མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་འོས་མི་བུད་མེད་ཅིག་ལ་ངན་བསླབ་ཇི་ལྟ་ཇི་ལྟར་བྱས་མིན་ཉན་ཞིབ་གནང་།

བོད་ཀྱི་དུས་བབ།
༢༠༡༩/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་མཆུ་ཨང་ ༢༠ པ་མ་ཉེས་ཁག་གཡོགས་ཀྱི་ཞུ་སྦྱོར་བས་བཀའ་ཤག་གི་དཔང་པོ་ཤར་གླིང་ཟླ་སྒྲོན་དཔང་པོ་ཕན་མེད་བཟོ་རྒྱུའི་དགག་པ་བརྒྱབས་ཏེ་ཞུ་སྦྱོར་བ་དང་བཀའ་ཤག་གི་ཁྲིམས་རྩོད་པའི་བར་རྩོད་བཤད་གནང་གི་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་ ༧ པ་གཞིར་བཟུང་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༠ པ་མ་ཉེས་ཁག་གཡོགས་ཀྱི་ཞིབ་དཔྱོད་ཉན་ཞིབ་ཐེངས་དྲུག་པ་གནང་སོང་བ་དང་། ཞུ་སྦྱོར་བའི་དཔང་པོ་འཇིགས་མེད་ཚུལ་ཁྲིམས་དང་། བཀའ་ཤག་གི་དཔང་པོ་ཤར་གླིང་ཟླ་སྒྲོན་དང་མགོན་པོ་ཚེ་རིང་བཅས་བཅར་ཏེ། འཇིགས་མེད་ཚུལ་ཁྲིམས་དང་ཤར་གླིང་ཟླ་སྒྲོན་གཉིས་ཀྱིས་བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཡི་དོན་ཚན་དགུ་པའི་ནང་། ཞུ་སྦྱོར་བས་བཀའ་བློན་འོས་མི་བུད་མེད་ཅིག་ལ་ཁྱེད་རང་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་ལས་ཀ་བྱས་ན། ཁྱེད་རང་གི་མདུན་ལམ་ལ་དོ་ཕོག་འགྲོ་ཉེན་ཡོད་པ་སོགས་ཆུ་ཚོད་ ༤ ཙམ་རིང་སྲིད་སྐྱོང་ལ་དམའ་འབེབ་བྱས་ཏེ། ཁོ་མོའི་བློ་སྣ་འགྱུར་ཐབས་ངན་བསླབ་སྣ་ཚོགས་བྱས་ཡོད་སྐོར་བརྗོད་པ་དེ་ཇི་ལྟ་ཇི་ལྟར་ཡིན་པའི་ཐད་དཔང་པོ་བྱས་སོང་། ཡིན་ནའང་།  ཕྱི་དྲོའི་ལས་རིམ་ཁྲོད་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༡༥ དང་ ༡༦ ། ༣༠ བཅས་ཀྱི་དགོངས་དོན་འོག ཞུ་སྦྱོར་བས་བཀའ་ཤག་གི་དཔང་པོ་ཤར་གླིང་ཟླ་སྒྲོན་རྩིས་མེད་དང་ཕན་མེད་བཟོ་དགོས་པའི་དགག་པ་བྱས་ཏེ། ཞུ་སྦྱོར་བ་དང་རྩོད་ལན་པའི་བར་རྩོད་བཤད་བྱུང་སོང་བ་དང་། སང་ཉིན་མུ་མཐུད་རྩོད་བཤད་གནང་རྒྱུ་དང་།ཌི་སི་ཁུལ་གཙོ་བོར་གྱུར་བའི་ས་ཁུལ་ག་བར་ཕེབས་ཀྱང་ཞུ་སྦྱོར་བས་སྲིད་སྐྱོང་དང་། ད་ལྟའི་བཀའ་ཤག་ལ་དམའ་འབེབས་ཀྱི་གཏམ་གླེང་བྱ་རྒྱུ་འཆར་ཅན་ལྟ་བུ་བྱེད་བཞིན་པ་ཞེས་པ་དེ་ཁུངས་སྐྱེལ་ཆེད་བཀའ་ཤག་གི་དཔང་པོ་མགོན་པོ་ཚེ་རིང་གཏུག་བཤེར་ཁང་དུ་བཅར་རྒྱུ་ཡིན་འདུག

དེ་རིང་ཞིབ་དཔྱོད་ཉན་ཞིབ་ཀྱི་ཐོག་མར་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་མཆོག་གིས། རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ནས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་༤༢ (ཀ] ༡) གཞིར་བཟུང་། དཔང་པོ་མགོན་པོ་ཚེ་རིང་དང་བྲག་གཡབ་བློ་བཟང་། ཆོས་འཛིན་བཅས་དཔང་པོ་གསུམ་མིང་འདོན་བྱས་ཡོད་པ་ལས། དཔང་པོ་བྲག་གཡབ་བློ་བཟང་དང་ཆོས་འཛིན་གཉིས་ཞུ་སྦྱོར་བས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༡༥ དང་ ༡༦ ། ༣༠ བཅས་ཀྱི་དགོངས་དོན་འོག་རྩིས་མེད་དང་ཕན་མེད་ཡོང་བའི་སྙན་ཞུ་ཕུལ་བ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༡༥ པ་གཞིར་བཟུང་མ་དྲང་བའི་ཕྱོགས་ལྷུང་ཆགས་ཀྱི་ཡོད་པའི་ཞུ་སྦྱོར་ཁུངས་སྐྱེལ་ལྟར། དཔང་པོ་བྲག་གཡབ་བློ་བཟང་དང་ཆོས་འཛིན་གཉིས་རྩིས་མེད་བཏང་ཡོད་པ་སྒྲོགས་སྦྱང་གནང་སོང་།

གཞན་ཡང་། དེ་རིང་སྔ་དྲོར་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་གི་དོན་ཚན་ཞེ་གཉིས་པ་ ༤ འོག་དངོས་དོན་ ༧ པ་ཁུངས་སྐྱེལ་སླད། སྤྱི་ཚོགས་དྲ་ལམ་བརྒྱུད་དཔང་པོ་འཕར་མ་ ༤ འདོན་འབུལ་ཆོག་པའི་བཀའ་འཁྲོལ་སྙན་ཞུ་ཕུལ་ཡོད་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་གི་དོན་ཚན་ཞེ་གཉིས་པ་ (ཀ] ༤པའི་ཆ་རྐྱེན་འོག་དཔང་པོ་འཕར་མ་ ༤ དེ་སྔོན་འབོད་འགུགས་བྱེད་འཆར་དཔང་བོའི་མིང་ཐོའི་ནང་གཞུང་དངུལ་སྲི་ཚགས་ཀྱི་རྒྱུ་མཚན་བགྲངས་ནས་བཀོད་མེད་པ་དང་།སྙན་ཞུའི་ནང་འགོད་རྒྱུ་འཚེམས་ལུས་སུ་གྱུར་སྐོར་བྲིས་མེད་པ་དང་འགོད་རྒྱུ་འཚེམས་ལུས་སུ་གྱུར་བའི་རྒྱུ་མཚན་གང་ཡང་བཀོད་མེད་པར་བརྟེན།  དཔང་པོ་འཕར་མ་ ༤ འབོད་འགུགས་ཆོག་པའི་བཀའ་འཁྲོལ་གཏོང་ཐབས་མེད་ཀྱང་། དཔང་པོ་ ༤ ཡི་ཁོངས་ནས་བསོད་ནམས་ཚེ་རིང་གིས་ ༢༠༡༨། ༡༡ ། ༩ འཁོད་ཚིག་ཐོ་ཞིག་རྩོད་ལན་པས་དཔང་རྟགས་ཨང་ ༤༩ པར་ཐོག་མ་ནས་འདོན་འབུལ་ཞུས་ཡོད་སྟབས། དོ་བདག་གི་ཚིག་ཐོའི་བརྗོད་པ་དེ་དག་ཁོ་ན་ཁུངས་སྐྱེལ་གྱི་ཆེད་དུ་སྤྱི་ཚོགས་དྲ་ལམ་བརྒྱུད་དཔང་པོར་འདོན་འབུལ་ཆོག་པ་དང་། ཨ་རི་དོན་ཁང་ལ་དཔང་པོར་བརྟག་ཞིབ་བྱ་ཡུལ་ས་གནས་དང༌། ལྟ་རྟོག་བྱེད་པོ་བསྐོ་འཛུགས་དགོས་པའི་བརྡ་ཐོ་བཏང་བའི་ངོ་བཤུས་རྩོད་ལན་པར་བཏང་འབྱོར་ཟིན་ཡོད་འདུག ཡིན་ནའང་།  ཕྱི་དྲོའི་ཆུ་ཚོད་ ༤:༥༦ ཐོག་སྙན་ཞུ་བསྐྱར་མ་ཞིག་ཕུལ་བའི་ནང་། དོ་བདག་བསོད་ནམས་ཚེ་རིང་ད་ལྟ་དོ་སྐྱེལ་རླངས་འཁོར་བཏང་ནས་ཨ་རིའི་མངའ་སྡེ་(Califonia)ནས་ (New York) ལ་ཡོང་བའི་ལམ་བར་ལ་ཡོད་པ་དང༌། ས་གནས་དེ་གཉིས་དབར་དོ་སྐྱེལ་རླངས་འཁོར་གྱིས་ཉིན་ཞག་བཞི་ཙམ་འགོར་གྱི་ཡོད་པ་དང༌། དོ་བདག་གིས་གུང་གསེང་ལེན་རྒྱུ་དཀའ་ངལ་ལ་སོགས་ཀྱི་རྐྱེན་པས་ཁོང་ཟླ་འདིའི་ཚེས་ ༡༢ མ་གཏོགས་ཨ་རི་དོན་ཁང་ལ་ངོ་བཅར་ཞུ་ཐབས་གཏན་ནས་མི་འདུག་པས། ཚེས་ ༡༢ བར་དོ་བདག་གི་ཁུངས་སྐྱེལ་གྱི་ཆེད་སྤྱི་ཚོགས་དྲ་ལམ་བརྒྱུད་དཔང་པོར་འདོན་འབུལ་ཆོག་པའི་བཀའ་འཁྲོལ་གནང་སྐྱོང་ཡོང་བ་ཞུ་ཞེས་གསལ་བའི་ཐད།ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། ༡། དེ་རིང་སྔ་དྲོ་འབོད་ཁྲིད་ཆོག་པའི་བཀའ་འཁྲོལ་ཞུས་པའི་དཔང་པོ་ཞིག་ཕྱི་དྲོ་ཁྲིད་ཐབས་མེད་པའི་རྒྱུ་མཚན་བགྲང་བ་དང༌། དེའང་ཞིབ་གཅོད་ཀྱི་ཚེས་ཆ་གཏན་འབེབས་དང་། བརྟག་ཞིབ་བྱ་ཡུལ་ས་གནས་དང་། ལྟ་རྟོག་བྱེད་པོ་བསྐོ་འཛུགས་ཀྱིས་མཚོན་པའི་སྔོན་འགྲོའི་བྱེད་སྒོ་ཁག་གཏན་འབེབས་ཟིན་རྗེས། དུས་ཐུང་འདི་ཙམ་ནང་ཁྲིམས་ཞིབ་བྱ་རིམ་འཕར་འགྱང་ཞུས་པ་དེ་ངོས་ལེན་བྱ་རྒྱུའི་རྒྱུ་མཚན་མི་ལྡན་པ་དང་། ༢། ཞོགས་པའི་སྙན་ཞུའི་ནང་། དཔང་པོ་ ༣ ལ་ཚེས་ ༧ སྔོན་ཐོངས་མཆན་རག་ཐབས་མེད་པས། སྤྱི་ཚོགས་དྲ་ལམ་བརྒྱུད་ཁུངས་སྐྱེལ་ཆོག་པ་ཞུས་ཡོད་པ་དང༌། ཕྱི་དྲོའི་སྙན་ཞུའི་ནང་། རྩོད་ལན་པའི་ངོས་ནས་དོ་བདག་ས་གནས་གང་རུང་ལ་(skype) དང༌ (whatsApp) གང་རུང་བརྒྱུད་ཁུངས་སྐྱེལ་ཆོག་པ་བསམ་མོད་ཅེས་ཁྲིམས་ཞིབ་བྱ་རིམ་ལ་རྒྱུ་མཚན་མི་ལྡན་པའི་ཚོད་དཔག་བྱས་ཏེ། རྩོད་ལན་པའི་སྔ་ཕྱི་མི་མཚུངས་པའི་བརྗོད་བབ་འདི་རིགས་ཁག་མེད་པའི་རྒྱུ་མཚན་དུ་ཆ་འཛིན་བྱེད་ཐབས་མེད། ༣། དེར་བརྟེན། ཞོགས་པར་རྩོད་ལན་པའི་དཔང་པོར་འབོད་ཁྲིད་ཆོག་པའི་བཀའ་འཁྲོལ་སྤྲད་པའི་བསོད་ནམས་ཚེ་རིང་རྩོད་ལན་པས་དཔང་པོར་འབོད་འགུགས་མ་ཐུབ་པའི་ངོས་འཛིན་ཐག་གཅོད་གནང་ཡོད་པ་སྒྲོགས་སྦྱང་གནང་སོང་།

ཉན་ཞིབ་གྲུབ་རྗེས་གསར་འགོད་པས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་སུ་རྩོད་ལན་པའི་དཔང་པོ་ཤར་གླིང་ཟླ་སྒྲོན་རྩིས་མེད་གཏོང་རྒྱུའི་དགག་པ་བརྒྱབས་དགོས་དོན་གང་ཡིན་དྲིས་པར་ཁོང་གིས། ཐོ་གཞུང་ནང་ལ་དཔང་པོ་ ༥ གནང་ཡོད་པ་དང་། ལྔའི་ནང་ནས་གཅིག་དེ་རྩིས་ཞིབ་ཀྱི་ལས་བྱེད་བསྟན་འཛིན་ཤེས་ལྡན་ལགས་རེད། ཁོང་རང་གི་དཔང་པོ་བྱེད་པའི་ལས་དོན་ཚར་བ་རེད། ད་ལྟ་གཞན་པ་དཔང་པོ་ ༤ ཡོད་པའི་ནང་ནས་ཤར་གླིང་ཟླ་སྒྲོན་ལགས་གཅིག་རེད། གཞན་གསུམ་དེ་ནེའུ་ཡོག་ནས་རེད། གསུམ་གྱི་ནང་ལོགས་ནས་གཉིས་དེ་ཁྲིམས་ཞིབ་ཁང་གིས་ཁོ་ཚོས་སྤྱི་ཚོགས་དྲ་རྒྱ་ཁག་ནང་བཤད་པ་དེ་ཚོ་ཕྱོགས་ལྷུང་ཡིན་པ་ཞུ་སྦྱོར་བས་ཁུངས་སྐྱེལ་ཐུབ་སོང་ཟེར་ནས་ཁོང་གཉིས་རྩིས་མེད་བཏང་གནང་བ་རེད། དེ་གཉིས་རྫ་ཆུ་ཁ་བ་ཆོས་འཛིན་དང་བྲག་གཡབ་བློ་བཟང་རེད། གཅིག་དེ་ཡོང་ཆོག་གི་ཡོད་ཟེར་ནས་ད་ལྟ་མགོན་པོ་ཚེ་རིང་ལགས་སླེབས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

དེ་སྔོན་ཞུ་སྦྱོར་བས་ཤར་གླིང་ཟླ་སྒྲོན་དཔང་པོར་འཁྲིད་པར་དགག་པ་བརྒྱབས་ཡོད་པའི་སྐོར་ལ་ཁོང་གིས། དེ་སྔོན་ཤར་གླིང་ཟླ་སྒྲོན་དཔང་པོ་ཕན་མེད་བཟོ་དགོས་པའི་དགག་པ་བརྒྱབ་པ་དེ་ལ་ཁྲིམས་ཞིབ་ཁང་གི་ངོས་ནས་མོ་རང་དཔང་པོ་ངོ་མ་དེ་ཆགས་ཀྱི་འདུག དེར་བརྟེན་མོ་རང་ཁྲིམས་ཁང་ནང་ལ་སླེབས་ནས་བརྟག་ཞིབ་བྱས་ན་མ་གཏོགས་ཐག་གཅོད་ཐུབ་ཀྱི་མ་རེད་ཅེས་གསུངས་པ་རེད། དེ་རིང་ཞོགས་པར་ང་ཚོས་རེ་བ་ག་རེ་བརྒྱབས་ཡོད་པ་རེད་ཟེར་ན། དཔང་པོ་ ༢ ལ་འདྲི་རྩད་བྱས་རྗེས་གནད་དོན་གཙང་མ་ཆགས་པ་ཡིན་ན། ང་ཚོས་དེ་སྔོན་དགག་པ་བརྒྱབས་ཡོད་རེད་དེ། དགག་པ་རྒྱག་དགོས་དུས་གནད་དོན་མི་འདོད་པ་དེ་འདྲ་བཤད་དགོས་ཐུག་གི་ཡོད་རེད།དེར་བརྟེན་དེ་འདྲ་ཞིག་འགྲོ་དགོས་མ་ཐུག་ན་བསམ་པ་རེད། འོན་ཀྱང་། ད་ལྟ་དཔང་པོས་ལན་གནང་སྟངས་དེ་དག་ངའི་བསམ་བློ་དང་གཤིས་ཀའི་ནང་མེད་པ་དེ་འདྲ་གསུངས་ཡོང་དུས། དགག་པ་རྒྱག་རྒྱུའི་གནས་སྟངས་དེ་ཆགས་པ་རེད། ཅེས་བརྗོད་བྱུང་།

དེ་བཞིན་གསར་འགོད་པས་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པར་ཁྲིམས་ཞིབ་ཁང་གི་ངོས་ནས་བཀའ་ཤག་གི་དཔང་པོ་ཕན་མེད་གནང་ཡོད་པའི་སྐོར་དྲིས་པར་ཁོང་གིས། ང་ཚོའི་དཔང་པོ་གཉིས་ཕན་མེད་བྱུང་པ་རེད། དེའང་ཁྲིམས་ཞིབ་ཁང་གི་ཁྲིམས་སྒྲིག་ལྟར་བྱུང་པ་ཞིག་ཆགས་ཡོད་པ་རེད། ཡིན་ནའང་། དཔང་པོ་གཉིས་ཀ་དེ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ངོས་ནས་སྙན་ཞུ་བརྒྱབས་ཏེ་ཕྱོགས་ལྷུང་སོགས་རེད་འདུག་ལབ་སྟེ། གང་ལྟར་ཀྱང་ཤར་གླིང་ཟླ་སྒྲོན་གྱི་གཙོས་དཔང་པོ་ཚང་མར་དགག་པ་རྒྱག་པའི་ཐབས་ཤེས་བཏང་སྟེ་དགག་པ་བརྒྱབས་པ་རེད། དེ་ལ་བརྟེན་ནས་ང་ཚོའི་དཔང་པོ་གཉིས་ཕན་མེད་བྱུང་པ་རེད། ང་ཚོའི་ངོས་ནས་གྱོང་ཆེན་པོ་རག་སོང་ཞེས་ཞུས་རྒྱུ་ཡིན། ང་ཚོའི་གནད་དོན་དེ་ཌི་སི་ཡི་ས་ཁུལ་ཁག་ཏུ་སྲིད་སྐྱོང་དང་བཀའ་ཤག་ལ་དམའ་འབེབ་བཟོས་པའི་སྐོར་ཡིན་དུས། རྗེས་ལ་ང་ཚོས་དཔང་པོ་ ༤ སྐད་བཏང་པ་རེད། ཁོང་ཚོས་ཀྱང་གནད་དོན་འདྲ་མིན་ཐོག་ལ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་བཀའ་ཤག་དང་སྲིད་སྐྱོང་ལ་དམའ་འབེབ་གང་འདྲ་བྱས་ཡོད་པ་དེའི་ཐོག་ལ་ར་སྤྲོད་དང་ཁུངས་སྐྱེལ་ཡོད་པ་དེ་འདྲ་རེད། དེ་ཡིན་དུས་ཡང་དཔལ་ལྡན་ཁྲིམས་ཞིབ་ཁང་ནས་གང་ལྟར་དཔང་པོ་དེ་ཚོ་ངོས་ལེན་མ་བྱས་པ་རེད། དེའང་ཁྲིམས་དོན་གྱི་ལུང་དྲངས་ཏེ་མ་བླངས་པ་རེད། དེ་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཡིན་དུས་ང་ཚོའི་ངོས་ནས་གང་ཡང་བྱ་རྒྱུ་ཡོད་པ་མ་རེད་ཅེས་ཞུས་རྒྱུ་ཡིན། དེའི་ནང་གི་དཔང་པོ་གཅིག་ངོས་ལེན་བྱས་པ་རེད། ཁོ་རང་གིས་སྔོན་མ་ཡིག་ཆ་ཞིག་ཕུལ་ཏེ་ངོས་ལེན་བྱུང་བ་རེད། དེ་ང་ཚོའི་ཁྲིམ་ལུགས་ཀྱི་ནང་དཔེར་ན་ཕྱི་རྒྱལ་དུ་བཞུགས་པའི་སྤྱི་ཚོགས་དྲ་ལམ་ (WhatsApp) དང་ (Skype) དེ་ཚོའི་སྐོར་དེ་ང་ཚོའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གང་ཡང་གསལ་ཡོད་པ་མ་རེད། དཔང་རྟགས་ཁྲིམས་ཡིག་ནང་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་བཏང་སྟེ་ག་རེ་བྱེད་དགོས་མིན་གསལ་མི་འདུག ང་རང་ངོས་ནས་གང་ཐུབ་ཅི་ཐུབ་བལྟས་པ་ཡིན། དེ་ཡིན་དུས་ང་ཚོའི་ངོས་ནས་ག་རེ་བསམ་པ་རེད་ཟེར་ན། ཁོ་རང་ཚོས་ཕར་ནས་དྲ་རྒྱའི་བརྒྱུད་ལམ་ཁག་ནས་ང་ཚོའི་འདིར་གསལ་བཤད་བྱས་ན་འགྲིག་གི་ཡོད་པ་རེད་བསམས་པ་རེད། གང་ཡིན་ཟེར་ན། ཁྲིམས་སྒྲིག་ནང་གང་ཡང་གསལ་ཆ་མེད་པ་རེད། ཡིན་ནའང་། དཔལ་ལྡན་ཁྲིམས་ཞིབ་ཁང་གི་ངོས་ནས་ཝ་ཤིང་ཊོན་ཌི་སི་ཡི་དོན་གཅོད་ལས་ཁུངས་སུ་འགྲོ་དགོས་རེད་ལབ་པ་རེད། དེའང་དེ་རིང་གི་རྒྱ་གར་གྱི་ཆུ་ཚོད་ ༤ ཐོག་བྱས་ཚར་བ་དགོས་པ་རེད་གསུངས་དུས། རྣམ་པ་ཚོས་མཁྱེན་གསལ་རེད། ཕྱི་རྒྱལ་ཁག་ཏུ་ལས་ཀ་བྱེད་སྡོད་མཁན་ཚོས་དུས་ཚོད་འདོན་དགོས་པ་དང་དགོངས་པ་ཞུ་དགོས་པ་རེད། ཁྱེད་དེ་རིང་ཤོག་ལབ་ན་ཡོང་ཆོག་ཆོག་དང་འགྲོ་ཆོག་ཆོག་ཅིག་རེད་མི་འདུག་གཱ། ཁོ་རང་ཡོང་འདོད་མེད་པ་དེ་འདྲ་མ་རེད། ཡིན་ནའང་ཁོ་རང་ལ་ཐབས་ཤེས་རྩ་བ་ཉིད་ནས་མི་འདུག ཁོ་རང་མོ་ཊ་བཏང་ནས་ཁ་ལེ་ཧྥོར་ནེ་ཡར་ཕེབས་བཞིན་འདུག ད་ཝ་ཤིང་ཊོན་ལ་ད་ལྟ་དང་སང་ཉིན་འགྲོ་དགོས་རེད་ལབ་དུས་འགྲོ་ཐུབ་མི་འདུག དེར་བརྟེན་ང་ཚོས་དུས་འགྱངས་ཀྱི་བཀའ་འཁྲོལ་ཞིག་ཞུས་པ་ཡིན་ཏེ་གནང་མ་སོང་། ཞེས་བརྗོད་བྱུང་།

ཤར་གླིང་ཟླ་སྒྲོན་གྱི་སྐོར་ལ་ཁོང་གིས། ཤར་གླིང་ཟླ་སྒྲོན་ལགས་དངོས་གནས་ཤེས་འཇོན་གཉིས་ལྡན་ཕུལ་དུ་བྱུང་བའི་ང་ཚོའི་བུད་མེད་ཅིག་རེད། ཁོང་ཕུལ་དུ་བྱུང་བའི་བུད་མེད་ཞིག་ཡིན་པ་ང་ཚོའི་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ཆེའི་མང་ཚོགས་མང་ཤོས་ཤིག་གིས་ཀྱང་དེ་ལུགས་ཡིན་པ་ངོས་འཛིན་བྱས་ཡོད་པ་རེད།གང་ཡིན་ཟེར་ན། ཁོ་རང་སྐབས་གཉིས་ལ་སྤྱི་འཐུས་ཆགས་པ་རེད། ལྷག་པར་དུ་སྐབས་ ༡༦ པའི་ནང་དབུས་གཙང་ཆོས་ཀྱི་ཆོལ་ཁའི་མི་མང་ངོས་ནས་འོས་གྲངས་མཐོ་ཤོས་བླུགས་པའི་དེ་ལྟ་བུའི་ཕུལ་བྱུང་གི་བུད་མེད་ཅིག་ཆགས་པ་རེད། ཁོ་རང་གི་ཤེས་འཇོན་དང་ལྷག་བསམ་དེ་ཚོ་ཚང་མ་ལ་བརྟེན་ནས་བཀའ་བློན་གྱི་འོས་མིའི་ནང་དུའང་ཐེངས་གཉིས་བསླེབས་པ་རེད། དེ་བས་ད་ལྟ་ཁོ་རང་ལ་ཁེ་ཕན་གང་ཡང་མེད་པའི་ཐོག་ནས་དངོས་གནས་དྲང་གནས་བདེན་པ་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། ཁོ་རང་གིས་ཁྲིམས་ཁང་ནང་དུ་ཡང་གདེང་ཚོད་ཆེན་པོའི་ངང་ནས་བདེན་པ་རང་ལ་རྒྱབ་སྐྱོར་བྱས་ནས་དེ་རིང་ཡོང་ཡིན་གསུངས་ཡོད་པ་རེད་ལ། ཁོ་རང་ལ་ཁེ་ཕན་གང་ཡང་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་ག་རེ་བྱུང་བ་དེ་དང་བདེན་པ་ག་རེ་ཡིན་དེའི་རྒྱབ་ཏུ་ལངས་ཏེ་ཕེབས་པ་རེད། ཅེས་སོགས་བརྗོད་སོང་།

གསར་འགོད་པ། པ་སངས་ཚེ་རིང་དང་སངས་རྒྱས་དཀོན་མཆོག ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 19

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    ཤར་གླིང་ཟླ་སྒྲོན་གྱིས་དཔང་རྟགས་རྒྱུད་ནས་གསལ་པོ་གང་ཆགས་སོང་ཟེར་ན་ཨ་དོན་འཕོ་འགྱུར་
    དེ་བཀའ་ཤག་ནས་སྤྱི་དོན་ཁ་ལ་ཁྱེར་ནས་སྒེར་དོན་ཁོག་ཏུ་ཉར་ནས་ཨ་དོན་འཕོ་འགྱུར་བཏང་བ་
    གསལ་པོ་མ་རེད་དམ་ཧཧཧཧཧ

    Reply
  2. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 6 སྔོན།

    ཁ་མཆུ་ཨང་ ༢༠ ཟེར་བ་དེ་ཞིབས་བལྟ་ཇི་ཙམ་མང་བ་དེ་ཙམ་གྱི་ཛོར་རྟག་ཇི་མང་དུ་འགྲོ་བཞིན་འདུག་། ཁྲིམས་ཁང་དུ་ཆེད་འགུགས་གནང་བའི་དཔང་པོ་རྣམས་ནས་གསལ་བཤད་རྒྱུ་མཚན་ལྡན་པ་བཤད་ཀྱི་ཡོད་མེད་ནན་རྟེན་ཞིབས་དཔྱད་དང་འབྲེལ་མཐའ་མའི་ཐག་གཅོད་བྱ་སྐབས་གཟིགས་རྒྱུ་ལས་ ཞུ་སྦྱོར་བས་དཔང་པོ་རྣམས་ལ་འགགས་པ་རྒྱབ་པ་ཙམ་གྱིས་དཔང་པོ་རྣམས་རྩིས་མེད་བཏང་དེ་རང་དྲང་པོ་རྩ་བ་ནས་མ་རེད་། མ་གཞི་ང་ཚོ་བོད་པའི་གསར་འགོད་པ་ཕལ་ཆེར་ཚད་མཐོའི་སློབ་སྦྱོང་དང་ཤེས་ཚད་ལྡན་པ་མེད་ཁར་བཟང་སྤྱོད་ཀྱི་ཕུངས་ཤིང་ཕྱོགས་ལྷུང་ཁོ་ནའི་ཐོག་ནས་གནས་ཚུལ་ཇི་མ་ཇི་བཞིན་སྤེལ་གི་མེད་པ་གསལ་པོ་ཞེ་དྲག་ཆགས་སོང་བ་།་མི་མང་དང་གསར་གནས་བལྟ་སློག་བྱ་མཁན་ཚོས་དགོངས་ཚུལ་འདྲ་བོ་མང་ཐོན་བཞིན་པ་དེ་ཚོ་དཔང་རྟགས་ངོ་མ་རེད་།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    ཁ་མཆུ་ཨང་ཉི་ཤུ་པ་འདིའི་ད་ལྟ་བར་ཉན་ཞིབ་ཁག་ལ་བལྟ་སྐབས་ཁ་མཆུའི་སྒྲུབ་འབྲས་བཙན་བྱོལ་
    སྤྱི་ཚོགས་ནང་བར་མའི་འོས་བསྡུ་ལས་གཞན་དུ་ཁ་ཕྱོགས་ས་ཡོད་པ་མཐོང་མ་སོང།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    ཁ་མཆུ་རྩོད་གླེང་དང་དཔང་རྟགས་སོགས་དང་འབྲེལ་བའི་ནང་ཆོལ་ཁའི་མིང་མ་སྟོན་ན་ཡག་ལེ་རེད་ལ་
    ཤེས་འཇོན་གཉིས་ལྡན་དང་ཕུལ་འབྱུང་གི་མི་སྣ་ཡིན་མིན་ལག་པའི་པའི་རྒྱབ་མདུན་ངོ་མི་ཤེས་མཁན་དང་
    བཟང་ངན་མི་ཚོར་མཁན་བཀའཤག་དང་ཨ་དོན་བར་དཀྲུགས་མཁན་གྱིས་ཤེས་འཇོན་མི་སྣ་དེ་ཚོ་ད་ནས་
    བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ངོ་གདོང་བསྟན་འཕོད་ཀྱི་ཨ་ཡོད་ཧཧཧ

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    གནས་ཚུལ་ཆ་ཚང་བ་ཞིག་བཀོད་ཐུབ་ན་ཀློག་མཁན་ཚང་མས་གནས་
    ཚུལ་ཆ་ཚང་རྟོགས་ཐུབ་པ་ལས་དེ་མིན་འགོ་མེད་འཇུག་མེད་ཆགས་
    རྒྱུའི་ཉེན་ཁ་ཡོད་པ་དང་བཙན་བྱོལ་སྤྱི་ཚོགས་ནང་ཕྱོགས་ལྷུང་སྤངས་པའི་
    དྲང་བདེན་གྱིས་གསར་ཤོག་སྐྱེ་སྲིངས་མ་ཐུབ་ནས་མི་མང་གི་གསར་ཤོག་ཁག་ལ་
    བལྟ་སྟངས་དང་གསར་ཤོག་བལྟ་ཀློག་བྱ་མི་དེ་བཙན་བྱོལ་སྤྱི་ཚོགས་ཀྱིས་བརྒྱ་ཆ་
    ལྔ་ཡང་མེད་པ་ནས་ཤེས་ཐུབ་པ་བཅས།

    Reply
  6. kalsang dawa says:
    ལོ་ 6 སྔོན།

    ༄།དུས་བབས་ཚང་གི་ཞུ་སྦྱོར་བའི་དཔང་པོ་འཇིགས་མེད་ཚུལ་ཁྲིམས་ཀྱི་མིང་ཙམ་བརྗོད་པ་ལས་ཁོས་དཔང་པོ་ཅི་ཞིག་བྱས་པ་མ་བྲིས་འདི་ངས་ཤེས་མ་སོང་།ཀློག་པ་པོ་རྣམ་པ་ལགས་ཁྱོད་ཚོས་ཤེས་ཀྱི་ཡོད་དམ་།།

    Reply
  7. སྲས་སྐུ་ངོ་། says:
    ལོ་ 6 སྔོན།

    ཁྲིམས་ཞིབ་ཚོགས་དུས་ག་དུས་ཡིན་མིན་ཤེས་བཞིན་དུ་འགོར་འགྱངས་བྱས་པ་རེད། དོལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཡིན་ན་ག་དུས་འགྲོ་མིན་སོ་སོའི་ལག་རེད།

    Reply
  8. སྲས་སྐུ་ངོ་། says:
    ལོ་ 6 སྔོན།

    གངས་སྐྱིད་ཀྱི་ནེ་ཙོ་ཟླ་སྒྲོན་ཀྱིས་རང་གི་ཅ་ནེ་རང་གིས་བཅག་སོང་།

    Reply
  9. རྟོགས་སད། says:
    ལོ་ 6 སྔོན།

    ཉན་ཞིབ་དུས་ཚོད་སྔར་ནས་གཏན་འབེབས་བྱས་ནས་འབྲེལ་ཡོད་ཚང་མས་མཁྱེན་གྱི་ཡོད་རེད། ལམ་སང་འཁྱེར་ཤོག་ཟེར་གྱི་འདུག་ཟེར་གྱི་འདུག་ལབ་ན་སྐྱག་རྫུན་འདྲ་བོ་ཆཧས་ཀྱི་འདུག

    Reply
  10. ཤམ་བྷ་ལ། says:
    ལོ་ 6 སྔོན།

    ད་བོད་མའི་ལས་ངན་པ་ཚོས། རྒྱལ་ཁབ་ཡོད་མཁན་འབྲུག་ཡུལ་ལྟ་བུ་ལའང་བཙན་བྱོལ་བོད་པ་ལྟ་བུའི་ནང་འཁྲུགས་མི་འདུག། རང་སྐྱོང་ཡོད་མཁན་ལ་དྭགས་པ་ལྟ་བུ་ལའང་ནང་འཁྲུགས་འདི་ལྟ་བུའ་མི་འདུག བཙན་བྱོལ་ཡོད་མཁན་ ཁ་ཆེ་དྲག་སྤྱོད་པ་ཚོགས་པ་ལྟ་བུའི་ཀུན་སློང་གཅིག་པ་ལྟ་བུ་འགྲ་ཉེན་འདུག བྱས་ཙང་དེང་ནུབ་ཕྱོགས་ལ་ཡོད་པའི་བོད་ཀྱི་ཆོས་ཚོགས་ལ་བོད་པ་ལ་དགའ་པོ་མེད་པའི་རྒྱུ་མཚན་འདི་ལ་བྱུང་བ་རེད། ནུབ་ཕྱོགས་པའམ་རྒྱ་མི་རིགས་ནང་པ་ཕལ་མོ་ཆེས་བཤད་སྲོལ་འདུག་བཙན་བྱོལ་ཡོད་མཁན་བོད་པ་ནི་མིང་ཙམ་བོད་པ་རེད་མ་གཏོགས་ དོན་ལ་གཡོ་རྒྱུ་ཁྲམ་གསུམ་དང་། ནང་ཆོས་་ཉམས་སྒྲུབ་ཡོད་མ་རེད་གང་ཡིན་ཟེར་ན་བཙན་བྱོལ་བོད་པ་སོགས་ནི་ད་ཆ་དཔལ་འབྱོར་ཡར་རྒྱས་ཅུང་ཙམ་ཡོང་ནང་ཆོས་བརྗེད་ཚར་འདུག་བཌད་མཁན་མང་པོ་འདུག་

    Reply
  11. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    མོ་ལ་ཁོ་རང་ཟེར་བའི་ཐ་སྙད་དེ་རྩོད་ལན་པས་གསར་གཏོད་ཀྱིས་ཐ་སྙད་ཞིག་
    ཡིན་ནམ་།

    Reply
  12. དིང་རྡོ། says:
    ལོ་ 6 སྔོན།

    གནད་དོན་གཞན་ལ་ཞུ་རྒྱུ་གང་ཡང་མེད། ཁྲིམས་ཀྱིས་བདེན་རྫུན་གསལ་ངེས། ཤར་གླིང་ཟླ་སྒྲོན་ཐོག་མའི་མི་མང་གི་ལྟ་སྟངས་དངོས་བདེན་ཡང་ད་ལྟ་ཕུང་འདྲེ་ཞིག་ལས་མ་འདས། མ་འོངས་པར་དབུས་གཙང་མི་མང་གིས་མིག་ལྡན་གཡང་མཆོང་བྱེད་ཀྱི་མ་རེད། གས་ཆག་ཤོར་བའི་ངོ་ཤེལ་དེ་ནམ་ཡང་ལྷུ་སྒྲིག་ཐབས་མེད་པ་རེད། དངོས་གནས་བློས་གྲོད་པར་བཀལ། གྲོད་པས་ཆུ་གློད་བྱུང་།

    Reply
  13. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    ཁ་མཆུ་ཐག་མ་ཆོད་ནས་ཁ་མཆུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་ཞུ་སྦྱོར་
    དང་རྩོད་ལན་པ་གཉིས་ངོས་ནས་གསར་འགོད་པའི་འདྲི་བར་ལན་འདེབས་གནང་
    རྒྱུ་དེ་བཙན་བྱོལ་སྤྱི་ཚོགས་ཀྱིས་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཆ་ནས་བཙན་
    བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་
    དང་བཙན་བྱོལ་བིད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་
    ཁྲིམས་ཡིག་དང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་
    ཡིག་བཅས་ཁྲིམས་ཡིག་ཁག་གསུམ་དང་ཕྱོགས་མཐུན་བྱུང་ཡོད་མེད་དེ་ཡང་གསལ་
    པོ་ཤེས་མ་སོང།

    Reply
  14. གཙང་ནག་པ། says:
    ལོ་ 6 སྔོན།

    ཤར་གླིང་ཟླ་སྒྲོན་ལགས་ཀྱི་མོ་རང་ལ་འཁེ་ཕན་གང་ཡང་མེད་པ་བདེན་པ་རང་ལ་རྒྱབ་སྐྱོར་བྱས་པ་རེད་བ་ནི། ཤོད་མཁན་ངོ་མ་ཚ་ནའང་ཉན་མཁན་ངོ་ཚ་བ་གནས་ལས་ལྷུང་། འཁེ་ཕན་ཇི་ཡོད་ཤར་གླིང་ཟླ་སྒྲོན་གྱིས་གསལ་ཤོས་ཤེས་ཀྱི་རེད། མོས་དཔང་རྟགས་འདི་གོང་ཚད་མཐོན་པོ་་རེད། ཨ་སྒོར་འབུམ་གཉིས་རེད། ཧིན་སྒོར་ལ་ཕབ་ན་ས་ཡ་བཅུ་གསུམ་ལྷག་ཙམ་་རེད། མི་མང་གི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཟེར་བདེན་པ་ཇི་ཡིན་ག་ལེར་ཤེས་ཀྱིས་རེད།

    Reply
  15. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    དུས་བབ་ཚང་གཉིད་ཚད་འདུག་ཐུགས་རྗེ་ཆེ་བཀྲིན་ཆེ་
    ཁ་མཆུའི་ལས་རིམ་འགྲོ་བཞིན་པ་ཞིག་ཞུ་སྦྱོར་དང་རྩོད་
    ལན་གཉིས་ངོས་ནས་གསར་འགོད་པའི་འདྲི་བར་ལན་
    འདེབས་གནང་རྒྱུ་དེ་སྤྱི་མང་གཏུག་བཤེར་གྱིས་རྩ་འཛིན་
    ཁྲིམས་ཡིག་ལ་འགན་འཁུར་ནས་འདྲི་ལན་གནང་བ་རེད་
    དམ་ཁྲིམས་ཞིབ་ཁང་གིས་བཀའ་འཁྲོལ་རྒྱུད་ནས་འདྲི་ལན་
    གནང་བ་རེད་དེ་ཡང་གསལ་པོ་ཤེས་མ་སོང།

    Reply
  16. རྒྱ་མ་ཚང་ says:
    ལོ་ 6 སྔོན།

    དཔང་པོ་ནི་ཁྲིམས་ཀྱི་འགན་འཁུར་ཐོགས་ནས་དཔང་པོར་ལངས་དགོས་། ་གལ་ཏེ་ཁྲིམས་ཀྱི་འགན་འཁུ་མི་དགོས་པའི་དཔང་པོ་དོན་ན་དཔང་པོ་ཐ་མེད་དུ་འགྱུར་བས་ཁྲིམས་ཞིབས་ཁང་ནས་ཉེས་པར་དུ་་དཔང་རྫུན་དོན་མཁན་ཁྲིམས་ཀྱི་དཔྱད་གྲ་གཏོང་དགོས་

    Reply
  17. Liang ahi says:
    ལོ་ 6 སྔོན།

    དཔུང་བསྒྲིགས་ནས་སྤེན་ཚེ་མེད་པ་བཟོ་འདོད་ཀྱི་རྒྱབ་ལྗོངས་ངོ་མ།
    ༡། སྤེན་པ་ཚེ་རིང་གི་ཤེས་འཇོན་དང་སྤོབས་པ། རྣམ་དཔྱོད་སོགས་གང་ལ་བལྟས་ཀྱང་། ཁོ་ཚོ་མི་རེ་རེས་ཁ་གཏད་གཅོག་དཀའ་བར་མཐོང་བ་དེ་ཁོ་ཚོས་དཔུང་བསྒྲིགས་ནས་སྤེན་པ་ཚེ་རིང་མེད་པ་བཟོ་འདོད་པའི་རྒྱུ་མཚན་གཅིག་རེད་ལ། སྤེན་ཚེ་ལ་དགའ་མཁན་མང་བ་དེ་ཡང་གནད་དོན་དུ་གྱུར་པ་རེད། སྤེན་པ་ཚེ་རིང་གངས་སྐྱིད་དུ་སླེབས་པ་ནས་འཇུ་དམག་གིས་དམིགས་འབེན་དུ་བཟུང་ཡོད་ལ། འཇུ་ཇག་གིས་དཔུང་སྒྲིག་བྱེད་པའི་མགོ་ཡང་དེ་ནས་བཙུགས་ཡོད། ཇག་དཔོན་འཇུ་རྒན་གྱིས་གངས་སྐྱིད་དུ་གཞུང་གི་ཁང་པ་བདག་འཛིན་བྱས་པ་སྤེན་ཚེས་གཞུང་སེམས་ལྷག་བསམ་གྱིས་ཕྱིར་བླངས་པ་དེས་འཇུ་ཇག་དཔུང་སྡེ་ལ་འཇིགས་སྣང་ཆེན་པོ་བསླངས་ཡོད། དེ་ནས་བཟུང་འཇུ་ཇག་གི་འཁོན་འཛིན་དང་འཇིགས་སྣང་གཉིས་ཀ་ཇེ་ཆེར་གྱུར།
    ༢། སྤེན་པ་ཚེ་རིང་གིས་རྒྱལ་བ་རིན་པོ་ཆེའི་དགོངས་དོན་དང་མཐུན་པར་དོལ་རྒྱལ་བ་ལ་ཁ་གཏད་བཅག་པ་མང་དྲགས་སོང་སྙམ་པ་དེ་ཁོ་ཚོས་དཔུང་བསྒྲིགས་ནས་སྤེན་པ་ཚེ་རིང་མེད་པ་བཟོ་འདོད་པའི་རྒྱུ་མཚན་གཅིག་རེད་ལ། སྤེན་ཚེས་ཟམ་གདོང་རིན་པོ་ཆེར་གུས་བརྩི་ཞུ་བ་དེ་ཡང་གནད་དོན་གཅིག་རེད། ཁོ་ཚོ་དང་དོལ་རྒྱལ་གཉིས་ཁ་འབྲལ་ཐབས་མེད་ལ། ཁོ་ཚོའི་སྒྲིག་འཛུགས་ཀྱི་ལམ་སྟོན་དང་ལུང་བསྟན་གནང་མཁན་གཙོ་བོ་དབུས་གཙང་ལ་མ་དགོས་པའི་དམ་སྲི་དོལ་འདྲེ་རེད། ཟམ་གདོང་རིན་པོ་ཆེས་བོད་གཞུང་གི་ལངས་ཕྱོགས་བརྟན་པོ་བཟུང་བས་ཁོ་ཚོ་སློབ་དཔོན་ཁོང་ལ་གཏན་ནས་མི་དགའ། ད་ལྟ་འཇམ་དབྱངས་ནོར་བུས་ཟམ་གདོང་རིན་པོ་ཆེར་སྐྱོན་བརྗོད་ཞུ་མགོ་བཙུགས་ཡོད་པ་ཡང་འཇམ་ནོར་དང་ཁོ་ཚོ་ངན་རོགས་ལག་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རེད།
    ༣། སྤེན་པ་ཚེ་རིང་ལ་དབུས་གཙང་གི་ངོ་ཤེས་གྲོགས་པོ་མང་པོ་འདུག་སྙམ་པ་དེ་ཁོ་ཚོས་དཔུང་བསྒྲིགས་ནས་སྤེན་པ་ཚེ་རིང་མེད་པ་བཟོ་འདོད་པའི་རྒྱུ་མཚན་གཅིག་རེད་ལ། སྤེན་ཚེའི་པ་ལགས་ཨ་མདོ་དང་ཨ་མ་ལགས་གཙང་པ་ཡིན་པ་དེ་ཡང་གནད་དོན་ཞིག་རེད། ཁོ་ཚོས་སྔོན་མ་ནས་དབུས་གཙང་ལ་ཡིད་ཆེས་མི་བྱེད་ཅིང་མི་དགའ། ལྷག་པར་དུ་ཁོ་ཚོས་དབུས་གཙང་པ་ལ་ཞེད་སྣང་བྱེད་ཀྱི་ཡོད། ཁོ་ཚོའི་ཁྲག་རྒྱུན་ནང་ཕྲག་དོག་དང་ང་རྒྱལ་གྱི་རྫས་རྒྱུན་གཞན་ལས་མང་ལ། འཁོན་འཛིན་དང་ཞེ་སྡང་གི་ཕྲ་ཕུང་ནི་དེ་བས་མང་། ཁོ་ཚོ་ཆོལ་ཁ་དང་ཚོགས་སྡེ་གཞན་ལ་མི་དགའ་ཞིང་། ཁོ་ཚོའི་ནང་ཁུལ་དུམ་བུ་གཉིས་ལ་ཡང་ནས་བསྐྱར་དུ་ཆད་པ་དེ་ཡང་རྒྱུ་མཚན་དེ་གཅིག་པོ་ལས་གཞན་ཡོད་པ་མ་རེད། ཁོ་ཚོས་གཞན་ལ་བཟོད་སྒོམ་ཞིག་ནམ་ཡང་བྱེད་ཐུབ་ཀྱི་མ་རེད།
    ༤། སྤེན་པ་ཚེ་རིང་གིས་བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་བྱང་ཆུབ་པར་ཤེས་པ་དང་། ཕྱི་འབྲེལ་ནང་འབྲེལ་གང་ལ་ཡང་དཀའ་ངལ་འཕྲད་མྱོང་མི་འདུག་སྙམ་པ་དེ་ཁོ་ཚོས་དཔུང་བསྒྲིགས་ནས་སྤེན་པ་ཚེ་རིང་མེད་པ་བཟོ་འདོད་པའི་རྒྱུ་མཚན་གཅིག་རེད་ལ། བོད་མི་ཉམས་མྱོང་ཅན་རྒན་གྲས་དྲང་པོ་ཚོས་སྤེན་ཚེ་ལ་རྒྱབ་སྐྱོར་གནང་བ་དེ་ཡང་གནད་དོན་ཞིག་རེད། ཁོ་ཚོ་མི་སུ་ལ་སྐྲག་ན། དེ་ལ་ཐབས་ཤེས་སྣ་ཚོགས་དང་སྡིག་པ་མིག་བཙུམ་གྱིས་སྒྲོ་འདོགས་དང་སྐུར་འདེབས་བྱས་ནས་ནག་པོ་བཟོ་གང་ཐུབ་བྱེད་ཀྱི་རེད། དེ་ནི་ཁོ་ཚོའི་གཤིས་ཀ་རེད་ལ། ཕ་མེས་ནས་བརྒྱུད་པའི་གཅེས་ནོར་ཡང་རེད། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱས་ཀྱིས་སྐད་འཕྲིན་ཚོགས་པའི་ནང་སྨྱོ་སྐད་རྒྱག་དགོས་པ་དང་། ངོ་དེབ་སྟེང་པར་རིས་དང་རྫུན་གཏམ་བསྒྲིགས་ནས་མི་མང་པོ་ནག་པོ་བཟོ་ཐབས་བྱེད་བཞིན་པ་ཡང་ཁོ་ཚོ་མི་གཞན་ལ་སྐྲག་སྣང་སྐྱེས་པའི་དབང་གིས་རེད། ཁོ་ཚོས་ཡ་རབས་དང་དྲང་བདེན། བསམ་ཤེས་དང་བཟོད་སྒོམ་ཟེར་བ་གཏན་ནས་མི་ཤེས།
    ༥། སྤེན་ཚེ་བླ་མར་དད་པ་དང་ཆོས་སྲུང་ལ་ཡིད་ཆེས་ཡོད་པ་དེ་ཁོ་ཚོས་དཔུང་བསྒྲིགས་ནས་སྤེན་པ་ཚེ་རིང་མེད་པ་བཟོ་འདོད་པའི་རྒྱུ་མཚན་གཅིག་རེད་ལ། གནས་ཆུང་དང་བརྟན་མས་བློ་སེང་ལ་བཀའ་བཀྱོན་གནང་བ་དེ་ཡང་གནད་དོན་ཞིག་རེད། ཁོ་ཚོ་དོལ་འདྲེ་ལ་ཡིད་ཆེས་ཡོད་པས་གནས་ཆུང་སོགས་ལ་མི་དགའ་ཞིང་། སྤེན་པ་ཚེ་རིང་གིས་ཁོ་ཚོའི་སྐྱོན་ཆ་ཐེར་འདོན་བྱས་པ་ལ་བརྟེན་ནས་གནས་ཆུང་དང་བརྟན་མས་བཀའ་བཀྱོན་དྲག་པོ་གནང་བ་རེད་བསམས་ནས་འཁོན་འཛིན་བཟུང་ཡོད།
    ༦། སྤེན་པ་ཚེ་རིང་མི་དྲང་པོ་དང་ཁ་རེ་ཁ་ཐུག་ཡིན་པ་དེ་ཁོ་ཚོས་དཔུང་བསྒྲིགས་ནས་སྤེན་པ་ཚེ་རིང་མེད་པ་བཟོ་འདོད་པའི་རྒྱུ་མཚན་གཅིག་རེད་ལ། མི་མང་པོ་དྲང་པོ་ལ་དགའ་བ་དེ་ཡང་གནད་དོན་ཞིག་རེད། ཁོ་ཚོར་སྐྱོན་ཆ་མང་བས་སྤེན་པ་ཚེ་རིང་གིས་ཁོ་ཚོའི་རྫུན་རྐུབ་བརྟོལ་ནས་སྐྱོན་ཆ་ཐེར་འདོན་བྱས་ཡོང་བསམས་ནས། ཐོག་མར་འཇུ་དམག་གིས་སྤེན་ཚེ་ལ་བསྙོན་འཛུགས་བྱས། དེའི་རྗེས་སྤྲུལ་སྐུ་ཨོ་སྟོབས་ཀྱིས་ཇག་སྣེ་དྲངས། ཉེ་ལམ་སྲིད་སྐྱོང་བློ་སེང་གིས་ངན་ཇུས་བཤམས། ཁ་ཉིན་ཁྲིམས་རྩོད་བློ་གྲགས་ཀྱིས་མགོ་སྐོར་གྱི་རྫུན་གཏམ་བསྒྲགས། ཁོ་ཚོ་མང་ཆེ་བ་ཡིག་རྨོངས་ཡིན་པས། མིག་བཙུམ་ནས་རྫུན་བཤད་རྒྱུ་དང་། རྒྱུ་དངོས་བཏང་ནས་ཀླད་སྟོང་གླེན་པ་ཚོ་བེད་སྤྱོད་བྱ་རྒྱུ། ཧམ་པ་བཤད་ནས་འཇིགས་སྐུལ་བྱ་རྒྱུ་མ་གཏོགས། བདེན་པ་དང་རྣམ་དཔྱོད་བསྡུར་ནས་རྒྱལ་ཕམ་རྩོད་མི་ཤེས། ཁོ་ཚོ་ནག་ཚོང་དང་དྲག་སྤྱོད་ལ་དགའ།
    ༧། སྤེན་ཚེས་བདེན་པ་དང་ཁྲིམས་ལུགས་གཙུག་ཏུ་བཀུར་ནས་ལས་ཀ་བྱེད་པ་དེ་ཁོ་ཚོས་དཔུང་བསྒྲིགས་ནས་སྤེན་པ་ཚེ་རིང་མེད་པ་བཟོ་འདོད་པའི་རྒྱུ་མཚན་གཅིག་རེད་ལ། ད་ལྟ་ཁྲིམས་ཁང་དུ་ཇག་དཔོན་འཇུ་རྒན་གྱི་རྐུབ་གཡོག་བློ་སེང་གི་གཡོ་སྒྱུ་ཐེར་འདོན་བྱེད་བཞིན་པ་དེ་ཡང་གནད་དོན་ཞིག་རེད། བློ་སེང་ལ་བདེན་པ་ཏིལ་འབྲུ་ཙམ་ཡང་མེད་པས། ཤར་གླིང་ཟླ་སྒྲོན་དང་བཀའ་བློན་བྱ་སྤུ་གནོན་སོགས་དབུས་གཙང་པ་ཀླད་སྟོང་འགའ་བེད་སྤྱོད་བཏང་ནས་ཁུངས་མ་འཁྱོལ་བས། དོལ་འདྲེ་དང་འབྲེལ་བ་ཡོད་མཁན་དང་ཆོལ་ཞེན་གྱི་ནད་དུག་ཕོག་པ་འགའ་ཁྲིད་ཡོང་ནས་བདེན་དཔང་བྱེད་རྒྱུ་ཟེར། བློ་གྲགས་ཁྲིམས་རྩོད་པ་ཕར་བཞག ཁྲིམས་ལུགས་ཀྱི་རྨང་གཞིའི་ཤེས་བྱ་ཙམ་ཡང་མི་ཤེས་ལ། མིའི་ཐུན་མོང་གི་མ་མཐའི་ཡོན་ཏན་ཙམ་ཡང་མེད་པས། ཁྲིམས་ཁང་ནང་དུ་བཤད་རྒྱུ་མ་རྙེད། ཁྲིམས་ཁང་གི་ཕྱི་རུ་སྐབས་རེར་སྐྱག་རྫུན་ཚ་སོབ་སོབ་རེ་བཤད། མཚམས་རེར་ཕྱི་མིག་ལྟ་ཞོར་བྲོས་ནས་གསར་འགོད་པའི་ཉེ་སར་བཅར་ཙམ་ཡང་མ་ཐུབ།
    མཐའ་དོན།
    ༡། ཁོ་ཚོ་དང་བློ་སེང་གིས་ལམ་ནོར་ལྡོག་ཤེས་མ་བྱས་པར་ད་དུང་མུ་མཐུད་ནས་སྤྱི་ཚོགས་ཟང་ཟིང་བཟོས་ན། བཀའ་སློབ་ཀྱི་ཚིག་ཐོ་གསང་རྒྱ་ཅན་དེ་ཡང་ཕྱིར་བསྒྲགས་བྱེད་སྲིད་ལ། གཞན་གྱིས་སྐད་ཡིག་སྣ་ཚོགས་ནང་བསྒྱུར་ཏེ་འགྲེམ་སྤེལ་ཡང་བྱེད་སྲིད།
    ༢། བློ་སེང་གིས་སྲིད་སྐྱོང་གི་མཚན་ཐོག་ནས་མི་ལོ་དྲུག་ཅུའི་རིང་རྒྱལ་བ་རིན་པོ་ཆེ་དང་བོད་མི་རྒན་རབས་དག་གིས་འབད་པ་གནང་བའི་འབྲས་བུ་ཡོངས་རྫོགས་རྩ་མེད་དུ་གཏོང་བཞིན་པ་འདི་ལམ་སེང་མཚམས་འཇོག་མ་བྱས་ཚེ། མིས་བཟོད་པ་སྒོམ་ཡང་། ལྷས་བཟོད་པ་སྒོམ་ཐུབ་མིན་མི་ཤེས།
    ༣། བཙན་བྱོལ་གྱི་ལོ་རྒྱུས་ནང་ནག་ཉེས་ཆེ་ཤོས་བློ་སེང་ཡིན་པ་རེད། ཁོས་བླ་མའི་ཐུགས་དཀྲུགས། ཆོས་སྐྱོང་གི་དགོངས་པར་འགལ། ཆོལ་ཁ་གསུམ་རྩ་གཏོར་བཏང་། འཛམ་གླིང་གང་སར་མི་དམངས་ཀྱིས་ངོ་རྒོལ་སྐད་འབོད་བྱས། ད་མཚམས་འཇོག་རན་ཡིན། བྲོས་ནས་ཐར་ས་གང་དུ་ཡོད།
    ཕྱི་ལོ་ ༢༠༡༩ ཟླ་བ་ ༧ ཚེས་ ༢༩ གནས་འཕྲིན་པས་བྲིས།

    Reply
    • བོད་ཀྱིབདག་པོ says:
      ལོ་ 6 སྔོན།

      ཧ་ཧ་ཧ་

      Reply
  18. Shelchung says:
    ལོ་ 6 སྔོན།

    དབུས་རྒྱ་བཅེས་མི་དམང་གཡང་ལ་སྐྱུར་མཁན་གྱི་འདྲེ་མོ་དེ་རྩ་བ་ཉིད་ནས་མཐོང་འདོད་མིན་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese