མི་མང་ལས་འགུལ་བས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐད་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་གང་མགྱོགས་ཐག་གཅོད་གཙང་མ་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བའི་སྟེང་དྷ་ས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ། རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་ཅིག་དང་། བཞུགས་སྒར་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་ ༡༢༠ ལྷག་འདུ་འཛོམས་ཀྱིས། ཉེ་སྔོན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་སྐོར་ལ་སྔ་གཞུག་ཏུ་ཡིག་ངག་གཉིས་ཐོག་ནས་གསལ་བཤད་རིམ་པ་ཞིག་གནང་ཡོད་ཀྱང་། གསལ་བཤད་དེ་དག་ཁ་གསལ་དང་དྲང་བདེན་སོགས་མིན་ལུགས་ཀྱིས་མི་མང་གི་འདོད་བློ་མ་ཁེངས་པར་བརྟེན། བཀའ་ཤག་ནས་གནད་དོན་དེ་ཁ་གསལ་བཟོ་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་གྱི་འདུག་ལ། ལས་འགུལ་བའི་འབོད་ཚིག་འཕྲེད་དར་སྟེང་། “བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱེད་དགོས” “རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་དོན་རྐྱེན་འདི་གང་མགྱོགས་ཐག་གཅོད་བྱེད་དགོས།” “༧གོང་ས་མཆོག་གི་མཛད་འཕྲིན་ལ་རྩིས་མེད་རྡོག་རོལ་བཏང་མི་ཆོག” “དབང་ཆ་ལོག་སྤྱོད་བྱས་མི་ཆོག” “མི་མང་གི་མངོན་འདོད་སྣང་མེད་བཏང་མི་ཆོག” “བོད་མིའི་རྩ་ཁྲིམས་ལོག་སྤྱོད་མ་བྱེད།” ཅེས་སོགས་བྲིས་འདུག
གསར་འགོད་པས་མི་མང་ལས་འགུལ་བ་ཁག་ཅིག་ལ་ཁོང་ཚོ་དགོས་པ་རྒྱུ་མཚན་གང་གི་ཐོག་ནས་ཞི་བའི་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན་དྲིས་པར། ལས་འགུལ་བ་འཕྲིན་ལས་ཟེར་བ་ཞིག་གིས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་ཐད་ལ་ཐོག་མར་བཀའ་དྲུང་ནས་གསལ་བསྒྲགས་སྤེལ་བ་དང་། དེའི་རྗེས་ནས་སྲིད་ཚབ་ཀྱིས་གསལ་བཤད་བྱས་པ། དེའི་རྗེས་ནས་སྲིད་སྐྱོང་མཆོག་གིས་ནོར་ཝེ་དང་ཁེ་ན་ཌ་བཅས་ནས་གསལ་བཤད་གནང་སོང་། ཡིན་ནའང་སྔ་རྗེས་ཀྱི་གསལ་བཤད་ཚང་མའི་ནང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གནས་དབྱུང་གཏོང་དགོས་པའི་གནོད་དོན་གང་ཡང་མཐོང་མ་སོང་། དོན་གཅོད་སྤེན་པ་ཚེ་རིང་ལ་མཚོན་ན། འདས་པའི་ལོ་ངོ་ ༢༠ རིང་བོད་མི་རིགས་ཀྱི་རྩ་དོན་ཆེད་ཕྱག་ལས་རླབས་ཆེན་གནང་ཡོད་པ་རེད། ཁོང་གིས་བཀའ་ཤག་གི་ལན་འདེབས་ཆ་ཚང་ལ་སྒུག་ནས་ཁུ་སིམ་པོར་བསྡད་པ་དང་། བཀའ་ཤག་གི་གསལ་བཤད་ནང་ཁུངས་སྐྱེལ་ཡོད་པ་དང་། བཅའ་ཁྲིམས་དང་མཐུན་པ། སྤྱི་ཚོགས་ནང་ཕྱི་གསལ་ནང་གསལ་གྱི་གསལ་བཤད་ར་སྤྲོད་གང་ཡང་བྱས་མེད་དུས། སྐུ་ཚབ་དོན་གཅོད་མཆོག་གནས་དབྱུང་གཏོང་དགོས་པའི་གནད་དོན་ག་རེ་ཡོད་མེད་ཐད་ང་རང་ལ་དོགས་པ་ཡོད། མི་མང་ལ་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱེད་པའི་ཐོབ་ཐང་ཡོད་པ་རེད། དེ་མིན་ངས་སྤེན་པ་ཚེ་རིང་དཀར་པོ་བཟོ་བ་དང་བློ་བཟང་སེང་གེ་ནག་པོ་བཟོ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གམ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ངོས་ནས་གནད་དོན་འདིའི་སྐོར་ལ་ལན་འདེབས་ཏག་ཏག་ཅིག་བྱས་མེད་སྟབས། ང་དེ་རིང་གི་ལས་འགུལ་ནང་ཞུགས་པ་ཡིན། ཞེས་བརྗོད་བྱུང་། ཡང་ལས་འགུལ་བ་ཚེ་རིང་དབང་ཕྱུགས་ཟེར་བ་ཞིག་གིས། ང་རང་ཐེངས་འདིའི་ལས་འགུལ་ནང་ཞུགས་པའི་རྒྱུ་མཚན་གཙོ་བོ་ནི། བཀའ་ཤག་གིས་དྲང་པོ་གནང་མ་སོང་བས། ང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་དུ་ཡོང་བ་ཡིན། ཞེས་བརྗོད་བྱུང་།
ལས་འགུལ་བ་ཀུན་དགའ་ཟེར་བ་ཞིག་གིས། ང་རང་རྒྱུ་མཚན་གཙོ་བོ་གཉིས་ཀྱི་ཐོག་ནས་ལས་འགུལ་ནང་ཞུགས་པ་ཡིན། རྒྱུ་མཚན་གཅིག་དེ། ཟླ་འདིའི་ཚེས་ ༧ ཉིན་གཞུང་འབྲེལ་དྲ་རྒྱའི་ཐོག་སྐུ་ངོ་སྤེན་པ་ཚེ་རིང་གནས་དབྱུང་གཏོང་དགོས་པའི་ནང་དོན་གཙོ་བོ་གསུམ་བཤད་འདུག གནད་འགག་གཙོ་བོ་གསུམ་དེ་དོན་ཚན་གསུམ་པ་བཞི་བ་བརྒྱད་པ་བཅས་ཡིན་འདུག དོན་ཚན་གསུམ་པ་བཞི་བའི་ནང་བཀོད་ཁྱབ་མ་གཏོགས་ཉེན་བརྡ་མི་འདུག དོན་ཚན་བརྒྱད་པའི་ནང་བཀོད་ཁྱབ་གསུམ་པ་དེ་ཉེན་བརྡ་མཐའ་མའི་ངོ་བོར་བཏང་དགོས་གྱུར་ཡོད་ཅེས་ལབ་འདུག དེ་གཞུང་གི་གསལ་བཤད་རེད། སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་བཅར་འདྲིའི་ལན་དུ། ད་ལྟའི་བར་དུ་ང་ལ་ཉེན་བརྡ་གཅིག་མ་གཏོགས་འབྱོར་མ་སོང་ཞེས་ལབ་ཡོད་དུས། ང་ཚོ་མི་མང་ནང་གནད་དོན་གང་ཡིན་མིན་ཐད་ལ་རང་བཞིན་གྱིས་དོགས་པ་ཆགས་སོང་། རྒྱུ་མཚན་གཉིས་པ་དེ་སྲིད་སྐྱོང་མཆོག་ཡུ་རོབ་ནང་ཆིབས་བསྒྱུར་བསྐྱངས་སྐབས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བར་སྤེན་པ་ཚེ་རིང་ཁོ་རང་གིས་ཁས་ལེན་བྱས་ཡོད་ཅེས་གསུངས་སོང་། སྐུ་ངོ་སྤེན་པ་ཚེ་རིང་གིས། ངས་ཁས་ལེན་བྱས་པ་དེ་སྲིད་སྐྱོང་གཙོས་པའི་བཀའ་ཤག་ལྷན་རྒྱས་ལ་ལས་བྱེད་འཕོ་འགྱུར་གཏོང་བའི་སྐུ་དབང་ཆ་ཚང་ཡོད་པ་དེ་ལ་ཁས་ལེན་བྱས་ཡིན་ཞེས་གསུངས་ཡོད་སྟབས། དོན་དག་དེ་གཉིས་ཁ་ཁ་ཆགས་ཀྱི་འདུག དེ་ལ་བརྟེན་ནས་མི་མང་ནང་རྙོག་དྲ་མང་པོ་བྱུང་ཡོད་པ་རེད། རྒྱུ་མཚན་གཙོ་བོ་དེ་གཉིས་ཀྱི་ཐོག་ནས་དེ་རིང་གི་ལས་འགུལ་ནང་ཞུགས་པ་ཡིན། ཞེས་བརྗོད་བྱུང་།
གོང་ཞུས་ལས་འགུལ་བ་གསུམ་ལ་དེ་རིང་གི་ལས་འགུལ་འདིའི་ཐོག་ནས་བཀའ་ཤག་ལ་འབོད་སྐུལ་ཞུ་རྒྱུ་གཙོ་བོ་ག་རེ་ཡོད་དྲིས་པར། ཐེངས་འདིའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་ཐད་ནས་བཀའ་ཤག་གིས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཏག་ཏག་ཅིག་བྱས་མེད་པས། བཅའ་ཁྲིམས་གཏན་འབེབས་དང་ལག་ལེན་གཉིས་འགལ་ཟླ་ཆགས་ཡོད་པ་རེད། དེར་བརྟེན་དེ་ལ་ཛ་དྲག་གི་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་དངོས་ཡོད་གནས་ཚུལ་ཕྱི་གསལ་ནང་གསལ་མ་བྱུང་སྔོན་ལ་སྐུ་ངོ་སྤེན་པ་ཚེ་རིང་གི་ལས་གནས་འཕོ་འགྱུར་གཏོང་ཆོག་གི་མ་རེད། སྤྱིར་བཏང་ལས་བྱེད་གནས་དབྱུང་གཏོང་ཕྱོགས་སྐོར་ལ་རང་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཉི་ཤུའི་ནང་གསལ་ལ། འགན་འཛིན་སྡེ་ཚན་དང་། ལས་བྱའི་སྡེ་ཚན་གཉིས་ཀའི་ལས་བྱེད་སུ་ཞིག་ལ་ཉེས་སྐྱོན་ར་སྤྲོད་བྱུང་སྟེ་གནས་རིམ་ཕབ་པའམ། བགྲེས་ཡོལ་སྔ་བསྣུར། གནང་དབྱུང་བྱེད་དགོས་ཀྱི་སྒྲིག་མཐུན་ཞིབ་འཇུག་ལས་དོན་ཟིན་ཏེ་མཐའ་མའི་ཐག་གཅོད་ཆེད་འཆར་གཞི་བཀའ་ཤག་གིས་ཕུལ་རིགས་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་རྟོག་ཞིབ་ཀྱིས་འོས་འཚམས་ལ་གནས་ཕབ་བམ་གནས་དབྱུང་བཀོད་ཁྱབ་གཏོང་རྒྱུ། འོས་འཚམས་མིན་རིགས་འཆར་གཞི་ཕྱིར་སློག་དང་། འདྲི་རྩད་བྱ་དགོས་རིགས་མཐིལ་ཕྱིན་བྱེད་དགོས། ཞེས་འཁོད་ཡོད་པ་རེད། ཡིན་ནའང་བཀའ་ཤག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་སྐབས། ལས་རིམ་འདི་དག་བརྒྱུད་མ་སོང་། དེར་བརྟེན་མ་འོངས་པར་ཛ་དྲག་གི་ཞིབ་འཇུག་ཚོགས་ཆུང་བརྒྱུད་ནས་གནད་དོན་གང་ཡིན་གསལ་བོ་གསལ་རྐྱང་བཟོ་དགོས་ཀྱི་ཡོད་པ་རེད། གསལ་བོ་མ་བཟོས་བར་དུ་ངོ་སྐུ་སྤེན་པ་ཚེ་རིང་གི་ལས་གནས་འཕོ་འགྱུར་བཏང་ན་འགྲིག་གི་མ་རེད། དེ་ང་ཚོས་བཀའ་ཤག་ལ་ཞུ་འདོད་པའི་རེ་སྐུལ་ཡིན། ཞེས་བརྗོད་བྱུང་།
ལས་འགུལ་བ་མི་མང་གི་གསལ་བསྒྲགས་ཡིག་ཆའི་ནང་། སྐུ་ཚབ་དོན་གཅོད་ཁག་ལ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་མ་གནང་ཚེ། གནས་ཡུལ་རྒྱལ་ཁབ་ཏུ་དོན་གཅོད་ལས་ཁུངས་གནས་ཐབས་མེད་པ་ཡིན་པས། དོན་གཅོད་དེ་དག་ལ་༧གོང་ས་མཆོག་གི་སྐུ་ཚབ་ཡིན་པའི་མཚན་གནས་གཡར་གནང་ཡོང་བའི་ཆ་རྐྱེན་ཞིག་ཡིན་པ་ལས། དོན་གཅོད་བསྐོ་གཞག་བྱེད་མཁན་བཀའ་ཤག་ལ་དོན་ཚན་འདིའི་ཐོག་ནས་དོན་གཅོད་བསྐོ་གཞག་དང་འཕོ་འགྱུར་བྱེད་ཆོག་མིན་གྱི་དབང་ཆ་གང་ཡང་གསལ་མེད། གལ་སྲིད་དོན་གཅོད་འཕོ་འགྱུར་སྐོར་༧གོང་ས་མཆོག་ལ་༧སྙན་གསན་ཞུས་པ་ཡིན་ཟེར་བ་ཙམ་ཞིག་རྒྱུ་མཚན་དུ་བགྲང་གི་ཡོད་ན་ནི། བཀའ་ཤག་གིས་བསྐོ་གཞག་གནང་བའི་དོན་གཅོད་དེ་དག་ལ་སྐུ་ཚབ་ཀྱི་མཚན་གནས་གནང་རྒྱུ་བཅའ་ཁྲིམས་དོན་ཚན་འདིའི་ཐོག་ནས་༧གོང་ས་མཆོག་ལ་མཛད་འགན་ཕུལ་བ་ཞིག་ཡིན་ལ། བཅའ་ཁྲིམས་སུ་དོན་གཅོད་རྣམས་ལ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུའི་ཆ་རྐྱེན་འདི་ཕྱིར་བསྡུ་གནང་རྒྱུའི་བསྐྱར་བཅོས་གཏན་འབེབས་མ་གནང་བར་དུ། དེའི་ཐོག་བཀའ་ཤག་གིས་༧གོང་ས་མཆོག་ལ་གསར་དུ་བསྐོ་འཛུགས་བྱས་པའི་དོན་གཅོད་ཅིག་ལ་མཚན་གནས་གནང་སྐྱོང་ཡོང་བའམ། ཡང་ན་དོན་གཅོད་འཕོ་འགྱུར་བཏང་བ་དེའི་མཚན་གནས་ཕྱིར་བསྡུ་གནང་སྐྱོང་བའི་ཡོང་བའི་བཀའ་འཁྲོལ་ཞུ་ལམ་མེད་ལ། བཀའ་འདྲེན་གནང་བ་དེར་གཞི་རྩ་གང་ཡང་མེད།
ལར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡ པོའི་ནང་གསེས་ ༣ པའི་ནང་གོང་གསལ་བརྗོད་ཁག་དང་། དོན་ཚན་ ༧༢ ནང་གསེས་ ༡ ནང་། ས་གནས་མགོ་འཛིན་གྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མཚམས་འཛིན་གནང་སྐབས། སྐུ་ཚབ་དོན་གཅོད་ཁག་འོས་འདེམས་མ་དགོས་པ་ཡིན་ཞེས་བཀོད་པ་མ་གཏོགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཡོངས་སུ་རྫོགས་པའི་ནང་། སྐུ་ཚབ་དོན་གཅོད་ཁག་བསྐོ་གཞག་བྱེད་ཕྱོགས་དང་། འཕོ་འགྱུར་གཏོང་སྟངས་ཀྱིས་མཚོན་པའི་བྱེད་སྒོ་གཅིག་ཀྱང་བསྟན་མེད། དེར་བརྟེན། སྲིད་ཚབ་ཆོས་རིག་བཀའ་བློན་གྱིས་གསུང་པ་ལྟར་ན། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་པ་དེར་གཞི་འཛིན་ས་གང་ཡང་མེད། རྒྱུ་མཚན་ནི། བཅའ་ཁྲིམས་སུ་དོན་གཅོད་འཕོ་འགྱུར་གཏོང་ཕྱོགས་སྐོར་ཚིག་འབྲུ་གཅིག་ཀྱང་གསལ་མེད་པ་དང་། དོན་ཚན་ ༡ ནས་གསེས་ ༣ པ་དེ་༧གོང་ས་མཆོག་ཁོ་ནའི་སྐུ་དབང་ཡིན་སྟབས། ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ པོའི་ནང་གསེས་ ༣ ནང་གསལ་ལྟར་འཕོ་འགྱུར་བཏང་ཡོད་ཟེར་བ་ནི། ༧གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ཐོག་བཀའ་ཤག་ནས་ཐད་ཀར་ལག་པ་འཆང་བ་ཞིག་ཡིན་པ་མ་ཟད། བཀའ་ཤག་ལ་དོན་ཚན་དེའི་ཐོག་ལག་བསྟར་བྱེད་པའི་ཐོབ་ཐང་དང་དབང་ཚད་མེད་པ་མངོན་རྗེན་ཡིན་སྟབས། དངོས་གནས་བཅའ་ཁྲིམས་དོན་ཚན་འདིའི་ཆ་རྐྱེན་འོག་ནས་དོན་གཅོད་འཕོ་འགྱུར་གྱི་དབང་ཚད་བཀོལ་སྤྱོད་བྱས་པ་ཡིན་ཚེ། དེ་ནི་ཁྲིམས་འགལ་ཡིན། ཞེས་འཁོད་འདུག
མུ་མཐུད་གསལ་བསྒྲགས་ནང་སྒྲིག་གཞི་གཞིར་བཟུང་གནས་དབྱུང་བཏང་བ་ཡིན་ཚེ་སྒྲིག་གཞིའི་ནང་གསལ་ལྟར་བརྒྱུད་རིམ་ཁག་བརྒྱུད་ཡོད་མེད་དོགས་འདྲི་ཞུས་པའི་ནང་། བླང་དོར་སྒྲིག་གཞི་དོན་ཚན་ ༥༣ ནང་། ཀ༽ ལས་བྱེད་པའི་རང་འཁྲིའི་ལས་དོན་འཐུས་ཤོར་དང་སྒྲིག་འགལ་གྱི་གནས་ཚུལ་བྱུང་ཚེ། འབྲེལ་ཡོད་འགན་འཛིན་གྱིས་ངག་ཐོག་ནས་ངོ་སྤྲོད་བྱ་རྒྱུ་དང་། དེས་ཕན་སྐྱེད་མ་བྱུང་ན་ཡིག་ཐོག་ཉེན་བརྡ་གཏོང་དགོས། ཁ༽ ངོས་འཛིན་འོས་པའི་སྒྲིག་འགལ་དང་ལས་དོན་འཐུས་ཤོར་བྱུང་ན། འབྲེལ་ཡོད་ལས་བྱེད་དེར་དྲི་བ་བཀོད་དེ་གསལ་བཤད་བྱེད་རྒྱུའི་གོ་སྐབས་ལན་གཅིག་སྤྲོད་དགོས་པ་དང་། གསལ་བཤད་ཀྱིས་མ་དག་ན་ཉེན་བརྡ་གཏོང་བའམ་འོས་འཚམས་ཀྱི་ཆད་པ་འབྲེལ་ཡོད་འགན་འཛིན་གྱིས་གཏོང་ཆོག ག༽ རང་འཁྲིའི་ལས་འགན་ལ་ལྷོད་ཡངས་ཤོར་བ། གོང་རིམ་གྱི་བཀའ་ལ་མ་བརྩིས་པ། གཞུང་དངུལ་འདུ་འགོད་ཚུལ་བཞིན་མ་བྱས་པ། གཞུང་དོན་ཐོག་དྲང་བདེན་མིན་པའི་ཕྱོགས་ལྷུང་བྱས་པ། བཟང་སྤྱོད་དང་འགལ་བའི་ལས་ཀ་བྱས་པ་བཅས་བྱུང་ཚེ། འབྲེལ་ཡོད་འགན་འཛིན་གྱིས་གནས་ཚུལ་བཀའ་ཤག་ལ་སྙན་གསན་ཞུ་དགོས། ང༽ བཀའ་ཤག་གིས་འབྲེལ་ཡོད་འགན་འཛིན་གྱི་སྙན་ཤོག་ནང་འཁོད་པའི་དོན་གནད་རྣམས་ནས་དང་པོའི་མཐོང་སྣང་གི་འགལ་འཛོལ་མཐོང་ཚེ། འབྲེལ་ཡོད་ལས་བྱེད་ལ་ཉེས་འཛུགས་ཤོག་ལྷེ་དང་ཞིབ་འཇུག་ཆེད་འཕྲལ་དུ་ལས་དོན་མཚམས་འཇོག་གི་བཀོད་ཁྱབ་གཏོང་དགོས། ཅ༽ འབྲེལ་ཡོད་འགན་འཛིན་ནས་སྙན་ཤོག་མ་འབྱོར་ཡང་ལས་བྱེད་སུ་ཞིག་ལ་མིང་རྟགས་དང་ཁ་བྱང་འཁོད་པའི་སྐྱོན་འཛུགས་སྙན་ཞུ་འབྱོར་ཞིང་། ཞུ་སྦྱོར་བའི་ངོས་ལེན་ཡོད་པ་དང་། དང་པོའི་མཐོང་སྣང་དུ་འགལ་འཛོལ་ཡོད་རིགས་ཀྱང་ལས་དོན་མཚམས་འཇོག་གིས་ཞིབ་འཇུག་བྱེད་ཆོག ཆ༽ སྙན་ཤོག་གང་ཡང་མ་འབྱོར་ཡང་བཀའ་ཤག་གིས་ཐད་ཀར་དང་པོའི་མཐོང་སྣང་དུ་འགལ་འཛོལ་ཡོད་པ་མཐོང་ཚེ། ལས་དོན་མཚམས་འཇོག་གིས་ཞིབ་འཇུག་བྱེད་ཆོག ཇ༽ ལས་བྱེད་པས་ཡུལ་ཁྲིམས་དང་འགལ་བའི་ནག་ཉེས་བྱས་ཚེ། འབྲེལ་ཡོད་འགན་འཛིན་ནས་འཕྲལ་དུ་ས་གནས་སྐོར་སྲུང་བར་ཐོག་མའི་གནས་ཚུལ་གྱི་སྙན་ཞུ་ FIR དེབ་འགོད་བྱེད་དགོས། ཐ༽ ནག་ཉེས་ར་འཕྲོད་ཀྱིས་ཁྲིམས་ཁང་ནས་ཉེས་པ་ཕོག་ན་དེ་འཕྲལ་བཀའ་ཤག་བརྒྱུད་ལས་བྱེད་འདེམས་ལྷན་དུ་ཁྲིམས་ཁང་བཀའ་བཅད་ཀྱི་ངོ་བཤུས་ཕུལ་ཏེ། ལས་དོན་བར་མཚམས་བཞག་ཉིན་ནས་གནས་དབྱུང་གཏོང་དགོས། མ༽ཉེས་སྐྱོན་ཆེ་རིགས་གནས་རིམ་ཕབ་པའམ། རྒས་ཡོལ་སྔ་བསྣུར། གནས་དབྱུང་བྱ་དགོས་པ་བཅས་ཞིབ་འཇུག་གྲུབ་དོན་བཀའ་ཤག་གི་རྒྱབ་གཉེར་དང་ལས་བྱེད་འདེམས་ལྷན་དུ་འབུལ་རྒྱུ། ལས་བྱེད་འདེམས་ལྷན་གྱིས་རྟོག་ཞིབ་ཀྱིས་འོས་འཚམས་ལ་གནས་ཕབ་གནས་དབྱུང་རྒས་ཡོལ་སྔ་བསྣུར་གང་ཡིན་གྱི་བཀོད་ཁྱབ་གཏོང་རྒྱུ་དང་། འོས་འཚམས་མིན་རིགས་འཆར་གཞི་ཕྱིར་སློག་གམ་ཐད་ཀར་བསྐྱར་ཞིབ་གང་འོས་གནང་འཐུས།་ཞེས་འཁོད་འདུག
ཡང་གསལ་བསྒྲགས་ནང་། བཅའ་ཁྲིམས་དོན་ཚན་ང་བཞི་པའི་ནང་གསེས་ ཀ༽པར། ལས་བྱེད་པར་ཉེས་འཛུགས་ཞིབ་འཇུག་བྱ་དགོས་རྣམས་ལ་བཀའ་ཤག་གིས་ཉེས་སྐྱོན་གྱི་གནས་བབ་ལ་གཞིགས་པའི་ཞིབ་འཇུག་པ་ཚོགས་མི་གཉིས་སམ་གསུམ་ལས་མ་བརྒལ་བའི་ཚོགས་ཆུང་བསྐོ་རྒྱུ་དང་། དོན་ཚན་ ༥༦ ནང་གསེས་ ཀ༽ པར། ཞིབ་འཇུག་སྙན་ཐོའི་ཐོག་བཀའ་ཤག་གིས་བཅད་ཁྲ་བཏང་བར་འདོད་བློ་མ་ཁེངས་ན་འབྲེལ་ཡོད་ལས་བྱེད་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་གོང་ཞུ་བྱེད་ཆོག ལས་བྱེད་གནས་དབྱུང་ཟིན་པ་ཞིག་ཡིན་ན་ལས་བྱེད་འདེམས་ལྷན་དུ་ཐད་ཀར་སྙན་འབུལ་ཆོག་ཅིང་། ལས་བྱེད་ཡིན་མུས་ཡིན་ན་འབྲེལ་ཡོད་ལས་ཁུངས་དང་བཀའ་ཤག་བརྒྱུད་ལས་བྱེད་འདེམས་ལྷན་དུ་གོང་ཞུ་བྱེད་དགོས། གོང་ཞུའི་སྙན་ཞུ་འབྲེལ་ཡོད་ལས་ཁུངས་དང་བཀའ་ཤག་གིས་བཀག་འགོག་མི་ཆོག ཁ༽ ལས་བྱེད་འདེམས་ལྷན་གྱི་ཐག་གཅོད་ལ་འདོད་བློ་མ་ཁེངས་ཚེ། ཁྲིམས་ཞིབ་ཁང་གང་འོས་སུ་ཁྲིམས་གཏུག་བྱེད་ཆོག ལས་བྱེད་པ་ཡིན་ན་ཁྲིམས་གཏུག་ཆོག་པའི་བཀའ་འཁྲོལ་འབྲེལ་ཡོད་ལས་ཁུངས་བརྒྱུད་བཀའ་ཤག་ནས་ཞུ་དགོས་ཞེས་བཀོད་ཡོད་པ་རེད། དེར་བརྟེན། ལས་བྱེད་བླང་དོར་སྒྲིག་གཞིའི་ཁྱབ་འོག་ཏུ་ཡོད་པའི་ལས་བྱེད་གཅིག་ལ་ལས་འགན་མཚམས་འཇོག་བྱེད་དུ་འཇུག་པའམ། ཉེས་འཛུགས་ཞིབ་འཇུག་གིས་གནས་ཕབ་བའམ། གནས་དབྱུང་གི་ཐག་གཅོད་བཅད་ཁྲ་གཏོང་བ་གང་ཞིག་བྱེད་དགོས་ཀྱང་། གོང་གསལ་སྒྲིག་གཞིའི་བརྒྱུད་རིམ་གཞིར་བཟུང་འགྲོ་དགོས་པ་ལས། བླང་དོར་བརྡ་སྟོན་གྱི་ཡི་གེ་གཉིས་བཏང་བ་དང་། དེའི་རྗེས་མཐའ་མའི་ཉེན་བརྡ་གཅིག་བཏང་སྟེ་གནས་དབྱུང་བཏང་བ་ཡིན་ན། བཀའ་ཤག་གི་ཐག་གཅོད་དེ་བླང་དོར་སྒྲིག་གཞི་དང་མཐུན་པ་ཞིག་ཆགས་ཀྱི་མི་འདུག མདོར་ན། བཀའ་ཤག་གིས་ཨ་རིའི་དོན་གཅོད་ལས་འགན་མཚམས་འཇོག་གི་ཐག་གཅོད་དེའ་བཅའ་ཁྲིམས་དོན་ཚན་ ༡ ནང་གསེས་ ༣ པ་གཞིར་བཟུང་ལག་བསྟར་གནང་བ་ཡིན་གསུངས་པ་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ལ་ལག་པ་འཆང་བ་ཞིག་ཡིན་པ་དང་། བཅའ་ཁྲིམས་ནང་དོན་གཅོད་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དང་བརྒྱུད་རིམ་གཏན་ནས་མེད་བཞིན་དུ། བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་ཚེ། བཅའ་ཁྲིམས་རིན་པོ་ཆེར་ཚབས་ཆེའི་འགྲེལ་ལོག་བསྐྱོན་པ་ཞིག་ཡིན། དོན་གཅོད་ལས་ཐོག་པ་དེ་བླང་དོར་སྒྲིག་གཞི་དང་འགལ་བའི་ཆ་ནས་ལས་འགན་ཕྱིར་བསྡུ་གནང་བ་ཡིན་གསུངས་ན། འགལ་བའི་ཆ་དེ་བླང་དོར་སྒྲིག་གཞིའི་བརྒྱུད་རིམ་གཞིར་བཟུང་ཕེབས་དགོས་པ་ལས། སྒྲིག་གཞི་དང་མ་མཐུན་པའི་སྒོ་ནས་ཐག་གཅོད་གནང་བ་དེ་བརྒྱུད་རིམ་ཁྲིམས་མཐུན་ཆགས་ཀྱི་མེད་པས། དཔལ་ལྡན་བཀའ་ཤག་ནས་འདིའི་ཐོག་དགོངས་པ་གཟབ་བཞེས་གནང་གལ་ཞུ། ཞེས་འཁོད་འདུག
༄།། །བཀྲིས་བདེ་ལེགས་དངོས་གནས་ཡིན། སྤྱིར་མང་གཙོའི་གོ་རྟོགས་དང་། བྱེ་བྲག་ཏུ་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དོན་ཚན་ཁག་ལ་ནམ་རྒྱུན་ནས་དོ་སྣང་གིས་གཟི་བརྗིད་དང་། ཆེ་མཐོང་། འོས་འགན་བཅས་གསུམ་གྱི་རང་བཞིན་ལྡན་པའི་ལས་འགུལ་དེ་འདྲ་ཞིག་སྤེལ་བར་བསྔགས་བརྗོད་ཡོད། དེ་ནི་མང་གཙོའི་སྤྱི་ཚོགས་ལ་ཡོད་པའི་རང་བཞིན་ཞིག་རེད། རྒྱུ་མཚན་གང་ཡང་ཤོད་རྒྱུ་མེད་པར་རང་གི་ཚོར་བ་དང་། ལོང་བའི་ཞེན་ཁོག་སྐམ་པོའི་ནད་ཀྱིས་མཉར་བའི་རྣམ་དབྱེ་དང་པོ་བ་ཚོ་དང་མི་མཐུན་པའི་ལས་འགུལ་ཞིག་སྤེལ་མཁན་བྱུང་ན་ལས་འགུལ་དེ་སྤེལ་མཁན་རྣམས་ལ་ཁོང་ཚོས་དོལ་ཚོགས་པ་དང་། རང་གཞུང་ལ་ངོ་ལོག་པ། རྒྱ་གཞུང་གི་རྒྱུག་ཁྱི་སོགས་མི་འོས་པར་འབོད་པ་དེ་དག་ནི་ཨམ་ཆོག་རྒྱབ་ཀྱི་ལྷག་པ་བཞིན་སྣང་མེད་དུ་ཐོངས་ཤིག་གུ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
མཐུན་བཞི་ཚང་ནས་ཕུལ།
སྤྱིར་བཏང་བྱས་ན་དེ་རིང་གི་གནད་དོན་དེ་སྐུ་ངོ་སྤེན་པ་ཚེ་རིང་ང་ལ་ནོར་འཁྲུལ་མེད།དྲང་དྲག་ནས་ཡིན་རྒྱུ་རེད་ཟེར་བའི་བཀའ་མོལ་གནང་པ་དེ་འགྲིག་མ་སོང་ལ་གསར་འགོད་ཚང་མ་སྐྱོན་ཆེན་པོ་ཞིག་བྱས་སོང་བསམ་པའི་ཚོར་སྣང་བྱུང།བཀའ་ཤག་གི་ལས་བྱེད་འཕོ་འགྱུར་བཏང་པ་དེ་གཞུང་འཛིན་བཀའ་ཤག་གི་སྐུ་དབང་རེད།སྐུ་ངོ་དངོས་འགྲུབ་ཚེ་རིང་ཡིན་ཡང་ཨ་རི་ལ་མ་ཕེབས་༧གོང་ས་སྐྱབས་མགོན་དོན་གྱི་བདག་པོ་མཇལ་ཁ་བཅར་པ་རེད།དེ་གསལ་ཤེས་ག་རེ་བྱ་ཐུབ་ཀྱི་ཡོད་མེད་རྣམ་པ་ཚོས་མཁྱེན་གསལ་རེད།རེད་ཡ།རྒྱ་གར་ལུང་པ་དམངས་གཙོ་རེད་།ངོ་རྒོལ་བྱེད་ན་མ་འགྲིག་པར་མིན།འོན་ཀྱང་གསར་འགོད་པ་རྣམས་ཀྱི་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་ཚགས་ཤོག་ཐོག་ལ་བཀོད་པ་ཡིན་ཙམ་མི་དམངས་ལ་རྡབ་གསིབ་ཆེན་པོ་བྱུང་པ་རེད།
ངས་སྲིད་སྐྱོང་གཙོས་པའི་བཀའ་བློན་རྣམས་ལ་ནོར་འཁྲུལ་ཡོག་མ་རེད་ཟེར་ཞུ་ཡི་མེད་ལ་སྤེན་པ་ཚེ་རིང་ནོར་འཁྲུལ་ཡོག་མ་རེད་ཟེར་དེ་བས་ཀྱང་ཞུ་ཡི་མེད།སྤེན་པ་ཚེ་རིང་རྡ་སར་ལོག་ནས་བཀའ་མོས་གསལ་པོ་བཟོས་ཚར་རྗེས་དེ་ནས་འདོད་བློ་མ་ཁེངས་ན་རྒྱུ་མཚན་ལྡན་པའི་ཐོག་ནས་གནང་ཡ་ཡོག་རེད་།འོན་ཀྱང་རང་རིགས་སྤྱི་ཚོགས་ནང་ལ་དེ་འདྲའི་རེད་མི་འདུག
རི་བོང་ཅལ་འགྲོགས་ཀྱི་བོད་པའི་རྩ་དོན་ལ་བསམ་ཤེས་བྱ་ཡི་མི་འདུག
ད་ཡོངས་རྫོགས་ཚགས་པར་དང་བརྙན་འཕྲིན་ལ་བཀྲམས་ཚར་བ་རེད།རྒྱ་ནག་ལ་བརྡ་ལན་ག་རེད་སྤྲད་ཀྱི་རེད་།བོད་ནང་ལ་བརྡ་ལན་ག་རེད་སྤྲད་ཀྱི་རེད།རེད།རྒྱ་གར་ནང་ལ་རང་དབང་རེད།རང་དབང་རེད་ཟེར་ན་ག་བྱུང་མ་བྱུང་བྱེད་དྲག་ན་ཁེ་ཕན་ག་་རེ་འདུག
རྣམ་པ་ཚོས་དགོངས་པ་བཞེས་པས།
གཞུང་ཟེར་བ་དེ་མི་མང་གི་ཁེ་ཕན་ཆེད་དུ་ཡིན། མི་མང་གི་མངོན་འདོད་སྣང་མེད་དུ་བཏང་ན་སྐྱོན་བརྗོད་ངེས་པར་དུ་བྱེད་དགོས།
ན་བུན་ལགས་ཁྱེད་ཀྱིས་བརྩིས་པ་ཡིན་ནམ། ཁོ་རང་ཚོས་བརྩིས་པ་རེད། གསར་འགོད་པ་གཞན་གྱིས་བརྩིས་སྐབས་ ༡༠༠ མི་འདུག་ཟེར།
གོ་བརྡ་དངོས་གནས་ཡག་པོ་སྤྲད་སར་རེད།བོད་མི་ནང་ཁུལ་ངོ་རྒོལ་བྱས་པ་ཙམ་མ་གཏོགས་རྒྱ་ནག་ངོ་རྒོལ་དང་རྩོམ་ཡིག་ཚད་ལྡན་ག་ཚད་ཞིག་སྤེལ་ཐུབ་ཀྱི་འདུག་གསལ་པོ་མཐོང་ཐུབ་ངེས།དམངས་གཙོ་རེད་བས།མི་བརྒྱ་ཙམ་རེད་འདུག སྐད་གྲགས་བཞག་སོང།
མི་ ༡༢༠ ལྷག་འདུ་འཛོམས་ཟེར། བང་ཆེན་ ༨༠ ཙམ་ཟེར། ནོར་ཝེ་རླུང་འཕྲིན་དང་ཨ་རིའི་རླུང་འཕྲིན་བརྒྱ་མ་ཟིན་ཙམ། ཨེ་ཤ་ཡ་རང་དབང་ཨོ་བསྟན་བརྒྱ་མ་ཟིན་ཙམ། དབྱངས་སྒྲོལ་དང་ཆོས་སྐྱིད་ ༡༢༠ ལྷག་ཟེར། དོན་དངོས་མི་ག་ཚོད་འཛོམས་ཡོད་མེད་སུས་བཤད་པ་ལ་རྩ་འཛིན་བྱ་དགོས་སམ། བཀའ་ཤག་དང་མི་དམངས་དབར་གོ་བརྡ་འཕྲོད་རྒྱུ་ཕར་ཞོག གསར་འགོད་པ་ནང་ཁུལ་ལ་མི་གྲངས་ ༤༠ ཡས་མས་གོ་བརྡ་འཕྲོད་ཀྱི་མི་འདུག
གསལ་བཤད།
ཀློག་པ་པོ་བཙོན་འགྲུས་ཉི་མ་ལགས། ཁ་སང་ཞོགས་པར་གསར་འགོད་པ་གངས་སྐྱིད་ལག་སྤོལ་རྩེད་ཐང་དུ་སོང་ནས་ལས་འགུལ་བ་ཞིག་ལ་མི་མང་ག་ཚོད་ཅིག་མཉམ་ཞུགས་བྱས་ཡོད་མེད་དྲིས་པར། ཐོག་མར་ལས་འགུལ་བ་དེས་མི་གྲངས་བརྒྱ་མ་ཟིན་ཙམ་ཡོད་སྐོར་བརྙན་ལམ་དུ་བརྗོད་སོང་བ་དང་། དེའི་རྗེས་ནས་ཁོས་ཞིབ་རྩིས་བྱས་ཏེ་མི་ ༡༢༠ འདུག་ཅེས་གསར་བཤད་བྱས་སོང་། དེར་བརྟེན་གསར་འགོད་པས་གྲངས་དེ་གཞིར་བཟུང་ནས་སེར་སྐྱ་མི་མང་ ༡༢༠ ཞེས་བྲིས་པ་ཡིན།
བཙན་བྱོལ་ནང་མི་མང་ལ་རང་དབང་ཆེན་པོ་ཡོད་པ་འདིས་རྒྱ་ནག་ལ་གོ་བརྡ་ཆེན་པོ་སྤྲད་ཡོད་པ་དང་། ད་རེས་ཀྱི་ལས་འགུལ་འདིས་ཀྱང་རྒྱ་ནག་ཚོ་ཧང་སང་དུ་བཅུག་ཡོད་རེད་བསམ།
བདེན་པའི་རྒྱབ་ཏུ་ལངས་བའི་མི་མང་ལས་འགུལ་སྤེལ་བར་ཕྱོགས་རིས་དང་རང་རྒྱལ་གཞན་ཕམ་གྱི་ར་གཟི་བ་འགའ་ཞིག་སྙིང་རླུང་ལངས་ཡོད་པ་འདྲ།
༄༅། དོན་མེད་རྡ་ས་བཀའ་ཤག་ལ་འབོད་བསྐུལ་ངོ་རྒོལ་བྱས་པ་ལས་་་ལྡི་ལི་རྒྱ་མིའི་གཞུང་ཚབ་
སྒོ་འགྲམ་དུ་ཉལ་ནས་ཕ་ཡུལ་བཙན་པོས་འཕྲོག་སོང། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལས་བརྒལ་སོང་ཞེས་སྐད་འབོད་
བྱེད་ན་ཡག་གི་མ་རེད་དམ།
མི་ཁྱོད་ཚོའི་རྣ་བ་དང་རྣམ་ཤེས་དེ་འགྲེལ་བཤད་ག་ཚོད་བརྒྱབ་ཀྱང་ཉན་མི་ཤེས་པ་དང་གོ་མི་ཤེས་པའི་ཁྱི་དང་བོང་བུའི་རྣ་བ་དང་རྣམ་ཤེས་རེད། བཀའ་ཤག་གི་གསལ་བཤད་ཞིབ་རྒྱས་གནང་བ་དེས་གོ་རྟོགས་མེད་པའི་ཁྱི་དང་བོང་བུ་འདྲ་བ་ཁྱོད་ཚོ་ཉུང་ཤས་ཤིག་མ་གཏོགས་བཙན་བྱོལ་བོད་མིའི་བརྒྱ་ཆ་དགུ་བཅུ་གོ་དགུའི་དོགས་པ་རྣམ་རྟོག་སངས་ཏེ་ཚང་མས་ཡིད་ཆེས་དང་རྒྱབ་སྐྱོར་ཞུ་གི་ཡོད། དེ་རེད་འདུག་གམ་མི་འདུག་ཁྱོད་རང་ཚོ་བསམ་བློ་ཐོངས་དང་ས་རིས་ཐང་གསལ་རེད། བཀའ་ཤག་གི་དེ་སྔོན་གསལ་བཤད་གནང་བ་དེས་གསལ་པོ་མ་ཆགས་ན་ད་ཕྱིན་གསལ་བཤད་གནང་དང་མ་གནང་མེད་དེ། དམུས་ལོང་ལ་ཉི་མ་ཤར་བ་དང་། འོན་པའི་རྣ་བར་འབྲུག་གྲགས་ཀྱང་མཐོང་ཐོས་གང་ཡང་མེད་པ་དང་འདྲ་འདྲ་རེད། དེ་བས་ཁྱོད་རང་སྐད་འབོད་ག་ཚོད་བརྒྱབ་རྒྱུ་ཡོད་ནའང་བརྒྱག་རོགས་གྱིས། དམངས་གཙོ་ཡིན་ཙང་རང་དབང་རེད། སོ་སོས་སོ་སོ་ལ་ཞབས་འདྲེན་ཞུ་མཁན་ཁྱོད་ཚོ་ལ་སྙིང་རྗེ་བ་ལས་ཧ་ལས་རྒྱུ་དང་ཧང་སངས་རྒྱུ་གང་ཡང་མེད།
ངོ་རྒོལ་བྱེད་སར་དེ་རྒྱ་མི་ཡིན་པ་ལས་བཙན་བྱོལ་སྒྲིག་འཛུགས་ག་ལ་ཡིན།སྐབས་འཚོལ་རིང་ལུགས་འགའ་ཞིག་བཀའ་ཤག་ངོ་རྒོལ་བྱེད་བཞིན་ཡོད་པ་དེ་སྙིང་ནད་བསང་སར་འདྲ་པོ་རེད།རྒྱ་ནག་གཞུང་ཚང་ཁང་མདུན་འགའ་ཤས་ངོ་རྒོལ་བྱས་མྱོང་མེད་པ་ཚིག་ཐག་བཅད་ནས་བཤད་ཐུབ་།
དམངས་གཙོ་ཁ་ལ་འཁྱེར་གང་བྱུང་མ་བྱུང་བྱེད་པ་ཡིན་ན་འགྲིག་གི་ཡོད་ན།དངོས་གནས་རང་ངོས་ནས་འགྲོ་སོང་བཏང་ནས་ངོ་རྒོལ་བྱེད་ཡོང་བ་དངོས་གནས་དཔའ་བོ་རེད་འདུག
ངོ་རྒོལ་བྱེད་སར་དེ་རྒྱ་མི་ཡིན་པ་ལས་བོད་བཙན་བྱོལ་སྒྲིག་འཛུགས་མ་རེད།མ་འགྲིག་པ་ཡིན་ན་ཡིག་གེ་འབྲི་ནས་བཀའ་ཤག་ལ་ཕུལ་བཞག་ན་འགྲིག་གི་ཡོག་རེད།ཡག་པོ་རེད་།རྒྱ་མི་མིག་ལྟར་ན་གད་མོ་ཤོར་སྡོད་ཀྱི་ཡོག་རེད།བཀྲ་ཤིས་བདེ་ལེགས་།དུས་བབ་གསར་ཁང་གད་སྙིད་སྤུངས་ས་རེད་བཞག
རུལ་སུངས་བ་དང་དབང་ཆ་སྒེར་གཅོད་པ་དབྱེན་སྦྱོར་བ་དང་བོད་མི་ནང་དཀྲུག་གི་རྩ་བ་ཕམ་པར་རྒྱོབ། མི་མང་དང་དྲང་བདེན་གཉོམ་ཆུང་རྒྱལ་གྱུར་ཅིག། བོད་མིའི་སྒྲིག་འཛུག་ཡུན་གནས་དང་༧གོང་ས་མཆོག་ཁྲི་ལོར་ཤོག།
ད་ཐེངས་་བཀའ་ཤག་ངོས་ནས་་ཁ་གསལ་བའི་ཐེག་གཅོད་ཞིག་མ་གནང་བ་ཡིན་ན་ ཚེས་སུམ་བཅུ་ཉིན་ནས(རང་དབང་ལག་དེབ)ཕྱིར་བཀའ་ཤག་ལ་རྩིས་སྤྲོད་བྱེད་རྒྱུ་ཐེག་གཅོད་གནང་བ་ཡིན།
ཧ་ཅང་སྣང་བ་འགྲོ་བའི་ལས་འགུལ་ཞིག་འདུག་་་གྲོགས་པོ་གྲོགས་མོ་ཚོ་ཐུགས་རྗེ་ཆེ་གནང་ཞུ་བ་ཡིན།སང་ཉིན་ནས་མཉམ་བཞུགས་གནང་ཆོག་པ་ཞུ་ཞུ།
གོང་ས་མཆོག་ནས་བསྐོས་གནང་བའི་མི་དེ་གནས་དབྱུང་བཏང་བ་དེས། མཛད་དཀའ་བཟོས་པ་ཞིག་མ་ཡིན་ནམ།
མི་མང་མི་མང་ཟེར་ན་རྡ་རམ་ས་གི་རག་གཟི་ཁག་ཅིག་སླེབ་ཡོད་ས་རེད།
རང་ཉིད་ཀྱིས་གང་བྲིས་པའི་ཡི་གེ་ལ་གཟིགས་ནས་སྐད་ཆ་ཤོད་ཁྱེད་ལ་བོད་པ་ཞིག་གིས་མཚན་གནས་མི་འདུག་དགོངས་དག་ཞུ།
ད་རག་བཟི་གིས་རག་བཟི་རྒྱབ་སྐྱོར་བྱེད་རེད། སྙིང་རྗེ།
དངོས་གནས་ཡིན། སྤྱིར་མང་གཙོའི་གོ་རྟོགས་དང་། བྱེ་བྲག་ཏུ་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དོན་ཚན་ཁག་ལ་ནམ་རྒྱུན་ནས་དོ་སྣང་གིས་གཟི་བརྗིད་དང་། ཆེ་མཐོང་། འོས་འགན་བཅས་གསུམ་གྱི་རང་བཞིན་ལྡན་པའི་ལས་འགུལ་དེ་འདྲ་ཞིག་སྤེལ་བར་བསྔགས་བརྗོད་ཡོད། དེ་ནི་མང་གཙོའི་སྤྱི་ཚོགས་ལ་ཡོད་པའི་རང་བཞིན་ཞིག་རེད། རྒྱུ་མཚན་གང་ཡང་ཤོད་རྒྱུ་མེད་པར་རང་གི་ཚོར་བ་དང་། ལོང་བའི་ཞེན་ཁོག་སྐམ་པོའི་ནད་ཀྱིས་མཉར་བའི་རྣམ་དབྱེ་དང་པོ་བ་ཚོ་དང་མི་མཐུན་པའི་ལས་འགུལ་ཞིག་སྤེལ་མཁན་བྱུང་ན་ལས་འགུལ་དེ་སྤེལ་མཁན་རྣམས་ལ་ཁོང་ཚོས་དོལ་ཚོགས་པ་དང་། རང་གཞུང་ལ་ངོ་ལོག་པ། རྒྱ་གཞུང་གི་རྒྱུག་ཁྱི་སོགས་མི་འོས་པར་འབོད་པ་དེ་དག་ནི་ཨམ་ཆོག་རྒྱབ་ཀྱི་ལྷག་པ་བཞིན་སྣང་མེད་དུ་ཐོངས་ཤིག་གུ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
འོ་ཡ་ད་འདུག་བོད་མི་བཙན་བྱོལ་བའི་ལོ་རྒྱུས་ནང་བཀའ་ཤག་ལ་མི་མང་ནས་ངོ་རྒོལ་བྱེདཔ་དེ་ཐེངས་དང་པོ་ཡིན་ན་ད་ཟབ་ཟབ་གནང་རོགས་ཐུགས་རྗེའི་གཟིགས་།
དགྲ་དགའ་གཉེན་སྡུག་འཛམ་གླིང་མི་མང་མདུན་ངོ་ཡང་ཚ་།
ལས་འགུལ་འདིར་༧གོང་ས་མཆོག་གི་སྐུ་པར་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འབྲེལ་མེད་མཐོང་སོང།
ལས་འགུལ་གང་སྤེལ་ནའང་བོད་ཀྱི་རྒྱལ་དར་དང་གོང་ས་ཆེན་པོའི་སྐུ་པར་བེད་སྤྱོད་གཏོང་བ་དེ་ནི་ཆབ་སྲིད་གཅིག་རེད།
དེ་ནི་བོད་ཀྱི་རྒྱལ་དར་སོགས་ལ་གུས་བརྩི་མེད་པ་ཞིག་ཀྱང་རེད།
ཁྱེད་ཚོའི་སྤེན་པ་ཚེ་རིང་སྐུ་ཚེ་ལོ་བརྟན་པ་ཤོག་ལབ་དང་མཚམ་ཤོས་རེད་།
ཧ་ཅིང་ཡག་པོ་རེད་ཞི་འཇམ་གྱིས་ལས་འགུལ་འདི་ནི་དོན་དམ་མི་མང་གིས་ཞི་འབོད་རང་རེད་ཡི་རང་ཡོད། འདི་མང་གཙོའི་ལུང་པ་ཁག་གི་འགྲོ་སྟངས་རེད་གང་ལྟར་འདི་ལ་ཧ་སེང་མདོག་ཁ་བོ་བྱེད་སྲིད་པ་རེད་ཡིན་ན་ཡང་དེ་ཟེར་མཁན་ཚོའི་མང་གཙོའི་འགྲོ་སྟངས་མ་ཤེེས་པ་རེད།
ར་བཟི་རྒྱབ་སྐྱོར་བ་ལ་བཀྲ་ཤིས་པ་ཞིག་ག་བ་ཡོད་།དངོས་གནས་གོང་ས་མཆོག་ལ་སྐུ་ངལ་བཟོས་སོང་།
མི་མང་མི་མང་ཟེར་ན་མི་ལྔ་བཅུ་འདག་བེ།
བོད་མིའི་སྒྲིག་འཛུགས་་ལ་ལས་བྱེད་ 300 མ་གཏོགས་ཡོད་མ་རེད། ཨ་ར་ ཁོ་རེད།