(འཇིག་རྟེན།) ཟོན་ཐར་རྒྱལ་གྱི་(དབུས་ལམ་གྱི་ཉི་མ། )བཅས་སྟོན་གྱི་ཡོད་འདུག

གློག་བརྙན་དུས་སྟོན་འདིའི་འབྲེལ་མཐུད་པ་བསྟན་འཛིན་དོན་འགྲུབ་ལགས་ཀྱིས་དུས་སྟོན་གྱི་ངོ་སྤྲོད་ནང་། གློག་བརྙན་དུས་སྟོན་འདི་ནི་བོད་པའི་སྤྱི་ཚོགས་ནང་གི་གློག་བརྙན་བཟོ་སྐྲུན་པ་དང་འཁྲབ་སྟོན་པ་ཚོར་རྒྱབ་སྐྱོར་མཚོན་བྱེད་དང་སེམས་ཤུགས་སྤར་ཆེད་དུ་སྐྲུན་པའི་སྡིངས་ཆ་ཞིག་ཡིན། ཞེས་བརྗོད་འདུག

མཇུག་ཏུ་གསར་འགོད་པས་ད་ལོའི་བརྙན་ཐུང་འགྲན་ཞུགས་པ་(འཕགས་པ་ཐོགས་ཀྱི་རྨི་ལམ།) བརྙན་ཐུང་བཟོ་སྐྲུན་པ་བློ་བཟང་བསྟན་འཕེལ་ལགས་སུ་བརྙན་ཐུང་དེའི་བརྗོད་དོན་ཅི་ཞིག་ཡིན་པ་དང་། ད་ཐེངས་བརྙན་ཐུང་འགྲན་བསྡུར་ནང་ཞུགས་དགོས་དོན། གློག་བརྙན་དུས་སྟོན་གྱི་སྡིངས་ཆ་འདི་ག་འདྲ་ཞིག་མཐོང་སོང་ཞེས་དྲིས་པར་ཁོས། ང་རང་གི་འཕགས་པ་ཐོགས་མེད་ཀྱི་རྨི་ལམ་ཞེས་པའི་བརྙན་ཐུང་འདིའི་ནང་དོན་ནི་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་མགོན་པོ་ལོ་བཅུ་གཉིས་པ་སྒོམ་པའི་རིང་དཀའ་སྡུག་གདོང་ལེན་མང་པོ་ཞིག་བྱས་ཏེ། མཐར་རྗེ་བཙུན་བྱམས་མགོན་གྱི་ཞལ་གཟུགས་མཇལ་བའི་གཏམ་རྒྱུད་ཅིག་ཡིན། ང་རང་ལ་མཚོན་ན་ནམ་རྒྱུན་གློག་བརྙན་མང་པོ་ཞིག་བཟོས་བསྡད་ཡོད་པ་རེད། ཡིན་ན་ཡང་། འགྲན་བསྡུར་ལྟ་བུ་དེ་འདྲིའི་ནང་དུ་ཞུགས་མ་ཐུབ་པ་ཡིན་ན་རྗེས་སུ་ལྷག་འགྲོ་བ་ཞིག་འདུག འགྲན་བསྡུར་འདི་འདྲའི་ནང་དུ་ཞུགས་ཐུབ་པ་ཡིན་ན། སོ་སོའི་བཟོ་སྐྲུན་བྱས་པའི་གློག་བརྙན་དེ་གཞན་དང་བསྡུར་ནས་ཡར་རྒྱས་ག་འདྲ་གཏོང་དགོས་པ་སོགས་ཤེས་རྟོགས་ཆེད་འགྲན་བསྡུར་འདིར་ཞུགས་པ་ཡིན། མ་འོངས་པར་མུ་མཐུད་རྒྱ་ཆེ་རུ་བསྐྱེད་དེ་བོད་ཀྱི་རིག་གཞུང་ཁྲོད་ཀྱི་གཏམ་རྒྱུད་དེ་འདྲའི་རིགས་བཟོ་སྐྲུན་བྱ་འདོད་ཡོད་ལ། འཁྲབ་སྟོན་པ་དང་དཔལ་འབྱོར་གྱི་ཕྱོགས་ནས་དཀའ་ངལ་ཡོད་ན་ཡང་། བོད་རང་གི་རིག་གཞུང་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོའི་སྐོར་གྱི་གཏམ་རྒྱུད་དེ་འདྲ་བཟོ་སྐྲུན་བྱ་འདོད་ཡོད། ད་ཐེངས་ཀྱི་གློག་བརྙན་དུས་སྟོན་འདི་ལྟ་བུ་ཡིན་ན་ཧ་ཅང་ཡག་པོ་འདུག སྔོན་ཆད་གློག་བརྙན་དེ་འདྲ་བཟོས་པ་ཡིན་ནའང་བཟོས་བཞག་པ་ཙམ་ལས་མང་ཚོགས་ཁྲོད་རྒྱ་ཆེན་པོ་དེ་འདྲ་སྟོན་ཐུབ་ཀྱི་མེད་པ་རེད། ཡིན་ན་ཡང་། སྡིངས་ཆ་འདི་ལྟ་བུ་རྒྱུད་ནས་སོ་སོའི་བཟོས་པ་དེར་མང་ཚོགས་ཁྲོད་ནས་དོ་སྣང་ག་འདྲ་སླེབས་ཀྱི་འདུག མང་ཚོགས་ཁྲོད་ནས་བསམ་ཚུལ་ཞིག་སླེབས་ཡོང་དུས་སོ་སོའི་ངོས་ནས་ཡར་རྒྱས་ག་འདྲ་ཞིིག་གཏོང་དགོས་མིན་སོགས་ལ་ཕན་ཐོགས་ཆེན་པོ་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 1

  1. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 9 སྔོན།

    ཁྱེད་རང་ཚོ་གློག་བསྙན་བཟོ་འདོད་ཡོད་མཁན་ཚོ་་་ ཕྱི་རྒྱལ་ལ་ཡོད་མཁན་ཚོ་ ཧོ་ལི་ཝུཌ། Hollywood གི་ producer, director, writer, screen player, artist, action, animators སོགས་རྩད་གཅོད་གནང་། གྲོགས་པོ་སྒྲིག ལམ་སྟོན་གྱི་རོག་རམ་ཞུས། དེ་དེ་བཞིན་རྒྱ་གར་ལ་བསྡོད་མཁན་ཚོ་ མུམ་བྷཡི། བོ་ལི་ཝུཌ། Mumbai Bollywood གི་ producer, director, writer, screen player, artist, action, སོགས་ལ་ གྲོགས་པོ་སྒྲིག ལམ་སྟོན་གྱི་རོག་རམ་ཞུས། དེའི་ནང་ནས་ ཊི་ཝི་སི་རལ་བཟོ་མཁན་ དཔེར་ན། Samrat Ashoka, Chandra Gupt Maurya དེ་ཚོ་ལ་ཡང་འབྲེལ་ལམ་གནང་ཐུབ་ན་ཡག་པོ་ཡོང་། yes, this is O.K.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese