མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཊོམ་ཕུ་མཆོག་ནས་ཐའེ་ཝན་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན།

བོད་ཀྱི་དུས་བབ།
༢༠༢༠/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༦ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཐའེ་ཝན་གྱི་མནའ་འབྲེལ་སྲུང་སྐྱོབ་དང་ཕྱི་འབྲེལ་གོང་སྤེལ་གཏོང་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཡོད་པར་བརྟེན་ཐའེ་ཝན་གཞུང་ནས་རང་དབང་དམངས་གཙོ་དར་སྤེལ་གཏོང་བར་མུ་མཐུད་མཉམ་འབྲེལ་བྱ་རྒྱུ་ཡིན་སྐོར་བརྗོད་འདུགཁྲིམས་འཆར་དེར་སྲིད་འཛིན་ཊོམ་ཕུ་མཆོག་ནས་མཚན་རྟགས་བསྐྱོན་རྗེས། ཨ་རིའི་གྲོས་ཚོགས་གོང་མའི་ནང་ཐའེ་ཝན་དང་འབྲེལ་བའི་ཁྲིམས་འཆར་དེ་ངོ་སྤྲོད་གནང་མཁན་གྲོས་ཚོགས་འཐུས་མི་ཁོ་རི་གྷར་ཌི་ནར་ (Cory Gardner) ལགས་ཀྱིས། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཨ་རི་གཞུང་གིས་ཐའེ་ཝན་གྱི་ལངས་ཕྱོགས་ལ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱེད་དགོས་པ་དང་། ཨ་རིའི་ཁྲིམས་ཀྱི་དགོངས་དོན་འོག་ཐའེ་ཝན་དང་ཐའེ་ཝན་མི་མང་གི་ཚབ་ཞུས་ཏེ་མུ་མཐུད་ཞུ་རྩོད་བྱེད་ཀྱི་ཡིན་སྐོར། དེ་བཞིན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཐའེ་ཝན་གྱིས་ཞབས་འདེགས་སྔར་ལྷག་བསྒྲུབ་ཆེད་ཐབས་ཤེས་གཞན་འཚོལ་ཐབས་བྱེད་ཀྱི་ཡིན་སྐོར་སོགས་བརྗོད་ཡོད་འདུག

དེ་བཞིན་གྲོས་འོག་མའི་ནང་ངོ་སྤྲོད་གནང་མཁན་གྲོས་ཚོགས་འཐུས་མི་ཇོན་ཁར་ཊའི་སི་ (John Curtis) ལགས་ཀྱིས། གྲོས་འཆར་ནང་རྒྱལ་ཁབ་གང་ཞིག་གིས་ཐའེ་ཝན་ལ་སྣང་ཆུང་བྱས་ཏེ་ཚབས་ཆེན་གྱི་བྱ་འགུལ་བརྩམས་ཚེ་ཨ་རིའི་ངོས་ནས་རྒྱལ་ཁབ་དེའི་དཔལ་འབྱོར་དང་བདེ་སྲུང་། ཕྱི་སྲིད་བཅས་ཀྱི་ཐོག་ནས་བརྡ་ལན་སྤྲོད་དགོས་པ་འཁོད་ཡོད་པ་རེད། དེ་ནི་ང་ཚོས་བཅར་འདྲི་ཞིག་གི་སྐབས་བཤད་པ་ཁོ་ན་མིན་པར་དངོས་སུ་ཨ་རིའི་ཁྲིམས་ལ་གཏན་འབེབ་བྱས་ཡོད་པས་ཨ་རིའི་ངོས་ནས་བརྡ་ལན་ཤུགས་ཆེན་ཞིག་གཏོང་གི་ཡོད་པ་རེད། ཅེས་ཁྲིམས་འཆར་དེ་ནི་ཨ་རིའི་ཐའེ་ཝན་ལ་རྒྱབ་སྐྱོར་མཚོན་བྱེད་ཆེན་པོ་ཞིག་ཡིན་པ་བརྗོད་འདུག

དེ་རིང་ཕྱི་ཚེས་ ༢༧ ཉིན་ཐའེ་ཝན་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་སྲིད་འཛིན་མཆོག་ནས་ཐའེ་ཝན་དང་འབྲེལ་བའི་རྒྱབ་སྐྱོར་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་གནང་བར་ཐུགས་རྗེ་ཆེ་ཞུས་འདུག་ལ། ཐའེ་ཝན་ཕྱོགས་ནས་ཨ་རི་དང་མཉམ་དུ་དམངས་གཙོ་དང་རང་དབང་དར་སྤེལ་ཐད་མུ་མཐུད་མཉམ་འབྲེལ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཐའེ་ཝན་གྱི་མནའ་འབྲེལ་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པར་བརྟེན། ཨ་རི་གཞུང་གིས་དེར་གདོང་ལེན་དང་ཐའེ་ཝན་ལ་རྒྱབ་སྐྱོར་བྱ་ཆེད་གྲོས་གཞི་བཏོན་པ་ཞིག་ཡིན་པ་དང་། གྲོས་ཆོད་ནང་ཨ་རིའི་གཞུང་གིས་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་ཁག་དང་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་ཁག་ལ་ཐའེ་ཝན་གཞུང་གིས་ཕྱི་སྲིད་འབྲེལ་བ་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཐའེ་ཝན་གྱི་བདེ་སྲུང་དང་འཕེལ་རྒྱས་ལ་སྣང་ཆུང་བྱས་ཏེ་ཚབས་ཆེན་གྱི་བྱ་འགུལ་བརྩམ་ཚེ་ཨ་རིའི་ངོས་ནས་རྒྱལ་ཁབ་དེའི་དཔལ་འབྱོར་དང་བདེ་སྲུང་། ཕྱི་སྲིད་བཅས་ཀྱི་ཐོག་ནས་བརྡ་ལན་སྤྲོད་པ། དེ་བཞིན་གྲོས་གཞི་དེ་གཏན་ལ་ཕབ་ཉིན་ནས་ལོ་ལྔའི་རིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལགས་ནས་ལོ་རེར་ཐའེ་ཝན་གྱི་ཕྱི་འབྲེལ་གྱི་གནད་དོན་ཐོག་ཨ་རིའི་གྲོས་ཚོགས་ནང་སྙན་ཐོ་འབུལ་དགོས་པ་སོགས་བཀོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་ཐའེ་ཝན་ནང་ལྕམ་ཚའེ་ཡེན་ཝིན་མཆོག་གིས་སྲིད་འཛིན་གྱི་ལས་ཁུར་ཞུས་པ་ནས་བཟུང་། པ་ན་མ་ (Panama) དང་ཨེལ་སལ་ཝོ་ཌོར་ (El Salvador) ། སོ་ལོ་མོན་ (Solomon Islands) སོགས་གླིང་ཕྲན་རྒྱལ་ཁབ་ ༧ གྱིས་རིམ་པ་བཞིན་ཕྱི་འབྲེལ་སྲིད་བྱུས་རྒྱ་ནག་ལ་ཁ་ཕྱོགས་བསྒྱུར་ཡོད་སྟབས། ཐའེ་ཝན་གྱིས་ཡུན་རིང་ཕྱི་འབྲེལ་སྲིད་བྱུས་དམ་པོ་ཡོད་པའི་རྒྱལ་ཁབ་ཁག་ཅིག་རྒྱ་ནག་ཕྱོགས་སུ་ཤོར་ཡོད་ལ། ད་ལྟ་ཐའེ་ཝན་གླིང་ཕྲན་དང་ཕྱི་འབྲེལ་ཡོད་མཁན་རྒྱལ་ཁབ་ ༡༥ ལས་ལྷག་མེད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༦ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese