མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་དྲུང་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་།

བོད་ཀྱི་དུས་བབ།
༢༠༡༩/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བཀའ་དྲུང་གསར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་གཉིས་བར་བཀའ་ཐམ་སྲིད་ཞིའི་བདེ་སྐྱིད་དང་། རྟགས་ཐམ། སེལ་ཐམ་སོགས་རྩིས་སྤྲོད་རྩིས་ལེན་གནང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་ལ་བོད་མིའི་སྒྲིག་འཛིགས་བཀའ་དྲུང་ཡིག་ཚང་དུ། བཀའ་དྲུང་གསར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས། སྤྲོད་དཔང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་བཅས་ལྷན་འཛོམས་ཐོག བཀའ་དྲུང་གསར་རྙིང་གཉིས་བར་བཀའ་ཐམ་སྲིད་ཞིའི་བདེ་སྐྱིད་དང་། རྟགས་ཐམ། སེལ་ཐམ་བཅས་གཙོ་བོར་གྱུར་བའི་ཡིག་སྣོད་དང་འཛིན་ཆས། གལ་ཆེའི་ཅ་དངོས་སོགས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་འདུག

འདི་གའི་གསར་འགོད་པས་བཀའ་དྲུང་གསར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་སུ་རྩིས་སྤྲོད་རྩིས་ལེན་ག་འདྲ་བྱུང་དྲིས་པར་ཁོང་གིས། རྩིས་སྤྲོད་རྩིས་ལེན་གྱི་ལས་གཞི་དེ་ཕྱི་ཚེས་ ༨ ནས་མགོ་འཛུགས་ཀྱིས་ལས་བྱེད་ངོ་སྤྲོད་དང་ཚན་པ་ཁག་ངོ་སྤྲོད། ཅ་དངོས་ཁག་རྩིས་སྤྲོད་རྩིས་ལེན་དང་ཡིག་ཆ་ཁག་ལ་མཚན་རྟགས་བསྐྱོན་པ་སོགས་གནང་ཡོད་པ་དང་། དེ་རིང་ཞོགས་པ་ནས་དངུལ་ཁང་ལ་མཚན་རྟགས་ཞུ་རྒྱུ་དང་རྟེན་འབྲེལ་མཛད་སྒོ་ཚོགས་པ་སོགས་གནང་ཡོད་པ་རེད། མདོར་བསྡུས་ན་རྩིས་སྤྲོད་རྩིས་ལེན་དེ་དཔེ་ཡག་པོ་བྱུང་སོང་བ་དང་། ལས་བྱེད་སྐུ་བགྲེས་པ་དང་ཉམས་མྱོང་ཡོད་མཁན་མི་ལོ་ ༤༤ ལྷག་རིང་ཞབས་ཞུ་ཞུས་པའི་མྱོང་བ་ཅན་གྱི་མི་ཞིག་གི་ལག་ནས་རྩིས་ལེན་ཐུབ་པ་དེ་སྐལ་བ་བཟང་བོ་བྱུང་སོང་བསམ་ཡོད། ཅེས་བརྗོད་བྱུང་།

མ་འོངས་པར་ལས་དོན་གནང་ཕྱོགས་ཐད་དམིགས་ཡུལ་དང་རེ་བ་ག་འདྲ་ཡོད་དྲིས་པར་ཁོང་གིས། བཀའ་ཤག་གིས་ཐུགས་རེ་ཞིག་གནང་ནས་བཀའ་དྲུང་ལ་ཡར་བསྐོས་གནང་པ་དང་། ང་རང་གི་དམིགས་ཡུལ་དང་རེ་བ་ཟེར་ན་རེད་གང་ལྟར་ཧུར་ཐག་འབད་ཐག་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་ལ། ང་རང་ལ་ཆ་བཞག་ན། མི་ལོ་ ༢༥ ལྷག་ལ་གཞུང་ཞབས་ནང་ལས་ཀ་བྱས་ཏེ་བསྡད་པ་དང་། སྤྱིར་བཀའ་དྲུང་གཅིག་པུས་འགུལ་སྐྱོད་གཏང་རྒྱུ་གང་ཡང་མེད་པར་ཞབས་འོག་ལས་བྱེད་ཚང་མའི་མཐུན་སྦྱོར་དང་གོང་རིམ་ནས་ལམ་སྟོན་སོགས་ཕེབས་དགོས་པ་དང་། དེ་དག་ཡོད་ཚད་གཞི་ལ་བཞག་པའི་ཐོག་ནས་ལས་དོན་ཐད་ཧུར་ཐག་བྱེད་པའི་བསམ་བློ་ཡོད། ཅེས་བརྗོད་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ཐོག་པར་དང་གནས་ཚུལ་སྤེལ་བ་ལྟར་ན། ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༡ ནས་དྲུང་ལས་གནས་རིམ་ཐོག་གསར་བསྐོ་གནང་སྟེ། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༢༠ ནས་ཚོད་བལྟའི་ཐོག་འཕྲོད་བསྟེན་ལས་ཁུངས་སུ་དྲུང་ལས་གནས་རིམ་ཐོག་ལས་འཁུར་ཞུས་ཡོད་པ་དང་།  ཕྱི་ལོ་ ༡༩༩༤ ཟླ་ ༦ ཚེས་ ༢༩ ནས་འཕྲོད་བསྟེན་དྲུང་ལས་ངོ་མ་དང་ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༩ ནས་འཕྲོད་བསྟེན་དྲུང་གཞོན། ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༡ ནས་ཌལ་ཧོར་དུ་གནས་སྤོས་གནང་སྟེ་བཟོ་མགོ་དང་ས་གནས་མགོ་འཛིན་གནང་། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༨ ནས་ཟུང་དྲུང་གནས་རིམ་དུ་སྤར་ཏེ་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་། ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༡༠ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་། ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༦ ནས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༥ བར་མངོན་དགའ་སློབ་གྲྭའི་འགན་འཛིན་དུ་ཞབས་གཡར་དང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༦ ནས་ལོ་གཉིས་རིང་ཞབས་གཡར་འཕར་འགྱངས་གནང་སྟེ་ལས་འཁུར་ཞུས།

ཕྱི་ལོ་༢༠༡༠ ཟླ་ ༡ ཚེས་ ༢༠ ནས་ཞབས་ལོའི་ཆ་ནས་དྲུང་ཆེ་ལས་འཕར་གྱི་གནས་རིམ་དུ་སྤར་བ་དང་འབྲེལ་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༥ ནས་བཀའ་ཤག་ངེས་མེད་དུ་གནས་སྤོས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡ ནས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༧ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་ཏུ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༣ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་སྤར། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་བཞག་གནང་བ་བཅས་ད་བར་ཁྱོན་ལོ་ངོ་ ༢༥ ལྷག་རིང་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese