མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ནས་ཀང་ར་རྫོང་ཁོངས་སུ་ཕྱོགས་ཡོངས་ནས་བཀག་སྡོམ་ལག་བསྟར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་བློ་བཟང་སེང་གེ་ཆོག་ནས་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་སྤྱི་ཚོགས་དྲ་ལམ་ནང་གནས་ཚུལ་རྫུན་མ་མང་པོ་བརྒྱུད་སྤེལ་བྱེད་བཞིན་ཡོད་པས་མང་ཚོགས་ནས་དེ་ལ་ལྟ་ཉན་མང་པོ་མ་བྱས་ན་ལེགས་པའི་འབོད་སྐུལ་གནང་སོང་།  ཁ་སང་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་པ་ཁྱོན་ ༣༩༠ ལ་འཕར་ཡོད་པ་མ་ཟད། མི་གྲངས་ ༧ རྐྱེན་འདས་སུ་སོང་བ་དང་བསྟུན། སྤྱི་ཚོགས་དང་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཏུ་མི་འགྲོ་བའི ཆེད་དུ་རྒྱ་གར་གྱི་མངའ་སྡེ་དང་ཐད་སྐྱོང་ཁུལ་ ༢༠ ཡི་རྫོང་ཁག་ ༧༤ ཡིས། གནད་འགག་མ་ཡིན་པའི་སྤྱི་དམངས་ཀྱི་འགྲིམ་འགྲུལ་དང་། ཟས་རིགས་མ་ཡིན་པའི་ཚོང་དོན་རིགས་ཡོད་ཚད་སྒོ་བརྒྱབ་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཆགས་སའི་ཀང་ར་རྫོང་ཡོངས་ཀྱི་ནང་དུས་ཡུན་ངེས་མེད་བར་དུ་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་བཞིན་འདུག

ཁ་སང་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལས་ཁུངས་ཀྱིས་བཀའ་ཁྱབ་ཅིག་བཏང་བའི་ནང་། ཧི་མ་ཅལ་མངའ་སྡེའི་ནང་ཕྱིའི་རྒྱལ་ཁབ་དང་མངའ་སྡེ་གཞན་གྱི་མི་ཕོན་ཆེན་འདུས་ཡོད་པའི་གནས་སྟངས་དང་། ལྷག་པར་དུ་ཀང་ར་རྫོང་ཁོངས་སུ་ཏོག་དབྱིབས་ནད་པ་ཐོན་ཡོད་པ་དེར། འཕྲལ་མར་སྔོན་འགོག་གི་ཐབས་བྱུས་ལག་བསྟར་བྱེད་གལ་ཆེ་བས། ཧི་མ་ཅལ་གཞུང་གིས་མངའ་སྡེའི་ནད་ཡམས་འགོག་རྒོལ་ཁྲིམས་ཡིག་གཞིར་བཟུང་། འཕྲལ་དུ་ཀང་ར་རྫོང་ཁོངས་དེ་ཉིད་དུས་ཡུན་ངེས་མེད་བར་སྒོ་བརྒྱབ་རྒྱུ་ཡིན། ཞེས་དང་། མངའ་སྡེ་ཕན་ཚུན་བར་དང་ནང་ཁུལ་གྱི་གཞུང་སྒེར་གྱི་གླ་འཁོར་ཚུད་པའི་མེ་འཁོར་དང་། ཚོང་དོན་མཁའ་འགྲུལ་ཞབས་ཞུ་རིགས་ཆ་ཚང་སྒོ་བརྒྱབ་དགོས། འོན་ཀྱང་སྨན་ཁང་ལ་བསྟེན་གཏུག་དང་ཛ་དྲག་གི་ཞབས་ཞུ་ཆེད་སྒེར་གྱི་མོ་ཊ་རིགས་བཀོལ་ཆོག་ཅེས་དང་།  དེ་བཞིན་འོ་མ་སོགས་ཟས་རིགས་འཚོང་མཁན་གྱི་ཚོང་ཁང་དང་། སྨན་ཁང་གིས་མཚོན་པའི་སྨན་བཅོས་ཀྱི་སྡེ་ཁག གཞན་ཡང་རླངས་འཁོར་གྱི་སྣུམ་ཁང་། དྲ་ཐོག་བཟའ་ཆས་མངག་ཉོ་བྱེད་ས། རྒྱུན་མཐུད་ཐོན་སྐྱེད་བྱ་དགོས་པའི་བཟོ་སྐྲུན་ཁང་། དུག་སེལ་སྨན་ཆུའི་ནང་བཀོལ་སྤྱོད་བྱེད་པའི་ཨ་རག་བཟོ་མཁན་གྱི་བཟོ་གྲྭ་དང་། ཅ་དངོས་གལ་ཆེན་རིགས་བཟོ་སྐྲུན་བྱེད་མཁན་གྱི་བཟོ་གྲྭ་བཅས་ཕུད་པའི་ཚོང་ཁང་དང་བཟོ་གྲྭ། སྡེ་ཁག་ཚང་མ་སྒོ་བརྒྱབ་དགོས་སྐོར་བཀའ་གནང་འདུག

ཡང་བཀའ་ཁྱབ་དེའི་ནང་། ཟླ་འདིའི་ཕྱི་ཚེས་ ༩ དང་དེའི་རྗེས་ཕྱི་རྒྱལ་ནས་རྒྱ་གར་ལ་ཕྱིར་ལོག་བྱས་པའི་མི་ཚང་མ་རང་གི་སྡོད་གནས་སུ་ཟུར་བཀག་འོག་སྡོད་དགོས་པ་མ་ཟད། རང་ཁོངས་རྫོང་ཁག་གི་དོགས་ཟོན་མྱུལ་ཞིབ་ལས་ཁུངས་ལ་སྙན་སེང་ཞུ་དགོས། དེ་བཞིན་ཉེན་རྟོག་ཁང་ལ་སོགས་པའི་གནད་འགག་གི་ལས་ཁུངས་ཁག་མུ་མཐུད་སྒོ་འབྱེད་རྒྱུ་དང་། གནས་སྟངས་གང་གི་ཐོག་ལའང་རྫོང་ཁོངས་ནང་ཚོགས་སྡེ་དང་རྩེད་རིགས། རིག་གཞུང་། ཆབ་སྲིད་སོགས་ཀྱི་འདུ་འཛོམས་རིགས་གཅིག་ཀྱང་བྱེད་མི་ཆོག་སྐོར་གྱི་བཀའ་ཁྱབ་བཏང་འདུགདེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀང་ར་རྫོང་ཁོངས་སྒོ་བརྒྱབ་པའི་བཀའ་ཁྱབ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་དེ་བསྟུན་ཐག་གཅོད་དང་ལམ་སྟོན་ཁག་ཅིག་གནང་ཡོད་པའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཁྱབ་པའི་ནད་ཡམས་འདི་འཛམ་གླིང་ཡོངས་ལ་ཁྱབ་རྗེས་ཛ་དྲག་པོ་ཆགས་ཡོད། དམིགས་བསལ་རྒྱ་གར་ནང་རྒྱ་གར་གཞུང་ནས་དོགས་ཟོན་དང་སྦྲགས། སྔོན་འགོག་ཐོག་ནས་ག་རེ་གནང་དགོས་མིན་ལམ་སྟོན་མང་པོ་གནང་ཡོད་སྟབས། དེ་དག་ལག་བསྟར་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། དེར་བརྟེར། དེ་རིང་གཟའ་ཟླ་བ་ནས་བཟུང་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནང་དུ་ཡིན་ན་ཡང་། ལས་བྱེད་བརྒྱ་ཆ་ ༥༠ ལས་ཉུང་བ་ཡོང་ནས་རེས་མོས་བྱས་ཏེ་ལས་ཀ་བྱེད་ན་ཞེས་ལམ་སྟོན་ཞུས་ཡོད། ཅེས་དང་། ཡང་རང་ཉིད་ལ་གློག་ཀླད་ཡོད་མཁན་དང་། ནང་ནས་ཕྱག་ལས་གནང་ཐུབ་མཁན་ཚོ་རང་ཁྱིམ་ནས་ཕྱག་ལས་གནང་རྒྱུ་མགོ་འཛུགས་རྒྱུ་ཡིན། ཉིན་གཉིས་ནང་ལ་ཕྱག་ལས་གནང་བ་དང། དེ་ནས་ཉིན་གསུམ་པ་དེར་ལས་ཁུངས་ལ་བཅར་ཏེ་རང་གི་ལས་དོན་དང་འབྲེལ་ནས་སྙན་གསེང་ཞུ་རྒྱུ་དང་ལམ་སྟོན་ཞུ་རྒྱུ་བྱས་ཡོད། ཅེས་གསུངས་སོང་།

མང་ཚོགས་ངོས་ནས་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་དབུས་དང་མངའ་སྡེ། ས་གནས་ཀྱི་བཀའ་ཁྱབ་ལ་ངེས་པར་དུ་ཉན་འཇོག་བྱེད་དགོས་པའི་སྐོར་ལ་ཁོང་གིས། མང་ཚོགས་སུ་འདྲ་ཞིག་ཡིན་རུང་རང་ཉིད་ལ་ནད་འགོ་མི་སྲིད་བསམ་པ་གཅིག་དང་། ང་ལ་ཁྱད་པར་མེད་ཅེས་པའི་བསམ་ཚུལ་དེ་དོར་དགོས་པ་དང་། ཚང་མས་ལྷོད་གཡེང་བྱེད་མི་ཉན་པ། གལ་ཏེ་བོད་མི་གཅིག་ལ་ནད་ཡམས་དེ་བྱུང་ཚེ། བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཙམ་དུ་མ་ཟད། མི་རིགས་བར་ལ་ཡང་བརྡབ་གསིག་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་སོང་།

ཡང་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་སྲིད་སྐྱོང་མཆོག་གིས། ད་ལྟའི་ཆར་བོད་མི་ཟུར་བཀག་བྱས་པ་གཅིག་ཀྱང་མེད་པ་དང་། ཕྱི་རྒྱལ་ནས་ཡོང་བའི་བོད་མི་སུ་འདྲ་ཞིག་ཡིན་རུང་རང་གནས་སུ་འབྱོར་བ་མ་ཐག་རང་ཁོངས་ཀྱི་རྫོང་ཁག་གི་ལས་ཁུངས་ལ་དེབ་འགོད་བྱེད་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་ཉེས་ཁྲིམས་ཕོག་སྲིད་སྐོར་དང་། དྷ་སར་གནས་སྡོད་བོད་མི་སུ་རུང་ལ་ཚ་བ་རྒྱས་པ་དང་གློ་རྒྱག་པ། མིད་པ་ཚ་བ་སོགས་ནད་རྟགས་ཐོན་ཚེ། འཕྲལ་མར་བདེ་ལེགས་སྨན་ཁང་ལ་བསྟེན་གཏུག་བྱེད་དགོས་པ་དང་། ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་སྤྱི་ཚོགས་དྲ་ལམ་ནང་གནས་ཚུལ་རྫུན་མ་སོགས་མང་པོ་བརྒྱུད་སྤེལ་བྱེད་བཞིན་ཡོད་པས། མང་ཚོགས་ངོས་ནས་དེར་མང་པོ་ལྟ་མི་ཉན་པའི་འབོད་སྐུལ་གནང་སོང་།  རྒྱ་གར་རྒྱལ་ཡོངས་ཀྱི་གནས་སྟངས་དང་། ལྷག་པར་དུ་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཀང་ར་རྫོང་ཁོངས་ཀྱི་ས་ཁུལ་གཉིས་ནས་ཏོག་དབྱིབས་ནད་པ་གཉིས་ཐོན་པ་དང་བསྟུན། དྷ་ས་སྟོད་སྨད་ཀྱི་རྒྱ་གར་ཡུལ་མིའི་ཚོང་ཁང་དང་མགྲོན་ཁང་ཙམ་དུ་མ་ཟད། བཙན་བྱོལ་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་ཀྱང་ལས་ཁུངས་རྣམས་རིམ་གྱིས་སྒོ་བརྒྱབ་སྟེ་རང་ཁྱིམ་ནས་ལས་ཀ་མགོ་འཛུགས་བྱེད་ཀྱི་འདུགརྒྱ་གར་དབུས་སའི་གཞུང་ནས་ནད་ཡམས་སྔོན་འགོག་གི་ཛ་དྲག་བྱ་འགུལ་ཤུགས་ཆེར་སྤེལ་བཞིན་པ་དང་བསྟུན། དབུས་གཞུང་ནས་མངའ་སྡེ་དང་ས་གནས་སྲིད་གཞུང་ཁག་ལ། རྫོང་ཁག་སྒོ་བརྒྱབ་ལ་སོགས་པའི་ཁྲིམས་སྒྲིག་ཁག་རྡོག་རོལ་གཏོང་མཁན་རྣམས་ལ་ཉེས་ཆད་ཚ་ནན་གཏོང་དགོས་པའི་བཀའ་ཁྱབ་བཏང་བ་ལྟ། ཁྲིམས་སྒྲིག་ལ་གཏོར་སྐྱོན་གཏོང་མཁན་ཚོར་ཟླ་ ༦ གམ་ཧིན་སྒོར་སྟོང་གཅིག་གི་ཉེས་ཆད་ཕོག་སྲིད་པ་ཞིག་ཡིན་འདུག དེ་བཞིན་རྫོང་འགའ་ཤས་ཀྱིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་སྤྱི་ཚོགས་དྲ་ལམ་སོགས་ནང་གནས་ཚུལ་རྫུན་སྒྲོག་བྱེད་མཁན་ཚོར་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་འདུག

རྒྱ་གར་གྱི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གི་གྲངས་ཐོ་ལྟར་ན།   དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ བར་རྒྱ་གར་རྒྱལ་ཡོངས་ནང་ཁྱོན་ཏོག་དབྱིབས་ནད་པ་ ༣༩༠ ཐོན་ཡོད་ཅིང་། དེ་དག་ཁྲོད་ནས་ནད་པ་ ༧ འདས་གྲོངས་སུ་ཕྱིན་ཡོད་འདུག  འཛམ་གླིང་ཁྱོན་ཡོངས་དང་ལྷག་པར་དུ་ཨི་ཊ་ལི་དང་ཨ་རིས་མཚོན་པའི་ནུབ་གླིང་རྒྱལ་ཁབ་ཀྱི་གནས་སྟངས་དང་བསྡུར་ན། རྒྱ་གར་ད་དུང་དེ་ཙམ་ཛ་དྲག་མིན་མོད། ཁ་སང་གཅིག་པུར་ཏོག་དབྱིབས་ནད་པ་ ༦༠ ལྷག་འཕར་ཡོད་པ་དང་། རྒྱལ་ཁབ་ཕྱི་ནས་མ་ཡོང་བ་ཡིན་ནའང་ནང་ཁུལ་དུ་འགོས་ཁྱབ་འགྲོ་རྒྱུར་ཉེན་ཁ་ཆེ་བས་དབུས་གཞུང་གིས་བཀག་སྡོམ་གྱི་ཐབས་ལམ་ལག་བསྟར་མ་གནང་ཀ་མེད་ཆགས་ཡོད་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཤེས་རྟོགས་བྱུང་བའི་ཀང་ར་རྫོང་གི་མི་གཉིས་དེས་ཉིན་གྲངས་གཉིས་རིང་མི་གྲངས་ ༥༠ ལྷག་ལ་འབྲེལ་འདྲིས་བྱས་ཡོད་པ་མ་ཟད། རྫོང་ལས་ཁུངས་ཀྱི་ལམ་སྟོན་གཞིར་བཟུང་རང་ཁྱིམ་དུ་ཟུར་བཀག་དོ་ནན་བྱས་མེད་པར་བརྟེན། ཁྲིམས་ཁང་ནས་ཉེས་དོན་ཐོ་འགོད་བྱས་ཡོད་འདུག

ཇོན་སི་ཧོབ་སི་ཀིན་གཙུག་ལག་སློབ་གྲྭའི་ཏོག་དབྱིབས་ནད་ཡམས་ཞིབ་འཇུག་ལྟེ་གནས་ (Johns Hopkins Coronavirus Resource Center) ཀྱི་གྲངས་ཐོ་ལྟར་ན། ད་ལྟའི་ཆར་རྒྱ་ནག་ནང་ཏོག་དབྱིབས་ནད་པ་ ༨༡,༤༥༤ དང་། ཨི་ཊ་ལིའི་ནང་ནད་པ་ ༥༩,༡༣༨། ཨ་རིའི་ནང་ནད་པ་ ༣༥,༢༢༤ སོགས་འཛམ་གླིང་ཁྱོན་ཡོངས་ནང་ཏོག་དབྱིབས་ནད་པ་ཁྱོན་ ༣,༤༡,༧༢༢ (འབུམ་གསུམ་དང་ཕྱེད་ཀ) ཐོན་ཡོད་པའི་ཁྲོད་ནས་མི་གྲངས་ ༡༤༧༥༩ རྐྱེན་འདས་སུ་ཕྱིན་ཡོད་ཅིང་། ནད་པ་ ༩༨༨༦༦ དྲག་སྐྱེད་བྱུང་ཡོད་འདུག རྐྱེན་འདས་སུ་སོང་བའི་ཁྲོད་ནས་མང་ཤོས་དེ་ཨི་ཊ་ལི་ལ་ ༥༤༧༦ དང་། རྒྱ་ནག་ལ་༣༡༥༤། སི་པན་ལ་༡༨༡༣། ཨི་རཱན་ལ་ ༡༦༨༥ བཅས་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese