མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་སྐྱོན་བྱུང་བའི་དུད་ཚང་ ༡༦ ལ་རོཊ་དངུལ་འབུམ་ ༣༦ ལྷག་གནང་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཨེ་ཊ་ནཱ་གྷར་གྱི་བོད་མིའི་དུད་ཚང་ ༡༦ གི་ཚོང་ཁང་ཟ་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་བ་དེར་རོགས་དངུལ་ཧིན་སྒོར་ ༣༦,༣༩,༣༦༢ བསྡུ་རུབ་གནང་འདུག

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་གྱི་མཚན་མོར། ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨེ་ཊ་ནཱ་གྷར་ཉེ་འདབས་སུ་ཡོད་པའི་ནཱ་ཧར་ལཱ་གྷན་ (Naharlagun)གྱི་ཀྲ་ཀར་ཚོང་རར་(Takar Comlex)མེ་སྐྱོན་ཆེན་པོ་བཟོས་ཏེ། བོད་མིའི་དུད་ཚང་ ༡༦ གི་ཚོང་ཁང་ཟ་ཁང་ཚང་མ་མེར་ཚིག་ནས་གྱོང་གུད་ཚབས་ཆེན་བྱུང་རྗེས། ས་གནས་བོད་མིའི་འཐུས་ཚབ་ཅིག་དྷ་རམ་ས་ལར་ཡོང་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག དེ་བཞིན་ནང་སྲིད་ལས་ཁུངས་བཅས་སུ་ཆེད་བཅར་གྱིས། ཡིག་ངག་གཉིས་ཐོག་ནས་གོད་ཆག་གི་གནས་སྟངས་ཡར་ཞུ་བྱས་ཏེ་རོགས་རམ་གནང་སྐྱོང་ཡོང་བའི་རེ་འབོད་ཞུས་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་རོགས་དངུལ་ཧིན་སྒོར་འབུམ་ ༣༦ ལྷག་བསྡུ་རུབ་གནང་ཡོད་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ཐོག་དེའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཚབས་ཆེའི་གནས་དོན་བྱུང་མ་ཐག་ཕྱི་ནང་རོགས་ཚོགས་སྤྱི་སྒེར་དང་། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་རིགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་གཅིག་ཕན་གཅིག་གྲོགས་མཚོན་བྱེད་ཞལ་འདེབས་བསྡུ་སློང་ཞབས་བསྐུལ་གསལ་བསྒྲགས་བསྐྱངས་དོན་བཞིན། གཏོང་ཕོད་ཅན་གྱི་རོགས་ཚོགས་དང་མང་ཚོགས་བཅས་ནས་དུས་བཀག་ནང་ཚུད་ཞལ་འདེབས་ཧིན་སྒོར་ ༣༦,༣༩,༣༦༢ ཐོབ་པ་བྱུང་ཡོད། ཅེས་དང་། ས་གནས་ཀྱི་དུད་ཚང་ ༡༦ དེ་ལ་གཅིག་མཚུངས་ཆ་བགོས་ཀྱིས་དུད་ཚང་རེར་ཧིན་སྒོར་ ༢,༢༧,༠༠༠ རེ་འཐོབ་རྒྱུ་དང་། ལྷག་འཕྲོས་ཧིན་སྒོར་ ༧,༣༦༢ འབྲེལ་ཡོད་ས་མགོའི་ལས་ཁུངས་ནས་ཞལ་འདེབས་བགོ་འགྲེམས་སྐབས་སུ་སྣུམ་འཁོར་སོགས་འགྲོ་གྲོན་ཙག་ཙིག་ཆེད་བཏང་ཟིན་ཡོད། ཅེས་གསུངས་འདུག

འདི་གའི་གསར་འགོད་པས་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བསྡུས་རུབ་གནང་པའི་རོགས་དངུལ་འབུམ ༣༦ ལྷག་དེ་ག་དུས་ཤིག་ལ་ས་གནས་མི་མང་གི་ལག་ཏུ་འབྱོར་གྱི་ཡོད་པ་དང་། ད་ལྟ་དངུལ་རོགས་བསྡུ་རུབ་མཚམས་བཞག་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། དངུལ་དེ་དག་ས་གནས་མགོ་འཛིན་བརྒྱུད་ནས་མི་མང་ལ་འབུལ་གྱི་ཡོད་པ་དང་། ཉིན་གཅིག་གཉིས་ནང་དངུལ་ཚང་མ་མི་མང་གི་ལག་ཏུ་འབྱོར་ཐུབ་རྒྱུ་ཡིན་སྐོར་དང་། ཐེངས་འདིའི་རོགས་དངུལ་བསྡུ་ལེན་ཆེད་ནང་སྲིད་ལས་ཁུངས་ནས་ཟུར་དུ་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ་བསྡུས་ཡོད་པ་དང་། ད་ལྟ་རོགས་དངུལ་བསྡུ་མཚམས་ཡོངས་སུ་བཞག་ཡོད་པ་རེད། ཅེས་གསུངས་བྱུང་།

ཡང་གསལ་བསྒྲགས་ཀྱི་མཇུག་ཏུ། གོ་སྐབས་འདི་བརྒྱུད་ད་ལན་མཐའ་མཚམས་ས་ཁུལ་ཨེ་ཊ་ནཱ་གྷར་ཁུལ་གནས་བོད་མི་རྣམས་ལ་ལྡོག་བྲལ་དཀའ་ཚེགས་ཀྱི་གནས་སུ་ལྷུང་བའི་སྐབས་འདིར་གཏོང་ཕོད་ཅན་གྱི་ཕྱི་ནང་རོགས་ཚོགས་དང་། མང་ཚོགས་བཅས་ནས་ཞལ་འདེབས་རྒྱ་གང་ཆེ་གནང་པར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང་། སླད་ཀྱང་དེ་ལྟའི་གནས་དོན་ས་གནས་གང་དུ་བྱུང་ཡང་སྐྱིད་སྡུག་མཉམ་མྱོང་གི་རོགས་ཕན་རྒྱ་གང་ཆེ་གནང་ཐབས་ཡོང་བའི་འབོད་སྐུལ་གནང་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    དབུས་བོད་མིའི་སྒྲིག་འཛུགས་ནས་བོད་མི་ཚོང་ལས་གཉེར་མཁན་ཚང་མར་
    གནས་ཡུལ་ལུང་པའི་ཁྲིམས་དང་མཐུན་པའི་ཚོང་ཟོག་ཇི་ཡོད་ས་གནས་ཀྱིས་
    ཁྲིམས་ལུགས་འོག་ཉེན་སྲུང་ ( insurance ) དེབ་སྐྱེལ་བཟོ་དགོས་པའི་ལམ་
    སྟོན་གནང་དགོས་པ་ལས་རོགས་དངུལ་ཐབས་འཚོལ་གྱིས་འོག་ནས་འབྱུང་བའི་
    གནོད་འཚེ་སོགས་ཀྱིས་སྐྱོན་ཆགས་བྱུང་བའི་གྱོང་རྒུན་ནམ་ཡང་ཁ་འདུམ་ཐབས་
    མེད་ན་ཡག་ཤོས་དེ་ཚོང་ཟོག་དང་མཁར་དབང་ཇི་ཡོད་ཉེན་སྲུང་དེབ་སྐྱེལ་བཟོ་
    རྒྱུ་དེ་ལས་ཡག་པའི་ཐབས་ལམ་གཞན་མ་མཐོང་ན་འགན་ཡོད་ཚང་མས་དགོང་
    པར་མངའ་བ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese