མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་མཁར་བློ་གྲོས་ལགས་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༨/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་ལགས་ཀྱིས་འཛམ་གླིང་ཞི་བདེའི་ཆེད་ཞི་རྒོལ་སྐད་འབོད་གནང་བར་བརྟེན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་སོག་རྫོང་ཉེན་རྟོག་ཁང་ལ་རྩིས་སྤྲད་ཡོད་འདུག

ཉེ་སྔོན་ཕྱི་ཟླ་དང་པོའི་ཚེས་ ༢༨ ཉིན་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་ལགས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་ཀྱང་། ཉིན་དེར་བློ་གོས་ལགས་དངོས་སུ་མཐོང་མཁན་ཚོས་བརྗོད་པ་ལྟར་ན། ཁོང་གིས་ཕོ་བྲང་པོ་ཏ་ལར་སྐོར་བ་ཐེངས་གཅིག་བརྒྱབས་རྗེས་ཕོ་བྲང་གི་མདུན་ནས་ཞི་རྒོལ་སྐད་འབོད་གནང་ཡོད་པ་དང་། སྐར་མ་བཞི་ལྔ་ཙམ་ལས་མ་འགོར་བར་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སོག་མཁར་བློ་གྲོས་ལགས་ཀྱི་འབྲེལ་ཡོད་ཅིག་ལ་དེའི་སྐོར་སྐད་ཆ་འདྲི་པར་ཁོང་གིས། ཕྱི་ཚེས་ ༢༩ ཉིན་ལྷ་སའི་ཉེན་རྟོག་པས་ཁོང་ནག་ཆུ་སོག་རྫོང་གི་ཉེན་རྟོག་པར་རྩིས་སྤྲད་ཡོད་པ་དང་། མི་རིང་བར་རྫོང་དང་ཁུལ་རིམ་པ་བརྒྱུད་ཁོང་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པའི་དོགས་གཞི་བྱེད་ཀྱི་ཡོད་པ་དང་། ད་ལྟའི་ཆར་སོག་རྫོང་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་གཞན་གང་ཡང་ལེན་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

སོག་མཁར་བློ་གྲོས་ལགས་ནས་ཁོང་གིས་ཞི་རྒོལ་བྱེད་དགོས་པའི་དམིགས་ཡུལ་སྐོར་ལ་བརྙན་ཕབ་བསྒྲགས་གཏམ་ཞིག་ཕྱི་ཕྱོགས་སུ་བསླེབས་པའི་ནང་། ང་ཚོ་ཁ་བ་གངས་ཅན་པའི་ལྗོངས་ནི་མ་བཅོས་ལྷུན་གྱིས་གྲུབ་པའི་འཛམ་གླིང་ཞི་བདེའི་ལྟེ་གནས་ཤིག་ཡིན་པ་དང་། ང་ཚོ་ཁ་བ་རི་བས་འཛམ་གླིང་ཞི་བདེའི་ལས་འགུལ་སྤེལ་ནས་དུས་ཡུན་ཐུང་ཐུང་ཞིག་གཏན་ནས་མ་ཡིན་པར། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་འཚེ་མེད་ཞི་བདེ་ཡི་ལམ་ནས་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ། ལམ་དབུ་མ་ཡི་སྒང་ནས་འཛམ་གླིང་ཞི་བདེ་ལ་རྩོད་ལེན་བྱས་ཡོད། དཔེར་ན། ང་ཚོའི་དུས་རྟག་ཏུ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་དགོངས་པ་བཞིན། དེས་མི་ཚད་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་སོགས་དཔའ་བོ་དང་དཔའ་མོ་བརྒྱ་སྟོང་མང་པོས་འཛམ་གླིང་ཞི་བདེའི་དོན་དུ་སྐུ་ལུས་མེར་བཏང་ཡོད་པ་རེད། ངས་ཀྱང་མི་ལོ་༢༠ རིང་ལ་འཛམ་གླིང་ཞི་བདེའི་ཆེད་དུ་འབད་བརྩོན་བྱས་ཡོད་ལ། ལྷག་པར་དུ་ལོ་ངོ་ ༡༡ རིང་ལ་འཛམ་གླིང་ཞི་བདེ་དྲིལ་བསྒྲགས་དང་འཛམ་གླིང་ཞི་བདེ་ཡི་ཕྱོགས་སུ་ལུས་ངག་ཡིད་གསུམ་གྱིས་འབད་བརྩོན་བྱས་ཡོད། བཙོན་ཁང་དུ་ལོ་བདུན་བསྟུན་མར་དྲིལ་བསྒྲགས་བྱས་པ་ཡིན་ལ། བཙོན་ཁང་ནས་ཐོན་རྗེས་ལོ་བཞིའི་རིང་མཐོ་དམན་དྲག་ཞན་ཕོ་མོ་རྒན་གཞོན་སུ་དང་ཕྱོགས་ལྷུངསོགས་ཀྱི་འབྲེལ་བ་མེད་པར་དྲིལ་བསྒྲགས་བྱས་ཡོད། དེ་རིང་ ༢༠༡༨ ལོའི་ཕྱི་ཟླ་༡ པོའི་ཚེས་༢༨ ཉིན་དངོས་སུ་འཛམ་གླིང་ཞི་བདེའི་ལས་འགུལ་མགོ་འཛུགས་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསངུས་འདུག

བློ་གྲོས་རྒྱ་མཚོའམ་སོག་མཁར་བློ་གྲོས་ལགས་ནི་ནག་ཆུ་ས་ཁུལ་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་ཞིང་། ད་ལྟ་དགུང་ལོ་ ༥༧ ཙམ་ཡིན་པ་དང་། ཁོང་ལ་སྲིང་མོ་ ༥ དང་གཅུང་པོ་གཅིག་ཡོད་འདུག བློ་གྲོས་རྒྱ་མཚོ་ལགས་ཆུང་དུས་པ་ལགས་ཀྱི་མདུན་ནས་གཏམ་ཡིག་རྩིས་སྦྱང་བའི་ཐོག གཟུགས་པོ་བདེ་པོ་ཡོད་པས་སོག་རྫོང་ཟློས་གར་ཚོགས་པའི་འཁྲབ་སྟོན་པའི་ནང་ཞུགས་ཡོད་པ་དང་། དེ་སྔོན་ནག་ཆུ་ས་ཁུལ་གྱི་ཤེད་རྡོ་འགྱོག་པའི་འགྲན་སྡུར་ནང་ཁོང་གིས་ཨང་དང་པོའི་བྱ་དགའ་ཐེངས་གཉིས་ལ་བླངས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese