མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིཊ་སློབ་མ་ཞིག་ལ་རྒྱ་གར་གྱི་ན་གཞོན་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༡༩/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་གཞོན་སྐྱེས་དཀོན་མཆོག་དར་རྒྱས་ལགས་སུ་རྒྱ་གར་རྒྱལ་སྤྱི་དང་རྒྱལ་ཡོངས་གཟེངས་རྟགས་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༡༩ ལོའི་ན་གཞོན་གཟེངས་རྟགས་ཐོབ་འདུགཁ་སང་རྒྱ་གར་རྒྱལ་ས་ལྡི་ལིའི་ནེ་རོ་ཚོགས་ཁང་དུ། རྒྱ་གར་རྒྱལ་སྤྱི་དང་རྒྱལ་ཡོངས་ན་གཞོན་གཟེངས་རྟགས་མཐུན་ཚོགས་ཀྱིས་ (International and National Youth Awardees Federation of India) ཕྱི་ལོ་ ༢༠༡༩ ལོའི་ན་གཞོན་གཟེངས་རྟགས་འབུལ་བའི་མཛད་སྒོ་ཚོགས་ཡོད་པ་དང། འདི་ལོའི་ན་གཞོན་གཟེངས་རྟགས་ཁྲོད་རྒྱ་གར་ནང་ན་གཞོན་གྲངས་ ༥༠ ལྷག་མཉམ་ཞུགས་བྱས་ཡོད་པའི་ཁྲོད་ནས། རྒྱ་གར་རྒྱལ་ས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་དཀོན་མཆོག་དར་རྒྱས་ལགས་སུ་འདི་ལོའི་ན་གཞོན་གཟེངས་རྟགས་ཐོབ་ཡོད་འདུག

འདི་གའི་གསར་འགོད་པས་དཀོན་མཆོག་དར་རྒྱས་ལགས་སུ་གཟེངས་རྟགས་དེ་ག་འདྲ་ཐོབ་པའི་སྐོར་དྲིས་པར་ཁོང་གིས། སྤྱིར་གཟེངས་རྟགས་དེ་རྒྱ་གར་དང་རྒྱལ་སྤྱིའི་ན་གཞོན་དཀའ་ངལ་མང་པོ་མྱོང་མཁན་དང་དམིགས་བསལ་ཆབ་སྲིད་ཐོག་ནས་དཀའ་སྡུག་མྱོང་མཁན་ཚོར་སེམས་ཤུགས་སྤར་ཆེད་འབུལ་བཞིན་ཡོད་པ་དང་། ཐེངས་འདིར་གཟེངས་རྟགས་དེའི་ནང་མཉམ་ཞུགས་བྱེད་མཁན་ ༥༠ ལྷག་ཅིག་ཡོད་པ་ལས། རྒྱ་གར་བ་ན་གཞོན་ཁག་ཅིག་ལ་ཁོ་རང་ཚོའི་ལས་རིགས་ཐད་ནས་གཟེངས་རྟགས་དེ་སྤྲད་ཡོད་པ་དང་། ང་ལ་མཚོན་ན་རྒྱལ་སྤྱིའི་རང་བཞིན་ངོས་ནས་མཉམ་ཞུགས་བྱས་ཡོད་སྟབས་གོ་སྐབས་ཤིག་ཐོབ་ཡོད་པ་དང་། གཞན་གཟེངས་རྟགས་དེ་གནང་དགོས་དོན་གཙོ་བོ་བོད་དོན་དང་འབྲེལ་བའི་གཏམ་བཤད་དང་། མི་སྒེར་གྱི་ལོ་རྒྱུས་ཐད་ནས་སྐྱབས་བཅོལ་བ་ཡིན་སྟབས་ཤེས་ཡོན་དང་འབྲེལ་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་སྐྱོད་མེད་པ་དང་། དེ་བཞིན་བོད་དོན་ལས་འགུལ་ནང་མཉམ་ཞུགས་བྱས་པ་སོགས་ཀྱི་ངོས་ནས་སྤྲད་པ་ཡིན་སྐོར་བརྗོད་བྱུང་།ཡང་ཁོང་ལ་གཟེངས་རྟགས་དེ་ཐོབ་སྐབས་དམིགས་བསལ་སེམས་ཚོར་ག་རེ་བྱུང་སྐོར་དྲིས་པར་ཁོང་གིས། གཟེངས་རྟགས་དེ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ལ། ང་རང་ལ་མཚོན་ན་འདི་ལོར་རྒྱ་གར་གྱི་སློབ་གྲོགས་མང་པོ་ཞིག་གི་རོགས་རམ་འོག མཱལ་དྷེ་ཝི་སི་(Maldives)རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་ན་གཞོན་ཞི་བདེའི་ཚོགས་འདུར་བཅར་ཐུབ་པ་བྱུང་བ་དང་། སྐབས་དེར་མི་སྒེར་གྱི་ལོ་རྒྱུས་ཤིག་འབྲི་དགོས་པ་ལྟར། ང་རང་གིས་བོད་ནང་ཡོད་སྐབས་དང་རྒྱ་གར་ལ་ཡོང་སྐབས་སོགས་སུ་དཀའ་ངལ་འཕྲད་པའི་སྐོར་གྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤིག་བྲིས་པར། ཚོགས་འདུ་གོ་སྒྲིག་པ་ཚོ་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་དང་། སྐབས་དེར་ཚོགས་འདུའི་སྟེང་བོད་དོན་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་སོགས་ཀྱི་སྐོར་ལ་གཏམ་བཤད་བྱེད་རྒྱུ་བྱུང་། གཟེངས་རྟགས་དེ་ཐོབ་པས་སྔར་ལས་བོད་དོན་དང་ཁོར་ཡུག་གནད་དོན། བོད་ཀྱི་རིག་གཞུང་སོགས་ཀྱི་སྐོར་ལ་མུ་མཐུད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཤུགས་སྣོན་རྒྱག་དགོས་བསམ་པའི་སེམས་ཤུགས་ཆེན་པོ་བྱུང་སྐོར་བརྗོད་བྱུང་།མཇུག་ཏུ་ཁོང་གིས། སྤྱིར་ན་ཐེངས་འདིར་གཟེངས་རྟགས་དེ་ང་ལ་ཐོབ་ཡོད་ན་ཡང་། བོད་པའི་སྤྱི་ཚོགས་ནང་ང་ལས་ལྷག་པའི་བོད་དོན་སྐོར་ལ་ལས་ཀ་བྱེད་མཁན་དང་སེམས་ཤུགས་ཅན་མང་པོ་ཡོད་པ་རེད། དེ་བཞིན་བོད་རིགས་ན་གཞོན་ཚོས་རང་གི་མི་ཚེའི་རྒྱབ་ལྗོངས་དང་གནས་སྟངས་ལ་མ་ལྟོས་པར་སེམས་ཤུགས་དང་ཧུར་ཐག་གིས་ལས་ཀ་བྱས་པ་ཡིན་ན་མི་འགྲུབ་པ་གང་ཡང་མེད་པ་དང་། ལྷག་པར་དུ་ན་གཞོན་ཚོར་མཚོན་ན། བོད་དོན་དང་བོད་ཀྱི་རིག་གཞུང་དང་ཁོར་ཡུག་གང་ཐད་ནས་ལས་དོན་གཉེར་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་བྱུང་།

རྒྱ་གར་རྒྱལ་ཡོངས་ན་གཞོན་གཟེངས་རྟགས་ཚོགས་པ་ནི་ཕྱི་ལོ་ ༢༠༡༦ ལོར་བཙུགས་ཡོད་པ་དང་། ཚོགས་པ་དེ་ནི་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་པའི་ཁེ་མེད་ཚོགས་པ་ཞིག་ཡིན་ལ། ཚོགས་པ་དེའི་དམིགས་ཡུལ་རྒྱལ་སྤྱི་དང་རྒྱལ་གར་རྒྱལ་ཡོངས་ཀྱི་ལས་རིགས་སྣ་ཚོགས་ཁྲོད་ཀྱི་གཟེངས་སུ་ཐོན་པའི་ན་གཞོན་ཚོར་སེམས་ཤུགས་སྤར་ཆེད། ན་གཞོན་ཚོའི་ནུས་སྟོབས་དང་ཆེད་ལས་ཡར་རྒྱས་དང་། ན་གཞོན་དེ་དག་བར་འབྲེལ་ལམ་ཡོང་བར་སྡིངས་ཆ་བསྐྲུན་རྒྱུ་དང་། ཁོ་ཚོའི་ཁྱད་འཕགས་ཀྱི་ལས་དོན་ཐད་གཟེངས་རྟགས་འབུལ་རྒྱུ་སོགས་ཀྱི་ཕྱག་ལས་གནང་བཞིན་ཡོད་འདུག

ན་གཞོན་གཟེངས་རྟགས་ཐོབ་མཁན་དཀོན་མཆོག་དར་རྒྱས་ལགས་ནི་བོད་སྨར་ཁམས་ནས་ཡིན་པ་དང་། ཕ་ཡུལ་དུ་འཛིན་རིམ་དགུ་པ་བར་རྒྱ་ནག་སློབ་གྲྭར་སོང་ཡོད་པ་དང་། རྗེས་སུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་དུས་ཡུན་ཐུང་ཙམ་ཞིག་གི་རིང་བོད་ཡིག་དང་དབྱིན་ཡིག་སྟེང་སློབ་གཉེར་བྱས། ཕྱི་ལོ་ ༢༠༠༦ ལོར་རྐང་བ་བརྒྱབས་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་ཡོང་སྟེ། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་འཛིན་གྲྭ་བཅུ་གཉིས་བར་སློབ་སྦྱོང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོ་ནས་རྒྱ་གར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཁོངས་གཏོགས་ཧཱན་སི་རཱ་ཇི(Hansraj College)མཐོ་སློབ་དུ་དབྱིན་ཇིའི་སྐད་ཡིག་ཐོག་ལོ་གསུམ་རིང་རབ་འབྱམས་པའི་སློབ་གཉེར་དང་། དེའི་རྗེས་མུ་མཐུད་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱེད་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 0

  1. Lobsang Wangdu says:
    ལོ་ 7 སྔོན།

    བསྔགས་བརྗོད་མེད། རྒྱུག་ཁྱི་ལ་ཚུད་པ་རེད།?

    Reply
  2. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    བསྔགས་བརྗོད་ཡོད།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese