བོད་ཁུལ་གྱི་ཞིང་རྫོང་བཅུ་ལྷག་ནང་དགོན་སྡེ་དང་སློབ་གྲྭ། སྡེ་བ་སོ་སོར་སྐོར་གཡེང་ཉེན་རྟོག་པ་དང་དམག་མི། ལས་བྱེད་སོགས་ཆེད་གཏོང་གིས། མང་ཚོགས་ལ་ཚོགས་ཆེན་གྱི་གནས་ཚུལ་དང་ཞི་ཅིན་ཕིན་གྱི་གཏམ་བཤད་ལ་ཉན་དུ་འཇུག་གི་ཡོད་པ་མ་ཟད། དྲིལ་བསྒྲགས་ཀྱི་པར་རིས་སྣ་ཚོགས་སྤྱི་ཚོགས་བརྒྱུད་ལམ་དུ་བཀྲམ་སྟེ། བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་དམར་ཤོག་གཞུང་དང་རྒྱལ་ཁབ་ལ་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་བརྗོད་དེ་འུར་སྒྲོག་ཤུགས་ཆེན་བྱེད་བཞིན་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
1959 ལོར་ ཧི་མ་ལ་རི་རྒྱུད་ལ་ཉི་མ་ཤར། 2017 ལ་ སྐྱར་དུ་གཏམ་བཟང་བྱུང་། ཅོ་ ཞི་ཅི་ཕིན་ ལགས། འདྲིན་ཆེ། འདྲིན་ཆེ། ཕྱག་ཚཱལ། ཕྱག་ཚཱལ།
རྒྱ་ནག་གི་ཚོགས་ཆེན་ལ་དོ་སྣང་དང་རྒྱུས་ལོན་བྱ་མི་ཕྱོགས་ཚང་མ་ནས་ཡོད་པ་ལྟར་སོ་སོའི་ངོས་ནས་ཆ་ཚང་ཉན་བལྟ་བྱས་པ་ཡིན་ལ་ཚོགས་ཆེན་ལ་རེ་བ་བཅོལ་ནས་བོད་ཀྱི་དཀའ་སྙོགས་སེལ་ཐུབ་པའི་རེ་བ་གསར་པ་དང་ཁ་ཕྱོགས་གསར་པ་ཐབས་ལམ་གསར་པ་ཡོད་པ་ཤེས་མ་སོང་ལ་རྒྱ་དཔོན་ཞི་ཅིང་ཕིའི་ཕྱོགས་གཏོགས་ཚོའི་སྔ་ས་ནས་སྒྲ་སྒྲིག་གི་ཞི་ཅིང་ཕི་སླར་ལོ་ལྔ་རྒྱ་དཔོན་བྱ་རྒྱུའི་རྐུབ་ཀྱག་སྲ་བརྟན་བཟོས་པ་དེ་དག་མི་མང་གི་རྒྱབ་སྐྱོར་ཚོལ་བའི་ཐབས་ལམ་ཙམ་ལས་བོད་མིའི་རེ་བ་ལ་དོན་དངོས་སྟོང་པ་སྟོང་ཀྱང་བཟོས་ནས་དཔལ་འབྱོར་ཁྲོམས་རའི་སྲིད་ཇུས་འོག་ནས་བོད་ཀྱི་དཀའ་སྙོགས་དེ་ཁ་བྲལ་ལ་མིང་རྟགས་ནས་འཇའ་ཡལ་བ་ལྟར་བཟོ་རྒྱུའི་འཆར་ངན་འོག་ཏུ་ང་ཚོ་ད་དུང་རེ་བའི་ནང་རྨི་ལམ་ལ་སྒུགས་ནས་སྡོད་རྒྱུ་ཨ་ཡིན་།