མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་བཟོད་གསོལ་ཞུས།

བོད་ཀྱི་དུས་བབ།
༢༠༡༩/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་དོན་ཟུར་སྤེན་པ་ཚེ་རིང་སྐུ་ཚབ་དོན་གཅོད་ནས་འཕོ་འགྱུར་དང་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེས་དོན་ཟུར་སྤེན་པ་ཚེ་རིང་ལ་མ་ཉེས་ཁ་གཡོགས་ཤོར་བར་བཟོད་གསོལ་ཞུས་འདུག  

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དབྱིན་བོད་དྲ་རྒྱའི་སྟེང་། བཀའ་ཤག་གིས་ཆེས་ཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་དགོངས་དོན་བཞིན། བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་འཕོ་འགྱུར་དང་། དེའི་རྗེས་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེས་དོན་ཟུར་སྤེན་པ་ཚེ་རིང་ལ་མ་ཉེས་ཁག་གཡོགས་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བར་བཟོད་གསོལ་ཞུ་ཡི་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

བཀའ་ཤག་གིས་བཏང་བའི་གསལ་བསྒྲགས་ནང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་སྤེལ་བའི་བཅད་ཁྲའི་ནང་། “བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་ཡིན་ལ་གོ་ནོར་ཐེབས་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁ་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན།” ཞེས་བརྗོད་བྱ་འདི་རང་བཀོད་དགོས་པའི་བཅད་ཁྲའི་དགོངས་དོན་བཞིན་བཟོད་གསོལ་ཞུ་ཡི་ཡོད། ཅེས་བཀོད་འདུག

གསར་འགོད་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅར་སྟེ་གནད་དོན་དེའི་སྐོར་དྲིས་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཀྱང་བཀའ་ཤག་ཀྱིས་བཅད་ཁྲ་ཉམས་ལེན་ཇི་ཞུས་ཀྱི་ཡིག་ཆ་རྣམས་དེ་གའི་ལས་ཁུངས་ལ་འབྱོར་ཡོད་སྐོར་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩོད་ལན་པ་བཀའ་ཤག་གིས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་མ་ཉེས་ཁག་གཡོགས་བྱས་པའི་བཅད་ཁྲར། བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ནང་འཁོད་པའི་བརྗོད་བྱ་དེ་ཉིད་བཀོད་དེ་དགོངས་གསོལ་ཞུ་དགོས་པའི་བཀའ་ཁྱབ་བཏང་ཡོད་ཀྱང་། བཀའ་ཤག་གིས་དུས་བཀག་ནང་བཅད་ཁྲ་ཉམས་ལེན་དོན་འཁྱོན་བྱས་མེད་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཡང་བསྐྱར་འདི་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༢ ཉིན་རྩོད་ལན་པ་བཀའ་ཤག་གིས་བཅད་ཁྲར་ཉམས་ལེན་བྱས་མེད་པའི་ངོས་འཛིན་ཐོག ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ གོང་ཆེས་མཐོའི་ཁྲིམས་ཁང་གི་བཅད་ཁྲའི་དགོངས་དོན་འཚེམས་ལུས་མེད་པར་ཇི་མ་ཇི་བཞིན་ཉམས་ལེན་ལག་བསྟར་ཟིན་པ་དགོས་རྒྱུའི་བཀའ་ཁྱབ་བཏང་བ་མ་ཟད། གལ་ཏེ་ད་དུང་ཉམས་ལེན་མ་བྱས་ཚེ་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བཀའ་བློན་རྣམ་པས་སྔར་བཤགས་ཕྱིས་འདོམས་མ་བྱས་བར་དུ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱ་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༠ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 0

  1. དོན་འགྲུབ says:
    ལོ་ 6 སྔོན།

    བཀའ་ཤག་ག་རེ་བྱས་ནས་ཕམ་པ་རེད་ང་ཚོས་ཧ་གོ་ཡི་ཡོད།ད་འོ་ན་དངོས་གནས་ནོར་ཡོག་རེད་པས་ཟེར་ན།བརྒྱ་ཆ་༨༧ཐམ་པ་ནོར་ཡོག་མ་རེད་ཚིག་མཚོན་གཅོད་ཐུབ། ད་ཡི་ན་ཆབ་སྲིད་ཟེར་ཡ་དེ་མི་ཡག་པོ་དགོས་ཀྱི་མ་རེད།ཆབ་སྲིད་ཟློས་གར་དར་འཁྲབ་ཤེས་མཁན་གྱི་དགོས་རེད།དེ་འཁྲབ་མཁན་ལ་ཚེ་འདིར་ཕྱི་དང་ལས་རྒྱུ་འབྲས་མི་གཙི་མཁན་དགོས་ལེ་རེད།

    Reply
  2. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་། says:
    ལོ་ 6 སྔོན།

    ཆེ་མཐོས་ཁྲིམས་ཞིབ་ཁང་དང་འབྲེལ་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་པའི་གནད་དོན་འགའ་ཤས་སྙིང་བསྡུས་ཐོག་ཞུ་འདོད་བྱུང་བས་དུས་བབས་ནང་འགོད་ཐབས་ཡོངས་བ་ཞུ་།

    ༡) ཁ་མཆུ་ཨང་ ༨ པའམ་ “སྤྱི་རྒྱུ་སྒེར་བདག་” ཞེས་པ་ཆེ་མཐོས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་ཟིན་ཡང་དོ་བདག་བཀུར་འོས་སྤྱི་འཐུས་ཟླ་བ་ཚེ་རིང་ནས་ངོས་ལེན་མ་བྱས་སྟབས་རྒྱ་གར་ས་གནས་མངའ་སྡའི་ཁྲིམས་ཁང་ལ་གཏུགས་པ་དང་རྒྱ་གར་ཁྲིམས་ཁང་ནས་བཙན་བྱོལ་བོད་མིའི་ཆེ་མཐོའི་ཁྲིམས་ཞིབ་ཁང་གིས་ཐོག་མར་ཐག་གཅོད་གནང་བ་ལྟར་ལག་བལྟར་དགོས་པའི་བཀའ་ཁྱབ་གནང་ནས་ཕལ་ཆེར་མི་ལོ་ ༢༠ ལྷག་ཕྱིན་པ་མ་ཟད་འདི་སྐོར་ལག་བལྟར་དགོས་པའི་འབོད་བསྐུལ་དང་བསམ་ཚུལ་མང་པོ་གྲོས་ཚོགས་སྔ་རྗེས་དང་མང་ཚོགས་བཅས་ནས་འབོད་བསྐུལ་ཐེངས་མང་ཞུས་ཀྱང་ཆེ་མཐོའི་ཁྲིམས་ཞིབ་ཁང་ནས་ད་ལྟ་བར་ལག་་བལྟར་མ་གནང་བར་ཆང་ལྟ་བུ་མྱལ་བཞག་པ་ཐེངས་དང་པོ་།

    ༢) བོད་མི་སྒེར་ཞིག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གམ་གཞུང་ལ་ཁ་མཆུ་གཙུགས་པ་མ་ཟད་བཙན་བྱོལ་སྒྲིག་འཛུགས་དེའི་ཆེ་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ངོས་ལེན་དང་བསྒྲགས་ཁྲིམས་ཞིབ་བྱས་པ་ཐེངས་དང་པོ་།

    ༣) ཁ་མཆུ་ཨང་ ༢༠ ཟེར་བ་དེ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་དང་བརྩོད་ལེན་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཡིན་པ་ཡོངས་གྲགས་ཡིན་པ་མ་ཟད་ བཙན་བྱོལ་བོད་མིའི་མང་གཙོའི་བཅའ་ཁྲིམས་ནང་བོད་མི་སྒེར་ཞིག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་ཁ་མཆུ་གཙུགས་ན་ཆ་རྐྱེན་འདི་དང་འདི་ཞེས་མཁོད་མེད་སྟབས་སྤྱི་དམངས་གཏུགས་བཤེར་ཞེས་པའི་དོན་ཚན་རྣམས་བེད་སྤྱོད་བཏང་སྟེ་ཁ་མཆུ་ཨང་ ༢༠ པ་མཐར་གང་ཟག་མི་གཉིས་ལ་སྦྱར་ནས་ཁྲིམས་བཤེར་བྱས་པ་ཐེངས་དང་པོ་།

    ༤) མཐའ་མའི་ཐག་གཅོད་ལ་ ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་བདེན་པ་ཆ་ཚང་ཡོད་པ་བཟོས་པ་དང་བརྩོ་ལེན་པ་བཙན་བྱལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་དཔང་པོ་མི་སྣ་དང་ཡིག་ཆ་གཅིག་ལ་ཡང་ངོས་ལེན་གནང་མེད་པ་མ་ཟད་བདེན་པ་སྤུ་ཙམ་མེད་པའི་ཐག་གཅོད་དང་ཉེས་ཆད་བསྐལ་བ་ཐེངས་དང་པོ་།

    ༥) ཉེས་ཆད་རྣམས་ཚུལ་བཞིན་དུས་ཐོག་བསྒྲུབ་འཇལ་མ་བྱས་ཚེ་འདེམས་བྱ་འདེམས་བྱེད་ཀྱི་ཁེ་དབང་འཕྲོགས་རྒྱུའི་ཉེན་རྡ་དང་བཀོད་ཁྱབ་གནང་བ་ཐེངས་དང་པོ་།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    བཅའ་ཁྲིམས་ལེའུ་གཉིས་པ་ གཞི་རྩའི་ཐོབ་ཐང་དང་ལས་འགན་ དོན་ཚན་དགུ་པ་ ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཟེར་བའི་ནང་བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་ ཕོ་མོ་དང་རིག་རུས་ སྐད་ཡིག་ ཆོས་ལུགས་ སེར་སྐྱ་ དབུལ་ཕྱུག་ སྐྱེས་ཡུལ་ སྤྱི་་ཚོགས་ཀྱི་འབྱུང་ཁུངས་ གོ་གནས་ གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཆོག་པ་ཡིན་ཅེས་གསལ་ཡོད།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    ཧཧ་རྐྱང་ཤ་འབྲོག་རྗེས་ལ་བོང་བུ་འབྲོག་གལ་ཆེ་བའི་གཏམ་ལ་ནན་གཏན་དགྱིས་ཟེར་ཡང་ཟེར་ལ་བདེེེན་ཡང་བདེན་ཟེར་བ་ལྟར་ཁ་མཆུ་ཨང་ཉི་ཤུ་འཇུག་བསྡུས་ཚར་བ་རེད་ད་ཚང་མས་ཁ་བཙུམ་ནས་སོ་སོའི་འཚོ་བ་བསྐྱལ་ན་ཡག་ལེ་རེད་དོ།

    Reply
  5. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 6 སྔོན།

    བཙན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་༧གོང་ས་མཆོག་བཀའ་དགོངས་ལྟར་འཕྲལ་ཕུགས་རྒྱང་གསུམ་དང་ཞི་འཇམ་ལྷིངས་འཇགས་ ཆིག་རྒྲིལ་མཆམ་མཐུན་བཅས་དགོངས་པ་གཏིང་ཟབ་བཞེས་ནས་བཟོད་གསོལ་ཞུས་པར་ཡག་པོ་ཞེ་དྲག་བྱུང་འདུག་།
    རྩ་བའི་བོད་མི་སྒེར་ཞིག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གམ་གཞུང་ལ་ཁ་མཆུ་འཛུགས་རྒྱུའི་དབང་ཆ་དང་ཆ་རྐྱེན་བཅའ་ཁྲིམས་དོན་ཚན་གང་ནང་ལ་བཀོད་ཡོད་མེད་དྲི་བ་ཡོད་། མི་སྒེར་དང་ཚོགས་པ་སོགས་ཁ་མཆུ་ཐུགས་ན་དེ་འདྲའི་དབང་ཆ་དང་ཆ་རྐྱེན་ཡོད་ངེས་རེད་། འོན་ཀྱང་གཞུང་ཞིག་ཆ་ཚང་ཁྲིམས་ལ་སྦྱར་རྒྱུ་དང་གཞུང་དེའི་ཁྲིམས་ཞིབ་ཁང་ནས་གཞུང་ཧྲིལ་པོ་བདེན་པ་སྤུ་ཙམ་མེད་པ་ཐག་གཅོད་བྱས་པ་འཛམ་གླིང་གང་ལ་ཡང་དར་རྒྱུ་ཕར་བཞག་བསམ་བློའི་ནང་ལ་འཁོར་མི་སྲིད་པའི་གནང་སྟངས་མ་རེད་དམ་།

    Reply
  6. abcd xyz says:
    ལོ་ 6 སྔོན།

    ད་ལན་བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དབྱིན་བོད་དྲ་རྒྱའི་སྟེང་བཀའ་ཤག་གིས་དོན་ཟུར་སྤེན་པ་ཚེ་རིང་སྐུ་ཚབ་དོན་གཅོད་ནས་འཕོ་འགྱུར་དང་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེས་དོན་ཟུར་སྤེན་པ་ཚེ་རིང་ལ་མ་ཉེས་ཁ་གཡོགས་ཤོར་བར་བཟོད་གསོལ་ཞུས་འདུག་པར་དཔེ་མ་སྲིད་དགའ་པོ་བྱུང་། ཕྲན་བུའི་དུས་འགྱངས་སོང་ཡང་མཐའ་མ་བཟོད་གསོལ་ཞུས་འདུག་པ་སྔགས་བརྗོད་ཞུ། ཡིན་ཡང་རྒྱལ་ཁ་ཐོབ་མཁན་གྱི་དོ་བདག་དང་ཁོང་རང་གི་ཕྱོགས་རྟོགས་རྣམ་པས་རྒྱལ་ཁ་ཐོབ་པ་དེ་རྒྱུ་མཚན་དུ་བྱས་ནས་ཡར་མར་ལབ་སླེང་མང་པོ་མ་གནང་བར་སྤྱི་ལ་བསམ་བློ་གཏང་ནས་དགོངས་པ་བཞེས་རོགས་གནང་། རྒྱལ་ཁ་ཐོབ་སོང་བསམ་ནས་ཁེངས་དྲེགས་ཀྱིས་མང་པོ་ལབ་དྲགས་ན་རྒྱལ་ཁའི་ཚབ་ཏུ་སོ་སོར་ནག་ཉེས་ཆེན་པོ་ཞིག་ཡོད་པའི་སྣང་ཚུལ་ཡོང་མ་སྲིད་པ་མེད་པས་དེ་ལྟར་ཆོག་ཤེས་ཀྱིས་ད་ནས་བཟུང་བོད་སྤྱི་པའི་ཐོག་ལ་ཐུགས་བསམ་བཞེས་རོགས་ཞུ།

    Reply
  7. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    མང་གཙོ་དང་ཁྲིམས་ཀྱི་དབང་རྒྱུར་ཟེར་ན་དེ་རེད་ལ་ད་ནས་བཙན་བྱོལ་སྤྱི་ཚོགས་ནམ་མཁའ་གཡའ་དག་དང་ས་གཞི་སྡུལ་དག་ཆགས་ནས་ཚང་མས་བོད་དོན་བདེན་མཐའ་སེལ་ཐབས་ལ་ཤུགས་རྒྱབ་རོགས་ཐུགས་རྗེའི་གཟིགས།

    Reply
  8. ཨ་འབར་་་འཇིགས་དབང། says:
    ལོ་ 6 སྔོན།

    བཀའ་ཤག་ནས་ཁྲིམས་ཀྱི་བཅད་ཁྲར་ངོ་ཤེས་གནང་བ་ཡག་བྱུང།
    སྐྱོན་དང་ནོར་འཁྲུལ་ཟེར་བ་དེ་ཡོང་གི་རེད། སྐྱོན་ནོར་མེད་ན་་་ཡག་པོ་གང་ནས་ཡོང།
    སངས་རྒྱས་ལའང་ནོར་འཁྲུལ་སྟོན་མཁན་ཡོང་གི་ཡོད།
    སངས་རྒྱས་སར་་་བདུད་ཀྱང་མང་ཞེས་པ་ལྟར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese