མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་ལེཊ་པར་གྲུབ།  

བོད་ཀྱི་དུས་བབ།
༢༠༡༩/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྫོང་སར་བཤད་གྲྭ་རུ་ཚོགས་པའི་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་དགུ་པ་དང་རིས་མེད་མཁས་པའི་ཕར་ཕྱིན་བགྲོ་གླེང་ཐོག་ས་སྐྱའི་བྱེས་ཀྱི་བཤད་གྲྭ་ཁག་ ༩ མཉམ་ཞུགས་གནང་།ཁ་སང་དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོག སྦིར་ཅོན་ཏ་རའི་ཉེ་འཁྲིས་རྫོང་སར་བཤད་གྲྭ་རུ་ཉིན་གྲངས་ ༡༥ རིང་ཚོགས་པའི་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་དགུ་པ་དང་རིས་མེད་མཁས་པའི་ཕར་ཕྱིན་བགྲོ་གླེང་ལེགས་པར་གྲུབ་ཡོད་པ་དང་། འདི་ལོའི་རིགས་གཏེར་དཔྱིད་ཆོས་ཆེན་མོའི་ཐོག་དཔལ་ས་སྐྱའི་བྱེས་ཀྱི་བཤད་གྲྭ་ཁག་བཅུ་ལྷག་གི་ཁྲོད་ནས་ས་སྐྱ་མཐོ་སློབ་དང་། རྫོང་སར་བཤད་གྲྭ། མ་དགོན་བཤད་གྲྭ། གསང་ཆེན་རྒྱུད་ཀྱི་བཤད་གྲྭ། གོང་དཀར་ཆོས་སྡེའི་བཤད་གྲྭ། པདྨ་ཚལ་གྱི་བཤད་གྲྭ། རིམ་སྦིག་བཤད་གྲྭ། རང་རིག་ཨེ་ཝྃ་བཤད་གྲྭ། དེ་བཞིན། འབྲི་རུ་བསམ་འགྲུབ་བདེ་ཆེན་ཆོས་འཁོར་གླིང་བཅས་བཤད་གྲྭ་ཁག་ ༩ མཉམ་ཞུགས་གནང་སྟེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཚད་མ་རིག་པའི་སྐོར་ལ་སློབ་གཉེར་དོགས་གཅོད་དང་ཕར་ཕྱིན་སོགས་ཀྱི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

འདི་ལོར་རིས་མེད་མཁས་པའི་བགྲོ་གླེང་དེ་གཞུང་ཆེན་ཕར་ཕྱིན་ཐོག་གནང་ཡོད་ཅིང་། བགྲོ་གླེང་ཐོག་༸སྐྱབས་རྗེ་འཁོན་གདུང་ཨ་བྷེ་ཀྲི་ཏ་བཛྲ་རིན་པོ་ཆེ་དང་། ༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་ས་སྐྱའི་བཤད་གྲྭ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དབུ་བཞུགས་ཐོག བགྲོ་གླེང་བ་གཡུང་དྲུང་བོན་དང་། སྔ་འགྱུར་རྙིང་མ། རི་བོ་དགེ་ལུགས་པ་བཅས་ཀྱི་མཁས་དབང་རྣམ་པ་དང་། ས་སྐྱའི་བཤད་གྲྭ་ཁག་ལྔ་ནས་མཁན་པོ་ལྔ་བཅས་ཁྱོན་མཁས་དབང་རྣམ་པ་ ༩ ཡིས་ཕར་ཕྱིན་སྐོར་ལ་སོ་སོའི་ལུགས་ཀྱི་བཞེད་པ་དང་མཐུན་པའི་རྩོམ་ཡིག་སྒྲོག་སྦྱང་དང་དྲི་བ་དྲིས་ལན་སོགས་གནང་།རིགས་གཏེར་དཔྱིད་ཆོས་ཆེན་མོ་འདིའི་དམིགས་ཡུལ་གཙོ་བོ་ནི། འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ།། བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད།། ཐ་མ་འདྲིས་པའི་དོན་ལ་བརྩོན་པས་བསྒོམ།། དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན།། ཞེས་གསུངས་པ་ལྟར། དམ་པ་གོང་མའི་བཞེད་གཞུང་སྐྱོང་བའི་སྐྱེས་བུ་སྐྱེད་སྲིང་ཐུབ་པའི་ཆེད་དུ་བཤད་གྲྭ་ཁག་ཕན་ཚུན་རྣམ་དཔྱོད་བརྗེ་ལེན་དང་། ཚད་མ་རིག་པར་གོ་རྒྱ་བསྐྱེད་པར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཕན་ཚུན་གོ་བསྡུར་དང་རིག་རྩལ་འགྲན་པའི་སྡིངས་ཆ་ཞིག་བསྐྲུན་པ་དང་། ཚད་མ་རིགས་གཏེར་འདི་ཉིད་སློབ་དཔོན་ཕྱོགས་གླང་དང་ཆོས་གྲོགས་ཡབ་སྲས་ཀྱི་ཚད་མའི་བཤད་སྲོལ་དྲི་མ་མེད་པ་ཞིག་ཡིན་པས་དེའི་འཕྲིན་ལས་དར་རྒྱས་ཡུན་དུ་གནས་ཆེད་དང་། ཡང་སྒོས་ཕྱི་ལོ་ ༢༠༡༤ ལོར་དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་གི་རྒྱུན་ལས་གསར་འཛུགས་བྱུང་བར། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ༸གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་ནས་ཤེས་ཡོན་དང་འབྲེལ་བའི་ལས་དོན་སྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་དོན་བཞིན། དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་ནས་དཔལ་ས་སྐྱའི་དགོན་སྡེ་ཁག་གི་གཞི་རིམ་དང་། མཐོ་རིམ་ཤེས་ཡོན་ཡར་རྒྱས་ཆེད་ལས་དོན་དུ་མ་བསྒྲུབས་དང་སྒྲུབ་མུས་ལས། རིགས་གཏེར་དཔྱིད་ཆོས་ཆེན་མོ་ནི་མཐོ་རིམ་ཤེས་ཡོན་ཡར་རྒྱས་སུ་དམིགས་པ་ཞིག་ཡིན་པ་རེད། དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་འདི་ནི་གནའ་སྔ་མོ་བོད་དུ་དཔལ་ས་སྐྱའི་གདན་ས་ཆེན་པོ་སོགས་སུ་དབྱར་ཆོས་དང་དགུན་ཆོས། དེ་བཞིན། དཔྱིད་ཆོས་ཞེས་ཚོགས་སྲོལ་ཡོད་པ་དང་། བཙན་བྱོལ་དུ་གཙོ་བོ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་རིས་མེད་སྐྱེས་མཆོག་དམ་པ་རྣམས་ཀྱི་བཀའ་དྲིན་དང་བཀའ་སློབ་ལམ་སྟོན་འོག བཤད་གྲྭ་ཁག་མཉམ་རུབ་ཀྱིས་དབྱར་ཆོས་དང་དགུན་ཆོས་ཚོགས་སྲོལ་བྱུང་བ་ལྟར། དཔལ་ས་སྐྱའི་བཤད་གྲྭ་ཁག་མཉམ་རུབ་ཀྱིས་རིགས་གཏེར་དཔྱིད་ཆོས་འདི་མུ་མཐུད་ཚོགས་ཀྱི་ཡོད་པ་དང་། རིགས་གཏེར་དཔྱིད་ཆོས་ཆེན་མོའི་རིང་གཙོ་བོ་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་མཛད་པའི་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིགས་གཏེར་གྱི་གཞུང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཚད་མ་རིག་པའི་སྐོར་ལ་སློབ་སྦྱོང་གནང་གི་ཡོད་པ་དང་། ལྷག་པར་དུ་གཞུང་ཆེན་ཁག་གི་དགོངས་པའི་དཀའ་གནད་གསེད་བཀྲོལ་ཚད་ལྡན་ཞིག་ཡོང་བ་སོགས་ཀྱི་ཆེད་དུ་དམིགས་ཏེ། གཞུང་ཆེན་ཁག་བརྗེ་རེས་ཀྱིས་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་གདན་ཞུའི་ཐོག་བགྲོ་གླེང་གོ་སྒྲིག་མུ་མཐུད་ཞུ་བཞིན་ཡོད་པ་རེད།

དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩའི་ཡིག་ཚང་ནས་གནས་ཚུལ་མཁོ་གཏོང་གནང་།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༤ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༦ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese