མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་མཆུ་ཨང་ ༢༠ པ་ད་དུང་ཟླ་གསུམ་རིང་ཕྱིར་འགྱངས་གནང་རོགས་ཟེར།

བོད་ཀྱི་དུས་བབ།
༢༠༡༩/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་དང་མ་ཉེས་ཁག་གཡོགས་ཀྱི་ཁ་མཆུ་ལ་ཐོག་མའི་ཉན་ཞིབ་དང་གནད་དོན་གསལ་ཁ་མེད་རིགས་ལ་འདྲི་རྩད་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ནས་ཕྱི་དྲོའི་ཆུ་ཚོད་ ༣:༣༥ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༠ བ་ཞུ་སྦྱོར་མཁན་བྱང་ཨ་རིའི་དོན་གཅོད་ཟུར་བ་སྤེན་པ་ཚེ་རིང་དང་། རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁ་མཆུ་མ་ཉེས་ཁག་གཡོགས་ཀྱི་ཐོག་མའི་ཉན་ཞིབ་དངོས་སུ་དབུ་འཛུགས་གནང་སོང་བ་དང་། ཁ་མཆུ་ཉན་ཞིབ་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གསུམ་དབུ་བཞུགས་ཐོག ཞུ་སྦྱོར་བ་སྤེན་པ་ཚེ་རིང་དང་ཁྲིམས་རྩོད་རྣམ་རྒྱལ་ཚེ་སྐྱིད། རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་། གསར་འགོད་པ་དང་ཟུར་ཉན་པ་སོགས་ཁྱོན་མི་གྲངས་ ༥༠ མ་ཟིན་ཙམ་ཞིག་འཛོམས་འདུག

ཉན་ཞིབ་ཀྱི་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་མཆོག་ནས་ཐེངས་འདིའི་གྱོད་དོན་གྱི་བྱུང་རིམ་དང་། ཉན་ཞིབ་སྐབས་ཁྲིམས་ཞིབ་ཁང་ནས་དོན་གཅོད་འཕོ་འགྱུར་བཏང་བར་བཀའ་ཤག་ལ་དབང་ཚད་ཡོད་མེད་ལ་ཕྱོགས་གཉིས་ནས་མོས་མཐུན་བྱུང་ཡོད་པས་གླེང་སློང་རིགས་མི་ཡོང་རྒྱུ་དང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྩ་ཁྲིམས་ནང་རང་ཆས་སུ་ཡོད་པའི་སྐུ་དབང་ཁག་ཁ་མཆུ་དང་འབྲེལ་བ་མེད་པས་གླེང་སློང་རིགས་མི་ཆོག་པ་ཐག་གཅོད་བྱས་ཡོད་པའི་སྐོར་སོགས་སྒྲོག་སྦྱང་དང་། ཉན་ཞིབ་སྐབས་གྱོད་ཡ་ཕན་ཚུན་དྲི་ལན་ཁ་གསལ་དང་ཁྲིམས་སྒྲིག་ཁག་ལ་གཙི་བཀུར་བྱ་དགོས་སྐོར་སོགས་གསུངས་སོང་།

དེའི་རྗེས་བཀའ་ཤག་གིས་དོན་གཅོད་སྤེན་པ་ཚེ་རིང་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་དོན་ཚན་ ༡༠ བཀྲམས་པའི་ནང་གི་གསལ་ཁ་མེད་པ་དང་གནད་དོན་ཡོད་རིགས་ཁག་གི་ཐད་འདྲི་ཞིབ་གནང་སོང་བ་དང་། འདྲི་ཞིབ་སྐབས་ཁྲིམས་ཞིབ་ཁང་ནས་དེ་སྔ་ཞུ་རྩ་དང་ཞུ་ལེན་གཉིས་ནང་རྩོད་ལན་པའི་ཕྱོགས་ནས་ལན་ཁ་གསལ་དང་གནད་ཁེལ་བྱུང་མེད་པ་དག་ལ། ཁྲིམས་ཞིབ་ཁང་གིས་གནད་དོན་དེ་དག་གི་ཐད་ལ་བསྐྱར་དུ་རྩོད་ལེན་པར་ཁ་གསལ་བཟོ་རྒྱུའི་གོ་སྐབས་དང་འདྲི་རྩད་གནང་སོང་བ་དང་། རྩོད་ལན་པའི་ཕྱོགས་ནས་དོན་ཚན་ཁག་ལ་སྤྱི་ཡོངས་ནས་དགག་ལན་བཀོད་པ་ལས་དོན་ཚན་ཁག་གི་ནང་གསེས་དབྱེ་བ་རེ་རེར་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༢༩ པའི་ནང་གསེས་དོན་ཚན་(ང་པ)དང་(ཅ་པ)གཉིས་ཀྱི་དགོངས་དོན་ལྟར་ལན་ཇི་བཞིན་བཀོད་མེད་པར་བརྟེན། ཁྲིམས་ཞིབ་ཁང་ནས་སྤྱི་དམངས་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༢༩ ནང་གསལ་ཞུ་ལན་དེ་སྐྱོན་འཛུགས་ཀྱི་དོན་ཚན་རེ་རེའི་ཐོག་ལན་འདེབས་གསལ་བོ་རྒྱག་དགོས་པ་ལས་སྤྱི་མ་སྤོམ་གྱི་དགག་ལན་ལྟ་བུའི་མི་འགྲིག་པ་དང་། ཞུ་རྩའི་ནང་གསལ་སྐྱོན་འཛུགས་དོན་ཚན་སོ་སོར་རྩོད་ལན་པ་དེས་ཐད་ཀར་རམ། གོ་དོན་རྟོག་ངེས་ཀྱི་བརྡ་སྟོན་ཐོག་ནས་དགག་ལན་ཁ་གསལ་མེད་ན་ཞུ་སྦྱོར་བའི་སྐྱོན་འཛུགས་དེ་རྩོད་ལན་པས་ངོས་ལེན་བྱེད་པར་ཆ་འཛིན་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

དེ་ནས་ཉིན་རྒྱབ་བཀའ་ཤག་གིས་བཀོད་པའི་དོན་གཅོད་འཕོ་འགྱུར་གྱི་རྒྱུ་མཚན་དོན་ཚན་ ༡༠ གནད་དོན་སྐོར་ལ་མུ་མཐུད་འདྲི་རྩད་མགོ་འཛུགས་སྐབས། བཀའ་ཤག་བརྒྱུད་པའི་སྲིད་སྐྱོང་བློ་བཟང་སེང་གེ་ཡི་ཁྲིམས་རྩོད་པས་སྔ་དྲོའི་ཁྲིམས་ཞིབ་ཁང་གི་འདྲི་རྩད་སྐབས་ལན་ཁ་གསལ་མ་བྱུང་བ་དང་། ཉིན་རྒྱབ་ཀྱི་འདྲི་ཞིབ་ལ་མུ་མཐུད་དོན་ཚན་ཁག་གི་སྤྱི་ཡོངས་ལན་འདེབས་ལས་ནང་གསེས་རེ་རེ་ཐད་ཀ་ཐད་ཀར་ལན་མེད་སྟབས། རྩོད་ལན་པའི་ཕྱོགས་ནས་ཐེངས་འདིའི་ཁ་མཆུ་དྲང་བདེན་ཡོང་ཆེད་དང་མ་འོངས་པར་སྤྱི་ཚོགས་ནང་རྩོད་རྙོག་རིགས་མི་ཡོང་ཆེད། སྤྱི་མང་གཏུག་གཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ལུགས་གྱི་དོན་ཚན་ ༣༣ པའི་ནང་གསེས་(ག)ནང་འཁོད་བཞིན། གཏུག་བཤེར་གྱི་དུས་རིམ་གང་འདྲ་ཞིག་གི་སྐབས་སུ་ཡིན་རུང་གྱོད་ཡ་ཕན་ཚུན་སུ་རུང་ནས་རང་ཉིད་ཀྱི་ཞུ་སྙན་ལ་བསྒྱུར་བཅོས་སམ། སྣོན་འཕྲི་བྱ་རྒྱུའི་བཀའ་འཁྲོལ་ཞུ་ཆོག་པ་ལྟར། ཞུ་ལན་པའི་ཁྲིམས་རྩོད་པས་སྙན་ཞུ་དང་སྦྲགས་ཞུ་ལན་ལ་སྣོན་འཕྲི་བཟོ་བཅོས་སླད་ཁ་མཆུ་དེ་ཟླ་གསུམ་རིང་ཕྱིར་འགྱངས་ཡོང་བའི་བཀའ་འཁྲོལ་ཞུས་སོང་།

ཁ་མཆུ་ཕྱིར་འགྱངས་ཞུ་དགོས་པའི་གནད་དོན་ཐད་ཞུ་སྦྱོར་བའི་ངོས་ནས་དེ་སྔོན་ཟླ་གསུམ་དང་ཉིན་ ༤༥ ལྷག་རིང་ཕྱིར་འགྱངས་གནང་བ་དང་། ཐེངས་འདིར་ཁ་མཆུ་ཕྱིར་འགྱངས་གནང་བ་ཡིན་ན་ཞུ་སྦྱོར་བའི་ཆུ་ཚོད་དང་ཁེ་ཕན་ལ་དོ་ཕོག་ཡོང་རྒྱུ་ཡིན་པས་ངོས་ལེན་ཡོང་ཐབས་མེད་པ་དང་། ཁྲིམས་ཞིབ་ཁང་ལ་ཁ་མཆུ་ཕྱིར་འགྱངས་མི་བྱེད་པའི་རེ་སྐུལ་དང་དེ་སྔོན་ཐེངས་མང་ལ་ཕྱིར་འགྱངས་གནང་ན་ཡང་། ཞུ་ལན་ལ་གསལ་ཁ་ཡོང་བའི་ཕན་ཐོགས་མེད་པ་མ་ཟད་དུས་ཚོད་ཕྱིར་འགྱངས་ཀྱི་དམིགས་ཡུལ་ཁོ་ན་ལས་མེད་པས་དགག་པ་མཐའ་གཅིག་ཏུ་ཡོད་སྐོར་བརྗོད་སོང་།

གནད་དོན་དེའི་ཐད་ཁྲིམས་ཞིབ་ཁང་ནས་དེ་སྔོན་ཞུ་ལན་སྣོན་འཕྲི་བཟོ་ཆེད་དང་ཞུ་ལན་ཁ་གསལ་མེད་རིགས་ལ་ཁ་གསལ་དགོས་པའི་ལམ་སྟོན་གང་མང་ཞུས་ཟིན་པ་དང་། ཐེངས་འདིར་ཕར་འགྱངས་དགོས་པའི་སྙན་ཞུ་ཕུལ་བ་དེའི་ནང་གང་འཁོད་ཡོད་པ་ལ་ཁྲིམས་ཞིབ་ཁང་གི་ལྷན་ཚོགས་ཚོགས་འདུ་ཚོགས་ཏེ། སྙན་ཞུ་དེར་དཔྱད་ཞིབ་ཀྱིས་ཁྲིམས་ལུགས་ཀྱི་དགོངས་དོན་ལྟར་ཐག་གཅོད་བྱ་རྒྱུ་ལས་ད་ལྟ་རང་ཐག་གཅོད་ཡོང་མི་ཐུབ་པ་དང་། དེ་རིང་སྔ་དྲོའི་དོན་ཚན་ཁག་ལ་འདྲི་རྩད་དང་ཐག་གཅོད་གནང་ཟིན་པ་ཁག་ལ་ཁྲིམས་ལུགས་གཞིར་བཟུང་ཕྱིར་འཐེན་དང་བསྐྱར་ཞིབ་བྱ་ཐབས་མེད་སྟབས་གནད་དོན་དེ་དག་ཐག་བཅད་ཟིན་པ་ཡིན་པ་དང་། ཁྲིམས་ར་རྗེས་མ་ག་དུས་འཚོག་མིན་རྗེས་སུ་བརྡ་ཐོ་གཏོང་རྒྱུ་ཡིན་སྐོར་གསུངས་ནས་ཐོག་མའི་ཉན་ཞིབ་མཇུག་སྒྲིལ་སོང་།

སྤྱིར་ཞུ་རྩ་ཞུ་ལན་གང་ཡང་རུང་བ་ཞིག་ལ་གྱོད་ཡ་སུ་རུང་ཞིག་ནས་སྤྱི་མང་གཏུག་བཤེར་གྱི་དོན་ཚན་ ༣༣ པའི་ནང་གསེས་(ག་པ)འི་དགོངས་དོན་བཞིན་སྣོན་འཕྲི་ཞུ་རྒྱུའི་བཀའ་འཁྲོལ་ཞུ་ཆོག་པ་དང་། ཁྲིམས་ཞིབ་ཁང་ནས་དྲང་བདེན་གྱི་ཁེ་ཕན་ལ་བལྟས་ཏེ་བཀའ་འཁྲོལ་སྤྲོད་མིན་ཐག་གཅོད་གནང་རྒྱུ་དང་། སྣོན་འཕྲི་སྒྱུར་བཅོས་དེ་གྱོད་གཞིའི་དོན་གནད་ངོ་མ་ཐག་གཅོད་ཀྱི་སླད་དུ་མཁོ་བ་ཞིག་ཡིན་དགོས་པ་དང་། བཀའ་འཁྲོལ་ཐོབ་ཚེ་དེའི་ནང་གསལ་གཏན་འབེབས་དུས་ཚེས་ནང་སྣོན་འཕྲི་སྒྱུར་བཅོས་བྱས་ཟིན་པ་ཞིག་དགོས་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༢༡ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༢ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 11

  1. ངག་དབང says:
    ལོ་ 7 སྔོན།

    ཐག་གཅོད་ཡག་པོ་ཡོང་བའི་རེ་བ་ཆེ།
    རྫུན་མ་སུས་བྱས་པ་དེ་ངེས་པར་དུ་བོད་མི་ཚོས་ཤེས་དགོས།

    Reply
  2. Gangseng says:
    ལོ་ 7 སྔོན།

    སློབ་བཟང་སངས་རྒྱས་ལགས་ཀྱིས་ངས་ནོར་བཞག་ཅེས་ངོས་ལེན་གནང་སྟེ། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་དགོངས་དག་ཅེས་ཁྲིམས་ཁང་ནང་གསུངས་ན་ཡག་པོ་ཡོད་རེད། སོ་སོས་བཙོས་པའི་ཆང་དེ་སོ་སོས་འཐུང་ནས་གཙང་མ་བཟོས་གནང་ན་ཡག་པོ་ཡོད་རེད། གཞན་ཕྱིར་འགྱངས་གནང་རོགས། ཕྱིར་འགྱངས་གནང་རོགས་ཟེར་དུས་བོང་བུ་དོན་པའི་རྟགས་རེད། ཁྲིམས་དྲང་དགོས་རེད་མ་གཏོགས་གཞིས་བྱེས་གཉིས་ཀ་ནས་མིག་ཅེར་ཏེ་བསྡད་ཡོད་པ་མཁྱེན་པ་གནང་རོགས།

    Reply
  3. བསྟན་འཛིན says:
    ལོ་ 7 སྔོན།

    དངོས་ནས་ཡག་པོ་བྲིས་འདུག་་་་་་བཀའ་དྲིན་ཞུ།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    ཁ་མཆུ་གཏུགས་བཤེར་ལ་ངོས་འཛིན་དགོས་པ་རེད་དྲན་སྟངས་བསམ་སྐྱེད་ལ་
    ངོས་འཛིན་དགོས་པ་རེད་མ་གཞི་ཁ་མཆུ་ཨང་ཉི་ཤུ་དེ་དགྲ་དགའ་གཉེན་སྡུག་
    ལ་ངོས་འཛིན་དགོས་པ་རེད་གཉེན་དགའ་དགྲ་སྡུག་ལ་ངོས་འཛིན་དགོས་པ་རེད་
    གང་ལྟར་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་རྒྱུས་དེ་ནག་པོ་བཟོས་པ་མ་རེད་དམ་ཧཧཧ

    Reply
  5. kalsang dawa says:
    ལོ་ 7 སྔོན།

    ༄།བྱང་ཨ་རི་དོན་གཅོད་འཕོ་འགྱུར་བཏང་བ་བཀའ་ཤག་དབང་ཚད་ཡོད་མེད་ཕྱོགས་གཉིས་ནས་་མི་མཐུན་བྱུང་ཡོད་པས་གྱོད་ཞིབ་སྐབས་གླེང་སློང་རིགས་མི་ཡོང་རྒྱུ་ཟེར།ཁ་མཆུ་ཨང་ཉི་ཤུ་པ་ཡོང་སྐྱེན་དོན་གཅོད་འཕོ་་འགྱུར་ལས་བྱུང་བ་ཡིན་པས་རྒྱུ་མ་བཤད་པ་འབྲས་བུ་གཅིག་བུའི་སྟེང་དུ་ཁ་མཆུ་འགྲོ་དགོས་པ་འདི་རྒྱལ་ཁབ་གང་ཞིག་གི་ཁྲིམས་ལུགས་འགྲོ་གཏོང་རེད།ཁྲིམས་ལུགས་སློབ་སྦྱོང་མེད་པའི་ལས་བྱེད་པ་ཀྱང་ཁྲིམས་དཔོན་བསྐོས་བསྡད་ན་ཡོང་རྒྱུ་འདི་རེད།མ་འོང་ཁྲིམས་ཞིབ་པ་དང་ཁྲིམས་ཞིབ་པ་གཞན་བསྐོས་བཞག་སྐབས་ཁྲིམས་ལུགས་སློབ་སྦྱོང་མཐའ་ཕྱིན་པའི་མི་བསྐོས་བཞག་དགོས་པ་ཤེས་སོང་ངམ་ལས་ཀྱི་སྣེ་མོ་རྣམ་པ་ཐུགས་ལ་འཇག་རོགས།

    Reply
    • ངག་དབང says:
      ལོ་ 7 སྔོན།

      རང་ངོ་ཕྱི་ལ་མངོན་དྲག་ན་ཡག་པོ་ཡོད་མ་རེད།

      Reply
  6. གློག་ཀླད། says:
    ལོ་ 7 སྔོན།

    དུས་བབ་ཁང་ལ་ཞུ་རྒྱུ། ཡི་གེ་གསར་པ་མ་བཟོ་རོགས་གནང་། སྲུང་བརྩི་ཞེས་པའི་བརྩི་དེ་ག་དུས་ཡིན་ཡང་གཙི་ཞེས་འབྲི་བཞིན་འདུག འདི་མ་ཤེས་ཤེས་མདོག་དང་། མི་མཁས་མཁས་མདོག་རང་རེད།

    Reply
  7. སྨན་པ་འཕྲིན་བསྟན། says:
    ལོ་ 7 སྔོན།

    དེ་སྔོན་ཟླ་བ་མང་པོར་ཕྱིར་འགྱངས་བྱས་པར་གསལ་བོ་མེད་ན། ད་གློ་བུར་དུ་གསལ་བོ་ཞིག་ཡོད་རྒྱུ་རྩ་བ་ཉིད་ནས་དཀའ་མོ་རེད་དོ།

    Reply
  8. མ་བྱན། says:
    ལོ་ 7 སྔོན།

    ད་དུང་ཁ་མཆུ་ཕྱིར་འགྱངས་དགོས་དུས་སྤེན་ཚེ་ཚར་རེད་ད། ང་རང་དངོས་སུ་ཉན་ཞིབ་བྱེད་ས་ན་ཡོད། གྱོད་ཞིབ་དངོས་ནས་དྲང་བོ་རེད་འདུག འདི་འདྲ་བྱས་ཏེ་ཤོར་སོང་ན་ཐབས་མེད་རེད།

    Reply
  9. Cheokhor gyal says:
    ལོ་ 7 སྔོན།

    དངོས་ནས་གསར་འགྱུར་གསར་ཁ་ཅན་ཞིག་བྲིས་འདུག ཐུགས་རྗེ་ཆེ།

    Reply
  10. རུ་དམར། says:
    ལོ་ 7 སྔོན།

    དེ་རིང་ང་ཡང་ཟུར་ཉན་དུ་བཅར་ཡིན། སྒྲ་བཤུས་དང་པར་ཆས་འཁྱེར་མི་ཆོག་ཙང་། ང་ཚོའི་གསར་འགོད་པ་ཚོས་འགོ་མ་འཚོས་པར་ཡང་བརྡ་ལོག་ཅིག་གཏོང་གི་རེད་བསམས་ནས་སེམས་ཁྲལ་བྱུང་། ད་བར་གསར་འགྱུར་ཁག་ལ་ཞིབ་ལྟ་བྱས་པ་ཡིན། གསར་འགྱུར་ཚོའི་ནང་ནས་སྡུག་ཤོས་དང་འགོ་འཚོས་མེད་ཤོས་དེ། ཨ་རིའི་བོད་སྐད་རླུང་འཕྲིན་གྱི་བཟང་མོ་དང་། བང་ཆེན་ཆོས་ཉིད་འོད་ཟེར་གཉིས་རེད། འགན་གང་ཡང་འཁུར་མི་འདུག དངོས་གནས་རང་མདོག་ལྷང་ལ་བུད་འདུག

    གནད་འགག་ལ་འགན་འཁུར་ནས་དྲང་པོ་དང་། འགོ་འཚོས་ནས་བྲིས་པ་ནི། ནོར་ཝེ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། བོད་ཀྱི་དུས་བབ་བཅས་གསུམ་རེད། དེའི་ནང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན་གསར་འགྱུར་ད་དུང་ཐོན་མི་འདུག འདི་གསུམ་གྱི་ནང་ནས་ཡག་ཤོས་བོད་ཀྱི་དུས་བབ་རེད། དངོས་གནས་དེ་རིང་གཏུག་བཤེར་ཁང་ནས་གང་བྱུང་བ་མ་ཆད་མ་ལྷག། གནད་འགག་ཐོན་པ། གཏུག་བཤེར་ཁྲིམས་ཡིག་གི་དོན་ཚན་དང་བཅས་པ་བཀོད་ནས་ཧ་ཅང་ཡག་པོ་བྲིས་འདུག དུས་བབ་ནི་དུས་བབ་རང་རེད། རེ་བ་ཡོད། བསྟོད་བསྔགས་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese