མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་རྩོད་པ་སོགས་མི་གྲངས་ ༤༠ ལྷག་གིས་ཞི་ཅིན་ཕིན་ཁྲིམས་གཏུགས་བྱས།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་གཞུང་གིས་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་སྦེད་གསང་བྱས་ཏེ་ད་ཆ་འཛམ་གླིང་ཡུལ་ལུང་མང་པོའི་ནང་ཁྱབ་སྟེ་མི་གྲངས་འབུམ་བརྒྱད་ལྷག་ལ་ཚེ་སྲོག་གི་ཉེན་ཁ་བཟོས་ཡོད་པས་ཁྲིམས་གཏུགས་བྱས་འདུགདེ་རིང་ཕྱི་ཟླ་ ༤ ཚེས་ ༡ ཉིན། རྒྱ་གར་གྱི་དཔལ་འབྱོར་དུས་བབ་གསར་དང་(The Quint)གསར་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་བྱང་ཕྱོགས་ཨོ་ཊར(Uttar Pradesh)མངའ་སྡེའི་ལཱ་ཁེམ་པོར(Lakhimpur)གྲོང་ཁྱེར་གྱི་ཁྲིམས་རྩོད་པ་དང་སྤྱི་ཚོགས་ལས་འགུལ་བ་ ༤༠ ལྷག་མཉམ་འབྲེལ་གྱིས། མངའ་སྡེ་དེའི་ས་གནས་ཁྲིམས་ཁང་ལ་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཚོས་ཏོག་དབྱིབས་ནད ཡམས་སྐོར་གྱི་གནས་ཚུལ་སྦས་གསང་བྱས་ཏེ། འཛམ་གླིང་ཡོངས་སུ་ཁྱབ་ཏུ་བཅུག་པ་དང་མི་གྲངས་ས་ཡ་མང་པོའི་ཚེ་སྲོག་ཉེན་ཁར་ལྷུང་ཡོད་པའི་ནག་ཉེས་འོག་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་ཁྲིམས་གཏུགས་བྱས་ཡོད་འདུག

གནས་ཚུལ་དེའི་ཐད་ཡུལ་དེའི་ས་གནས་མཐོ་རིམ་ཉེན་རྟོག་པ་ཞིག་གིས། ད་ལྟའི་ཆར་ང་ཚོས་ཁྲིམས་གཏུགས་ཉན་ཞིབ་ཀྱི་རིམ་པ་མ་སོང་སྔོན་ལ་གནད་དོན་དེའི་ཐད་ཁྲིམས་ལུགས་ཀྱི་དགོངས་ཚུལ་བསྡུ་ལེན་བྱེད་བཞིན་ཡོད་ལ། གནད་དོན་དེ་རྒྱལ་སྤྱིའི་རང་བཞིན་གྱི་དཀའ་ངལ་ཁྲིམས་གཏུགས་ཤིག་ཆགས་ཡོད་སྟབས། ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཡོང་བར་ཁྲིམས་གཏུགས་ཉན་ཞིབ་འགྲོ་ཐུབ་ཀྱི་མེད་སྐོར་བརྗོད་འདུག

ཁྲིམས་གཏུགས་བྱེད་མཁན་ཚོའི་གྱོད་གཞི་གཙོ་བོ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཐོག་མར་ཝུ་ཧན་ནས་མཆེད་སྐབས། རྒྱ་ནག་ནང་གི་ཛ་དྲག་པའི་གནས་ཚུལ་སྦ་གསང་བྱས་པ་དང་། ད་ལྟའི་ཆར་འཛམ་གླིང་ཡུལ་ལུང་གང་སར་ཁྱབ་བརྡལ་ཕྱིན་སྟེ་མི་གྲངས་  ༤༠༠༠༠ ལ་ཉེ་བའི་ཚེ་སྲོག་ཤོར་བ་དང་། མི་གྲངས་འབུམ་ ༩ ལ་ཉེ་བར་ནད་ཡམས་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ནད་ཡམས་དེ་ཐོག་མ་ནས་ཕྱི་གསལ་ནང་གསལ་མ་བྱས་རྐྱེན་ད་ལྟའི་ཆར་མི་གྲངས་ས་ཡ་མང་པོའི་ཚེ་སྲོག་ཉེན་ཁའི་གནས་སུ་ལྷུང་ཡོད་པ་སོགས་ཀྱི་ནག་ཉེས་བཙུགས་ཡོད་འདུག

ཏོག་དབྱིབས་ནད་ཡམས་འཛམ་གླིང་ཁྱོན་ཡོངས་སུ་སྤང་ལ་མེ་མཆེད་པ་ལྟར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་དང་རྒྱ་ནག་གི་མགོ་འཁྲིད་ཚོ་ཁྲིམས་གཏུགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཉེ་སྔོན་ཕྱི་ཟླ་ ༣་ཚེས་ ༡༦ ཉིན་རྒྱ་གར་གྱི་ཤར་ཕྱོགས་བྷི་ཧར་མངའ་སྡེའི་ཁྲིམས་རྩོད་པ་སུ་དྷིར་ཀུ་མཱར་ཨོ་ཇ་(Sudhir Kumar Ojha)ཞེས་པ་ཞིག་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་། རྒྱ་གར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་སིན་ཝེ་ཏུང་གཉིས་ཁྲིམས་གཏུགས་བྱས་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ཨ་རིའི་ཧྥི་ལོ་རེ་དྷ་མངའ་སྡེའི་བྷོ་ཁཱ་རཱ་ཊོན་(Boca Raton)བྷིར་མན་ཁྲིམས་ལུགས་ཚོགས་(Berman Law Group)པས། རྒྱ་ནག་གཞུང་གིས་ཏོག་དབྱིབས་ཐད་གུན་གསབ་སྤྲོད་དགོས་པའི་དགོས་འདུན་འོག་ཁྲིམས་གཏུགས་བྱས་ཡོད་པ་རེད།

གཞན་ཡང་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་ཨ་རིའི་ཁྲིམས་རྩོད་པ་ལེ་རེ་ཁལ་མན་ལགས་ཀྱིས་གཙོ་གཉེར་བྱེད་བཞིན་པའི་རང་དབང་ལྟ་ཞིབ་ཚོགས་པ་དང་། ཊག་སཱ་སིའི་ནང་རྟེན་གཞི་བྱས་པའི་(Buzz Photos)ཞེས་པའི་པར་རིས་གསར་ཁང་གཉིས་ཀྱིས། ཏོག་དབྱིབས་ནད་ཡམས་དང་འབྲེལ་རྒྱ་ནག་གཞུང་དང་རྒྱ་ནག་གི་དམག་མི། དེ་བཞིན། ཝུ་ཧན་ནང་གི་རྒྱ་ནག་གི་ཆེས་མཐོའི་ནད་ཡམས་རིག་པ་ཞིབ་འཇུག་ལྟེ་གནས་ཁང་དང་དེའི་འགན་འཛིན་ཧྲི་ཀྲན་ལི། རྒྱ་ནག་གི་སྤྱི་ཁྱབ་དམག་དཔོན་ཁྲིན་ཝི་(Chen Wei)བཅས་ལ་ཏོག་དབྱིབས་ནད་ཡམས་ཁྱབ་སྤེལ་བཏང་བའི་ནག་ཉེས་འོག་ཨ་རིའི་གཞུང་ལ་ཁྲིམས་གཏུག་བྱས་ཡོད་པ་དང་། རྒྱ་གར་(The Quint)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་ད་ལྟའི་ཆར་བལ་ཡུལ་གྱི་མི་སེར་རྒྱ་གར་ནང་སྐྱབས་བཅོལ་ཡོད་མཁན་མང་པོས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་གང་སར་ཁྱབ་སྤེལ་བཏང་བའི་ནག་ཉེས་བཙུགས་ཏེ་ཁྲིམས་གཏུགས་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་དང་རྒྱ་ནག་གི་མགོ་འཁྲིད་ཚོ་ཁྲིམས་གཏུག་བྱེད་བཞིན་པའི་གནས་ཚུལ་ཐད། ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་རྒོལ་ལན་གྱི་སྐད་ཆ་གང་ཡང་བཤད་མེད་ན་ཡང་། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་དང་ཁྲིམས་ལུགས་རིག་པ་བ་མང་པོས་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་དང་རྒྱ་ནག་གི་མགོ་འཁྲིད་ཚོ་ཁྲིམས་གཏུགས་བྱེད་བཞིན་པར་དངོས་སུ་གྲུབ་འབྲས་ཐོན་མི་སྲིད་ན་ཡང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་སྣང་བརྙན་དང་འབྲེལ་ལམ་སོགས་ཀྱི་ཐད་ནས་རྒྱ་ནག་ལ་གནོད་པ་ཆེན་པོ་ཐེབས་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

སྐར་མ ༢༧ སྔོན་ལ།
སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག ༡༡།༥།༢༠༢༦
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

ཆུ་ཚོད་ ༦ སྔོན་ལ།
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨

མཆན། 1

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    བོད་དེ་ རྒྱ་ཡིས་ཆ་ཤས་ རྒྱ་ཡིས་ཆ་ཤས་ སྤྲེལ་ལད་ཆེ་དྲག་ན་ ཡོང་རྒྱུ་འདི་ བ། ད་ ཁྲིམས་གཏུགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese