མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ནད་ཡམས་ཀྱིས་དམར་ཤོག་ཚོགས་པར་ནང་འཁྲུག་བསླངས་བ།

བོད་ཀྱི་དུས་བབ།
༢༠༢༠/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

 རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་སྟངས་འཛིན་དང་འབྲེལ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོའི་བར་དབང་ཆ་འཐབ་རྩོད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་པེ་ཅིན་གྱི་ས་ཁང་ཚོང་བསྒྱུར་བ་རིན་ཀྲི་ཆིང་ (Ren Zhiqiang)གིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་པོད་འཕྲིན་སྟེང་། ཞི་ཅིན་ཕིན་ནི་དབང་ཆ་ལ་རྔམ་མཁན་ཞིག་ཡིན་པ་དང་། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་བྱུང་སྐབས་དམར་ཤོག་ཚོགས་པས་སྨྲ་བརྗོད་རང་དབང་ཚོད་འཛིན་བྱས་པ་ལ་བརྟེན་ཁྱབ་བརྡལ་ཤུགས་ཆེ་རུ་ཕྱིན་ཏེ། ད་ལྟ་འཛམ་གླིང་ཡོངས་ཛ་དྲག་ཅན་ཏུ་བསྒྱུར་པ་སོགས་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱས་པའི་རྩོམ་ཡིག་ཅིག་བྲིས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྩོམ་ཡིག་དེ་དྲ་ཐོག་ནས་ནག་བསུབ་བཏང་ཡོད་པ་རེད།

ཁོང་གི་གྲོགས་པོ་ཚོས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་ཕྱི་ནང་གཉིས་ཀྱི་དམངས་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ། ལས་འགུལ་བ་སོགས་ཀྱིས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པ་དང་། དེར་མཐུད་ཞི་ཅིན་ཕིན་གྱིས་རྒྱ་ནག་གཞུང་འཛིན་ནང་བཅོས་བསྒྱུར་བྱེད་དགོས་པའི་ཞུ་ཡིག་ཅིག་ལ་རྒྱ་ནག་གི་ཚོང་གཉེར་བ་དང་རྒས་ཡོལ་ཞུས་པའི་མཐོ་རིམ་དཔོན་རིགས་ཁག་ཅིག་གིས་མིང་རྟགས་བཀོད་དེ་རྒྱབ་སྐྱོར་བྱས་ཡོད་པ་དང་། ཡི་གེ་དེ་ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་དྲ་ཐོག་ཏུ་བརྒྱུད་བསྐུར་ཤུགས་ཆེན་བྱུང་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་རིགས་ཕྱུག་བདག་ཁྲིན་ཕིན (Chen Ping) གྱིས་སྒེར་གྱི་སྐད་འཕྲིན་ནང་མིང་བཀོད་མེད་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་ནག་གཞུང་ནི་ཁྲིམས་མེད་ལུགས་མེད་ཡིན་པ་དང་། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་མེད་པ། ཐའེ་ཝན་དང་ཧོང་ཀོང་ནང་གཉའ་གནོན་གྱི་སྲིད་བྱུས་འཛིན་པ་ལ་བརྟེན། མི་མང་རྣམས་ད་ལྟའི་དམར་ཤོག་ཚོགས་པར་འདོད་བློ་ཁེངས་ཀྱི་མེད་སྐོར་དང་། ཆེས་མཐོའི་དཔོན་རིིགས་ཀྱི་ཚོགས་འདུ་ཞིག་བསྡུས་ཏེ་ཞི་ཅིན་ཕིན་གྱིས་མུ་མཐུད་རྒྱ་ནག་གི་སྲིད་འཛིན་བྱས་ཚེ་འོས་མིན་ཐད་གྲོས་མོལ་བྱེད་དགོས་སྐོར་སོགས་བྲིས་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གི་ལས་འགུལ་བ་ཡས་ཅན་ཕེའོ་ཁྲིན་(Yijian Piaochen) གྱིས་ཊུ་ཝེ་ཊར་སྤྱི་ཚོགས་དྲ་ལམ་ཐོག་དགོས་འདུན་དོན་ཚན་  ༩ ཅན་གྱི་ཞུ་ཡིག་ཞིག་སྤེལ་ཡོད་པའི་ནང་། རྒྱ་ནག་གཞུང་ལ་བཅོས་བསྒྱུར་གཏོང་དགོས་པ་དང་། འོས་བསྡུའི་ལམ་ལུགས་དགོས་པ་དང་། སྒེར་གཉེར་ཚོང་ལས་ལ་གཞུང་གཉེར་ཚོང་ལས་ལྟར་གཅིག་མཚུངས་ཀྱི་ཁེ་དབང་དགོས་པ་དང་། ཚོང་གཉེར་བའི་རྒྱུ་དངོས་ལ་སྲུང་སྐྱོབ་དགོས་པ་དང་། ཏོག་དབྱིབས་ནད་ཡམས་ཀྱི་གནོད་སྐྱོན་ཐེབས་པ་ལ་རོགས་དངུལ་དགོས་པ་དང་། ཝུ་ཧན་དང་རྒྱལ་ཡོངས་འཕྲོད་བསྟེན་ཚན་པའི་ལས་བྱེད་ལ་རིམས་ནད་སྐབས་ལས་འགན་སྒྲུབ་རྒྱུར་བསྐུལ་བ་དང་། ཝུ་ཧན་ནང་རིམས་ནད་ཁྲོད་རྐྱེན་འདས་སུ་ཕྱིན་པའི་སྨན་པ་ལི་ཝིན་ཉིང་(Li Wenliang) གི་གནད་དོན་ལ་བསྐྱར་ཞིབ་བྱེད་པ་སོགས་བཀོད་ཡོད་འདུག་ལ། ཞུ་ཡིག་དེར་རྒྱ་རིགས་ཚོང་གཉེར་བ་ ༥༠ ཙམ་གྱིས་རྒྱབ་སྐྱོར་མིང་རྟགས་བཀོད་ཡོད་ནའང་ཁོང་ཚོའི་བདེ་འཇགས་ཆེད་མིང་རྟགས་ཕྱིར་བསྒྲགས་བྱས་མེད་སྐོར་བརྗོད་འདུག

ཡང་ཕྱི་ཚེས་ ༢༦ ཉིན་རྒྱ་རིགས་ལས་འགུལ་བ་ལེའུ་ཏིན་ (Laodeng) གྱིས་ཊུའུ་ཝེ་ཊར་སྤྱི་ཚོགས་དྲ་ལམ་དུ་ཞི་ཅིན་ཕིན་གྱི་མིང་ཐོག་ཏུ་བྲིས་པའི་རྒྱ་ནག་གཞུང་འཛིན་ལ་བཅོས་བསྒྱུར་དགོས་པའི་ཞུ་ཡིག་ཞིག་བཀོད་ཡོད་པ་དང་། དེ་དག་ནི་རྒྱ་ནག་གི་ཆབ་སྲིད་ལམ་སྟོན་ཚན་པའི་ཚོགས་གཙོ་ཟུར་བ་ལི་རེ་ཧན་ (Li Ruihuan) དང་། སྲིད་བློན་ཟུར་པ་ཝིན་ཅཱ་པའོ་ (Wen Jiabao)། སྲིད་བློན་གཞོན་པ་ཟུར་པ་ལི་ལན་ཆིན་ (Li Lanqing)། རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ལས་ཁང་གི་དྲུང་ཡིག་ཟུར་པ་ཧུ་ཆི་ལི་ (Hu Qili)། སྲིད་བློན་གཞོན་པ་ཟུར་པ་ཐེན་ཇི་ཡན་ (Tian Jiyun) བཅས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཟུར་པ་ལྔ་ཡིས་མིང་རྟགས་བཀོད་ཡོད་པ་བརྗོད་ཡོད་པ་རེད།

སྤྱི་ཚོགས་དྲ་ལམ་གྱི་ཁ་གསལ་མེད་པའི་ཞུ་ཡིག་དེ་དག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་ལག་ཏུ་འབྱོར་ཡོད་མེད་ཤེས་ཀྱི་མེད་ནའང་། ཨ་རིར་གནས་སྡོད་བྱེད་པའི་རྒྱ་རིགས་གནད་དོན་དབྱེ་ཞིབ་པ་ཐང་ཇིན་ཡན (Tang Jinyuan) གྱིས། རྒྱ་ནག་གི་དཔོན་རིགས་ཚོའི་ཁྲོད་ཞི་ཅིན་ཕིན་གྱི་མགོ་ཁྲིད་ལ་འདོད་བློ་ཁེངས་ཀྱི་མེད་པའི་སྐད་ཆ་ཞིག་ཡོང་གི་ཡོིད་པ་དེ་ཡིས་ད་ལྟའི་ནད་ཡམས་འདི་ལ་བརྟེན། རྒྱ་ནག་གི་དམར་ཤོག་དཔོན་རིགས་ཚོའི་ཁྲོད་དུ་དབང་ཆ་འཐབ་རྩོད་ཞིག་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་སྐོར་དང་། དཔོན་རིགས་ཁག་ཅིག་གིས་ནད་ཡམས་འདི་ལ་བརྟེན་ནས་རྒྱ་ནག་གི་སྤྱི་ཚོགས་ནང་རྙོག་འཛིང་འབྱུང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེའི་ནག་ཉེས་དཔོན་རིགས་གཞན་ལ་གཡོགས་འདོད་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་སྐོར་བརྗོད་འདུག

གནས་ཚུལ་བསྡུ་སྒྲིག་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩

མཆན། 0

  1. གངས་ཟད། says:
    ལོ་ 6 སྔོན།

    རྒྱ་ནག་དམར་ཤོག་ཚོགས་པ་ཁ་འཐོར་དང་ནང་འཁྲུག་ཤུགས་ཆེན་ཞིག་ཡོང་གི་ཡོད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་འབབ་ཞིག་རེད། འོན་ཏེ་ད་རེས་ཀྱི་ནད་ཡམས་ཀྱི་རྐྱེན་བྱེད་པ་ནི་ད་ལྟ་བཤད་ཚོད་དཀའ། གང་ལྟར་དེ་ལྟར་ཡོང་ཚེ་བོད་ཀྱི་གནད་དོན་དང་ཧོང་ཁོང་དེ་བཞིན་ཐེ་ཝན་ལ་སོགས་པར་གོ་སྐབས་ཡག་པོ་ཤིག་བསྐྲུན་པས་ང་ཚོས་ངེས་པར་དུ་དམ་འཛིན་དང་རེ་ལྟོས་བྱེད་དགོས་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese