མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཞིག་ལ་ལོ་ ༤༧༢ བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༧/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བུ་མོ་ལོ་ཆུང་མང་པོར་མགོ་སྐོར་བཏང་ནས་སྨད་ཚོང་མའི་ལས་གཉེར་དུ་བཅུག་པ་དང་བུད་མེད་མང་པོར་བཙན་གཡེམ་བྱས་པ་སོགས་ཀྱི་ནག་ཉེས་འོག་ཨ་རིའི་སྐྱེས་པ་ཞིག་ལ་ལོ་ ༤༧༢ བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཁ་སང་ཨ་རིའི་(Fox)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་མངའ་སྡེ་ཁ་ལོ་རཱ་ཌོ་(Colorado)ཡི་མིང་ལ་བྷོ་རོ་ཁུ་ཧྥི་རན་ཁུ་ལིན་(Brock Franklin)ཟེར་བའི་སྐྱེས་པ་ཞིག་གིས། ན་ཚོད་མ་ལོན་པའི་བུ་མོ་ཆུང་ཆུང་མང་པོར་མགོ་སྐོར་བཏང་སྟེ་སྨད་ཚོང་གི་ལས་སུ་ཞུགས་བཅུག་སྟེ་མི་ཚོང་བརྒྱབས་པ་དང་། བཙན་གཡེམ་དང་དྲག་སྤྱོད་སྤེལ་བ་སོགས་ཁྲིམས་འགལ་རིགས་ ༣༠ བཟོས་ཡོད་པའི་ནག་ཉེས་འོག ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཡུལ་དེའི་ཁྲིམས་ཁང་ནས་ཁོ་ལ་ལོ་ ༤༧༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་ནི་ཨ་རིའི་ལོ་རྒྱུས་ནང་མི་ནག་ཚོང་གི་ཁྲིམས་ཆད་དུས་ཡུན་རིང་ཤོས་དེ་ཆགས་ཡོད་པ་རེད།

ཁོ་ལོ་རཱ་ཌོ་ཡི་ཁྲིམས་རྩོད་པ་གཞོན་པ་ལྕམ་ལྗན་ནེ་ཊི་ཌི་རེ་ཁུ་(Janet Drake)ཞུ་བ་ཞིག་གིས།  ལོ་ངོ་བཞི་བརྒྱ་ལྷག་གི་ཁྲིམས་ཆད་དེས་ཨ་རིའི་རྒྱལ་ཡོངས་ནང་ང་ཚོས་བུད་མེད་དང་། གཉོམ་ཆུང་མི་མང་ལ་བཙན་གནོན་དྲག་ཤུགས་ཀྱི་ལས་རིགས་སྤེལ་པར་བཟོད་བསྲན་བྱ་ཐབས་མེད་པའི་བརྡ་ཞིག་བསྟན་ཡོད།  ཅེས་བརྗོད་འདུག

ཧྥི་རན་ཁུ་ལིན་གྱིས་བཙན་གཡེམ་བཏང་མྱོང་བའི་བུད་མེད་བྷིར་ཧན་ནཱ་ལེ་རེ་(Brehannah Leary)ལགས་ཀྱིས། དེ་རིང་ཁོ་ལ་ཁྲིམས་ཆད་གཅོད་ཀྱི་ཡོད་པ་ཤེས་སྟབས་འདིར་ཡོང་བ་ཡིན། འོན་ཀྱང་། ཁོས་ངའི་མི་ཚེའི་ནང་སྤྲད་པའི་གྱོང་གུད་དག་འགྲེལ་བརྗོད་བྱ་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། དེ་རིང་ཁོ་ངའི་མདུན་དུ་བསྡད་དེ་ངའི་སྐད་ཆ་ཉན་དགོས་པ་དེས་ང་ལ་བདེ་སྐྱིད་ཅིག་སྤྲད་པ་མ་ཟད།  ང་འདིར་ཡོང་དགོས་པའི་དམིགས་ཡུལ་ཡང་དེ་ཡིན།  ཞེས་བརྗོད་ཡོད་པ་རེད།

ཁྲིམས་ཁང་དུ་ཧྥི་རན་ཁུ་ལིན་གྱི་ཁྲིམས་རྩོད་པས་ཁོ་ལ་བརྩོན་འཇུག་དུས་ཡུན་ཇེ་ཉུང་དུ་བཏང་སྟེ། ལོ་༩༦ གི་བརྩོན་འཇུག་ཁྲིམས་ཐག་གཅོད་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། ཁ་གཏད་གྱོད་གཏུག་པས་ཧྥི་རན་ཁུ་ལིན་ལ་བརྩོན་འཇུག་གི་དུས་ཡུན་ཇེ་མང་དུ་གཏོང་དགོས་པའི་རེ་བ་ཞུས་པར་བརྟེན། ཁྲིམས་ཆད་ལ་འགྱུར་བ་གཏོང་ཐུབ་མེད་པ་རེད།

རང་ལོ་ ༣༡ ཡིན་པའི་ཧྥི་རན་ཁུ་ལིན་གྱིས་བུད་མེད་ལ་མགོ་སྐོར་བཙན་འཁྲིད་བྱས་པའི་དོགས་གཞིའི་འོག ཕྱི་ལོ་ ༢༠༡༥ ལོར་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོས་ཁ་ལོ་རཱ་ཌོ་(Denver)མེ་འཁོར་འབབ་ཚུགས་ཀྱི་མགྲོན་ཁང་ཁག་མང་པོའི་ནང་ཁྲིམས་འགལ་གྱི་ལས་ཀ་བྱས་ཡོད་པའི་དོགས་གཞི་བྱུང་ཡོད་པ་རེད།

གསར་འགོད་པ།  སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༦ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༦ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 1

  1. བདེན་པའི་རྒྱབ་ལངས། says:
    ལོ་ 9 སྔོན།

    ང་རང་སྐྱེས་པ་ཞིག་ཡིན་པའི་ཆ་ནས་སྐྱེས་པ་ཞིག་གི་བུ་མོ་ལོ་ན་མ་སོན་པར་བཙན་གཡེམ་གྱི་དོན་རྐྱེན་བྱུང་ཚེ་ཉོག་བཤད་མང་པོ་མི་དགོས་པའི་ཐོག་ནས་སྐྱེས་པ་དེས་རླིག་འབྲས་སམ་སྒོང་རྡོག་གཉིས་པོ་བཀོག་ཏག་ཏག་རེད་དྲན་གྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese